དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-10-24 08:24:35   |   3565

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས23ཉིན་གྱི་སྔ་དྲོར། ཀྲུང་གོའི་བུད་མེད་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་མགོ་བརྩམས། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་རྣམས་ཚོགས་འདུར་ཕེབས་ཤིང་རྟེན་འབྲེལ་ཞུས། ཏིང་ཞུའེ་ཞང་གིས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཤིས་ཚིག་ཕུལ།

    2.jpg

  • ཚེས23ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཀྲུང་ཧྭའི་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་དུ་གླེང་མོལ་གནང་བ་དང་གསུང་བཤད་གལ་ཆེན་གནང་།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཁོ་ལོམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཀུའུ་སི་ཐ་ཝོ•ཕེ་ཐེ་ལོ•ཝུའུ་ལེ་ཀེ་ཟླ10པའི་ཚེས24ནས26ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་རྒྱུ་རེད།

  • རྒྱལ་ཁབ་སྦྲག་སྲིད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས23ཉིན་གྱི་སྔ་དྲོར། རང་རྒྱལ་གྱི་ད་ལོའི་མྱུར་སྐྱེལ་དངོས་རྫས་ཨང་དུང་ཕྱུར1000ཐོན་པ་དེ་ན་ནིང་ལས་ཉིན39ཡིས་སྔ་སྣུར་བྱས་ཡོད།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བསམ་འཆར་ཁྱབ་བསྒྲགས་བྱས་ཏེ། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དཀྲོག་གཏམ་བཟོས་ཏེ་དམངས་གཉེར་ཁེ་ལས་ལ་ངན་བཤད་པའི་ཁྲིམས་འགལ་བྱ་སྤྱོད་ལ་ལྟ་སྐུལ་དང་ཡོ་བསྲང་བྱེད་དགོས་ཞེས་བཏོན།

  • ཚེས23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའི་བདེ་འཇགས་གཞུང་ལས་ཁང་གིས་སློབ་གྲྭའི་བཟའ་བཅའི་བདེ་འཇགས་དོན་རྐྱེན་ཐད་དུ་ནན་ཁྲང་དང་ཐང་ཧྲན་ས་གནས་གཉིས་ཀྱི་མི་དམངས་སྲིད་གཞུང་གི་འགན་འཁུར་བ་གཙོ་བོར་སྐོང་འདྲི་བྱས།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དྲུག་པ་དེ་ཟླ11པའི་ཚེས5ནས10ཉིན་བར་ཧྲང་ཧེ་རུ་འཚོག་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་རྒྱལ་ཁབ་དང་། ས་ཁུལ། རྒྱལ་སྤྱིའི་རྩ་འཛུགས154ཡི་སྐུ་མགྲོན་ཕེབས་རྒྱུ་རེད།

    3.jpg

  • ཚེས23ཉིན། ཧང་ཀྲོའུ་ཨེ་ཤེ་ཡ་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་ཀོ་འབྱེད་དམག་གྲུའི་བུད་མེད་ཀྱིKL1རིམ་པའི་རྟིང་རྩོད་འགྲན་བསྡུར་ནང་། ཀྲུང་གོའི་འགྲན་ཞུགས་པ་ཞེ་མའོ་སན་ལ་གསེར་གྱི་རྟགས་མ་ཐོབ། དེ་ནི་སྐབས་འདིའི་ཨེ་ཤེ་ཡ་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་པོ་དེ་རེད།

    4.jpg

  • 2023ལོའི་འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆུ་རྐྱལ་འཛམ་གླིང་བུམ་པའི་འགྲན་བསྡུར་དེ་ཚེས22ཉིན་ཧང་ག་རིའི་པུ་ཏ་ཕེ་སིར་མཇུག་གྲིལ། ཀྲུང་གོའི་འགྲན་ཞུགས་པ་ཆན་ཧའེ་དབྱང་ལ་སྐྱེས་པའི་ཚན་ཆུང་གི་ལོ་འཁོར་གྱི་སྤྱིའི་ཨང་དང་པོ་ཐོབ།

    སྤྱི་ཚོགས།

5.jpg

  • རང་རྒྱལ་གྱིས་ཨར་ཏུའོ་སི་གཤོང་སའི་ཤར་མཚམས་ནས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་སྟོང་ཟིན་པའི་རྡོ་སོལ་བང་རིམ་གྱི་རླངས་ཞིང་རྙེད། ས་གཤིས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1100ལྷག་ཙམ་ཟིན་ཡོད་པ་རེད།

    6.png

  • ཀྲུང་དབྱང་དངུལ་ཁང་གིས་ཚེས30ཉིན2024ལོའི་དོམ་ཁྲའི་གསེར་གྱི་དྲན་རྟེན་དངུལ་ལོར་འགྲེམ་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས།

  • རྒྱལ་ཁབ་རྡོ་ཐ་ཆེད་འཚོང་ཅུའི་དེ་སྔའི་ཏང་ཙུའི་ཧྲུའུ་ཅིའམ་ཅུ་ཀྲང་ལིང་ཁྲེང་ཞིན་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • ཉེ་ཆར། མི་འགས“སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་པ”ཡི་མིང་ཐོག་ནས་ཁེ་ལས་སུ་སོང་སྟེ་ཞིབ་བཤེར་བྱེད་བཞིན་འདུག སྐྱེ་ཁམས་ཁོར་ཡུག་པུས་གསལ་བསྒྲགས་སྤེལ་དོན། བྱེད་སྒོ་དེ་རིགས་ལ་དབང་ཆ་སྤྲད་མེད་པས་མགོ་སྐོར་འོག་ཚུད་རྒྱུ་སྔོན་འགོག་བྱེད་དགོས་ཟེར།

  • ཚེས22ཉིན། གསར་དུ་བསྐོ་གཞག་བྱས་པའི་ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་སུང་ཁའེ་ཡིས་བསྟན་དོན། ཀྲུང་གོའི་རྐང་རྩེད་སྤོ་ལོས་མ་འོངས་པར་བློ་ཐག་རྦད་ཆོད་ཀྱིས “རྒྱང་སྐྱོད་ལམ་བུའི”ཐོག་བསྐྱོད་དགོས་པ་དང་། གཞོན་ནུའི་སྦྱོང་བརྡར་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱེད་དགོས་ཞེས་བཤད།

    7.jpg

  • ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་། མིང་དུ་གྲགས་པའི་རྩིས་རིག་མཁས་ཅན་དབྱང་ལེ་སྙུང་གཞི་ཡི་རྐྱེན་པས་སྨན་བཅོས་བྱས་ཀྱང་མ་ཕན་པར་ཚེས22ཉིན་པེ་ཅིང་དུ་སྐུ་གཤེགས། སྐུ་གཤེགས་སྐབས་དགུང་ལོ83ཡིན་པ་རེད།

    8.jpg

  • ཉེ་ཆར་རྟོག་དཔྱད་མི་སྣས་ལྷ་ས་གྲོང་ཁྱེར་གྱི་ས་ཁོངས་སུ་གསའ་ཡིས་ཕྲུ་གུ་ཁྲིད་པའི་པར་བླངས། དེ་ཡིས་ལྷ་ས་འདི་ཉིད་གསའ་ཡི་འཚོ་གནས་བྱ་ཡུལ་དུ་འགྱུར་བཞིན་ཡོད་པ་མཚོན་ཡོད།

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་རྩ་གསུམ་དཔེ་དབྱིབས་བཟོ་བ་དང་འཕྲུལ་ཆས་འདྲ་བཟོའི་ཚོད་ལྟ་སོགས་བྱ་ཐབས་གསར་པ་བརྒྱུད། ལོ་དུང་ཕྱུར་གཅིག་གི་གོང་གི་གྲོག་མས་རྔོན་བྱེད་པའི་བརྒྱུད་རིམ་བསྐྱར་བཟོ་བྱས་ཤིང་། འབྲེལ་ཡོད་དཔྱད་འབྲས་ཉེ་ཆར《རྒྱལ་ཁབ་ཀྱི་ཚན་རིག་དཔྱད་གཏམ》ཞེས་པའི་རིག་གཞུང་དུས་དེབ་ཐོག་སྤེལ་ཡོད།

  • ལེན་ཡུན་གྲུ་ཁའི་མཚོ་དོན་ཅུས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་སྟེ། ཚེས24ནས29ཉིན་བར། ཉིན་རེའི་ཆུ་ཚོད8པ་ནས18བར་ཧོང་ཧའེ་ཡི་ལྷོ་རྒྱུད་ཀྱི་མཚོ་ཁོངས་ཁག་ཅིག་ཏུ་མཚོ་ཐོག་མདའ་འཕེན་པའི་ཚོད་ལྟ་བྱ་རྒྱུ་ཡིན་པས། མཚོ་བསྐྱོད་བྱ་མི་ཆོག་ཅེས་བསྟན།

    10.jpg

  • ཉེ་ཆར། ཏ་ལེན་ཀྲོའུ་ཧྲུའེ་ཙི་གནམ་ཐང་འགག་སྒོས་རྒྱལ་ཁོངས་སུ་ཡོང་མཁན་གྱི་གནས་སྐོར་བ་གཅིག་གིས་འཁྱེར་བའི“བདེ་སྲུང་རྡོ”ཡི་ཉིང་རྡུལ་འགྱེད་འཕྲོའི་ཚད་ལྡབ1050ལས་བརྒལ་བ་ཤེས་རྟོགས་བྱུང་བ་དང་། བརྟག་དཔྱད་བྱས་པ་བརྒྱུད་འབྲས་སྐྲན་ཕོག་ཏུ་འཇུག་ཐུབ་པའི་དངོས་པོ་རིགས1པོ་སྟེ་ཐུའུ-232ཡིན་པ་རེད།

    སྲིད་ཇུས།

  • ཐེན་ཅིན་གྱིས་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལེགས་སྒྲིག་བྱས། ལེགས་སྒྲིག་བྱས་རྗེས་ཀྱི་ཟླ་རེའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་དང་ཉིན་གང་ལམ་ལུགས་མིན་པའི་ལས་མི་བཀོལ་བའི་ཆུ་ཚོད་རེའི་གླ་ཕོགས་ཚད་གཞི་སོ་སོར་སྒོར2320དང་སྒོར24.4ཡིན།

  • ཚེས23ཉིན་ནས་བཟུང་། ཧོ་པེའི་ས་ཁུལ་དང་གྲོང་ཁྱེར་ཚང་མར་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རྟགས་ལ་བརྟེན་ཏེ་འགྲོ་འོང་ཚོད་འཛིན་བྱེད་པའི་བྱེད་ཐབས་མེད་པར་བཟོས་པ་དང་། དེ་ཡིས་མང་ཚོགས་ཀྱི་འགྲོ་འོང་ལ་སྟབས་བདེ་བསྐྲུན་ཡོད།

  • ཧོ་ནན་གྱིས་བསམ་འཆར་ཁྱབ་བསྒྲགས་བྱས་པ་སྟེ། བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་བདེ་ཐང་བཟའ་བཏུང་གི་གོམས་གཤིས་གསོ་སྐྱོང་བྱེད་རོགས་བྱས་ཏེ་ཟ་མ་ཟ་མཁན་མི་གྲངས300ཡན་ཟིན་པའི་སློབ་གྲྭ་ཆུང་འབྲིང(བུ་བཅོལ་ཁང)ལ་བཟའ་བཅའི་དགེ་རྒན་བཀོད་སྒྲིག་བྱ་རྒྱུའི་སྐུལ་ལྕག་བྱས།

    དེ་རིང་གི་གནམ་གཤིས།

  • ཞིན་ཅང་གི་ནུབ་བྱང་རྒྱུད་དང་། བོད་ལྗོངས་ཀྱི་བྱང་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཀན་སུའུ་ཡི་ལྷོ་ནུབ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཆར་པ་འབབ་རྒྱུ་རེད། ལིའོ་ཉིང་གི་ཤར་རྒྱུད་དང་། ཅི་ལིན་གྱི་ཤར་རྒྱུད། ཡུན་ནན་གྱི་དབུས་ནུབ་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད་དང་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་ཀྱི་ས་ཁུལ་ཁག་ཅིག་ལ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།