དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལའི་དགུ་བའི་ཚེས་དགུའི་རྐང་བགྲོད་འགྲན་སྡུར་མཇུག་བསྒྲིལ།

2023-10-24 10:28:01   |   3497

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


 ཟླ10བའི་ཚེས23ཉིན་གྱི་ཕྱི་དྲོར། འགྲན་ཞུགས་ལུས་རྩལ་པ་ཡོངས་ཀྱིས་སྙིང་རུས་ཆེན་པོས་འབད་འཐབ་བྱས་པ་དང་ལས་དོན་མི་སྣ་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། “ནུབ་ལམ་དམག་གི་གཏམ་རྒྱུད་ལེགས་པོར་འཆད་ནས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཨ་མྱེས་སྟོང་སོར་རྐང་བགྲོད་བྱེད་པའི”2023མདོ་ལའི་དགུ་བའི་ཚེས་དགུའི་དུས་ཆེན་གྱི་རྐང་བགྲོད་འགྲན་སྡུར་ཆེན་མོ་དགའ་འབོད་དང་ཁ་གཡང་གི་ཁྲོད་ནས་བདེ་བླག་ངང་མཇུག་བསྒྲིལ།

1.jpg

  རྫོང་ཨུའི་ཧྲུའུ་ཅི་ཧོ་པིན་དང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨན་ཧྲིན་ཧུའེ། ཞིང་ཆེན་དགུན་དུས་རྣམ་གྲངས་དང་ཕྱི་ཡུལ་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་མཱ་གོ་ལཱང་། རྫོང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཧུའེ་ལིན། རྫོང་དཔོན་གཞོན་པ་ལྕགས་ཐར་བཅས་ཀྱིས་བྱ་དགའ་ཐོབ་པའི་འགྲན་ཞུགས་པར་བྱ་དགའ་སྤྲད།

3.jpg

4.jpg

5.jpg

  རྫོང་དཔོན་གཞོན་པ་མཱ་ཞའོ་ཆིན་གྱིས་བྱ་དགའ་སྤྲོད་པའི་མཛད་སྒོར་གཙོ་སྐྱོང་གནང་།

6.jpg

 འགྲན་སྡུར་དེ་འགྲན་སྡུར་ཚོགས་ཆུང་དང་ཉམས་ལེན་ཚོགས་ཆུང་། དམིགས་བསལ་གདན་ཞུའི་ཚོགས་ཆུང་བཅས་སུ་ཕྱེ། འགྲན་སྡུར་གྱི་ལམ་ཐིག་བར་ཐག་སྤྱི་ལེ29ཡོད་པ་དང་ཨ་མྱེས་སྟོང་སོ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་སྣེ་ལེན་ལྟེ་གནས་ནས་མགོ་བརྩམས་ཏེ(ས་བབ་མཐོ་ཚད་སྨི2750)—བྲག་ཚ་ཚའི་རྩེ(ས་བབ་མཐོ་ཚད་སྨི3500)—ཨ་མྱེས་སྟོང་སོ་མཛེས་ལྗོངས་ཁུལ་གྱི་ཤར་སྒོའི་འབུད་གནས(ས་བབ་མཐོ་ཚད་སྨི3300)——ཨ་མྱེས་སྟོང་སོ་མཛེས་ལྗོངས་ཁུལ་གྱི་སྣེ་ལེན་ལྟེ་གནས་སུ་མཇུག་བསྡུས། ཉམས་ལེན་ཚོགས་ཆུང་དང་དམིགས་བསལ་གདན་ཞུའི་ཚོགས་ཆུང་གི་ལམ་ཐག་ཧྲིལ་བོར་སྤྱི་ལེ9ཡོད་པ་དང་། ཨ་མྱེས་སྟོང་སོ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་སྣེ་ལེན་ལྟེ་གནས་ནས་མགོ་བརྩམས་ཏེ། (ས་བབ་མཐོ་ཚད་སྨི2750)——མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ས་ཚིགས——བྲག་ཚ་ཚའི་རླངས་འཁོར་འཇོག་གནས(ས་བབ་མཐོ་ཚད་སྨི3100)སུ་མཇུག་བསྡུས། འགྲན་སྡུར་བྱེད་སྐབས་སོ་སོར་འཕྲལ་སྡོམ་རོགས་སྐྱོབ་ས་ཚིགས་དང་གསབ་སྤྲོད་ས་ཚིགས། བསྡུ་ཉར་ས་ཚིགས་བཅས་བཙུགས་ནས་བདེ་འཇགས་འགན་ལེན་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱས།

7.jpg

8.jpg

  སྔ་དྲོའི་ཆུ་ཚོད11ཐོག ཞིང་ཆེན་ཕྱི་ནང་ནས་ཡོང་བའི་རྐང་བགྲོད་དགའ་མོས་མཁན600ལྷག་ཙམ་མདོ་ལ་ཨ་མྱེས་སྟོང་སོ་མཛེས་ལྗོངས་ཁུལ་དུ་འཛོམས་ཏེ“ནུབ་ལམ་དམག་གི་གཏམ་རྒྱུད་ལེགས་པོར་འཆད་ནས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཨ་མྱེས་སྟོང་སོར་རྐང་བགྲོད་བྱེད་པའི”2023མདོ་ལའི་དགུ་བའི་ཚེས་དགུའི་དུས་ཆེན་གྱི་རྐང་བགྲོད་འགྲན་སྡུར་ཆེན་མོ་མགོ་ཚུགས།

10.jpg

11.jpg

མེ་མདའི་སྒྲ་གྲགས་པ་དང་བསྟུན། འགྲན་ཞུགས་པ་ཚོས་དཔའ་ངར་དང་ཧུར་བརྩོན་བསྐྱེད་དེ་ཨ་མྱེས་སྟོང་སོ5Aརིམ་པའི་མཛེས་ལྗོངས་ཁུལ་དུ་བསྐྱོད་ཅིང་། “རི་བོས་ལྗོངས་ཀུན་བསྐོར་བ་དང་། མི་རྣམས་རི་ཁྲོད་རྒྱུག་པའི”ཐུན་མོང་མ་ཡིན་པའི་སྤྲོ་སྣང་ལོངས་སུ་སྤྱད། ཨ་མྱེས་སྟོང་སོའི་རི་རྩེ་གངས་ཀྱིས་གཡོགས་པ་དང་། རི་འདབས་ནགས་ཚལ་གྱིས་ཁེངས། རབ་དཀར་གངས་རི་དང་གནམ་སྔོན་སྤྲིན་དཀར་གྱི་འོག་ཏུ། ལུང་ཤུར་དང་ནགས་ཚལ། རྩྭ་ཐང་། གངས་རི། ཀྱག་ཀྱོག་གི་རི་སྐེད་གཞུང་ལམ་བཅས་མཛེས་སྡུག་ལྡན་པའི་རི་མོ་ཞིག་དང་འདྲ་བར་མི་རྣམས་ཀྱི་ཡིད་དབང་འཕྲོག་པར་བྱེད། གྲོང་ཁྱེར་གྱི་འུར་ཟིང་དང་བྲལ་ནས་རང་བྱུང་ཁམས་དང་ཉེ་བར་བཅར་ཞིང་། གོམ་མཚམས་རེ་རེ་མཛེས་ལྗོངས་རེར་གྲུབ་ཅིང་རི་ཆུ་ཕན་ཚུན་བསྣོལ་མར་བཀྲ་བའི་ལམ་ཐིག་ཁྲོད། འགྲན་ཞུགས་པ་རྣམས་ཀྱིས་དབང་མེད་དུ་གོམ་མཚམས་བཞག་སྟེ་དྲན་རྟེན་འདྲ་པར་བསྐྱོན།

12.jpg

ཛ་དྲག་གི་འགྲན་སྡུར་བརྒྱུད། འགྲན་ཞུགས་མཁན་ཀྲའོ་གོ་ཚུན་གྱིས་ཆུ་ཚོད3དང་སྐར་མ4སྐར་ཆ45ཡི་གྲུབ་འབྲས་ཐོག་འགྲན་སྡུར་གྱི་སྐྱེས་པའི་ཚོགས་ཆུང་ལས་ཨང་དང་པོ་བླངས་པ་དང་། དབྱང་ཁྲེང་ཞང་དང་ལི་ཅི་ཐའོ་གཉིས་ལ་འགྲན་སྡུར་སྐྱེས་པའི་ཚོགས་ཆུང་གི་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ། འགྲན་ཞུགས་པ་ཞུང་པིན་གྱིས་ཆུ་ཚོད3དང་སྐར་མ20སྐར་ཆ55ཡི་གྲུབ་འབྲས་ཐོག་འགྲན་སྡུར་བུད་མེད་ཚོགས་ཆུང་གི་ཨང་དང་པོ་བླངས་པ་དང་། གཡང་ཕྱུག་ལྷ་མོ་དང་ཆོས་བཟང་སྒྲོལ་མ་སོ་སོར་འགྲན་སྡུར་བུད་མེད་ཚོགས་ཆུང་གི་ཨང་གཉིས་པ་དང་གསུམ་པ་ཐོབ། འགྲན་ཞུགས་པ་ཝང་དབྱིང་ལི་དང་ཧན་ཆཱང་། དཀོན་མཆོག་རབ་དགའ་བཅས་ལ་སོ་སོར་སྐྱེས་པའི་མང་ཚོགས་ཚོགས་ཆུང་གི་ཨང་དང་པོ་གསུམ་པ་ཐོབ། ཏིན་ཅིན་དང་ལི་ཆོས་བཟང་། ཚེ་རིང་མཚོ་བཅས་ལ་སོ་སོར་མང་ཚོགས་བུད་མེད་ཚོགས་ཆུང་གི་ཨང་དང་པོ་ནས་གསུམ་པའི་བར་ཐོབ།“ནུབ་ལམ་དམག་གི་གཏམ་རྒྱུད་ལེགས་པོར་འཆད་ནས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཨ་མྱེས་སྟོང་སོར་རྐང་བགྲོད་བྱེད་པའི”2023མདོ་ལའི་དགུ་བའི་ཚེས་དགུའི་དུས་ཆེན་གྱི་རྐང་བགྲོད་འགྲན་སྡུར་ཆེན་མོ་བདེ་བླག་ངང་སྤེལ་བ་དེས། མདོ་ལའི་མི་དམངས་ཀྱི་དཔའ་ངར་ཆེར་བསྐྱེད་དང་ཡར་རྒྱས་བརྩོན་ལེན་གྱི་བསམ་པའི་ཉམས་འགྱུར་ཕྱོགས་ཡོངས་ནས་མངོན་པ་དང་། རྫོང་ཡོངས་ཀྱི་མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱེད་སྒོ་དང་དམངས་ཡོངས་ལུས་སྦྱོང་ལུས་རྩལ་གྱི་ཡར་རྒྱས་གོང་འཕེལ་ལ་སྐུལ་འདེད་བཏང་ཞིང་། ལྷ་ཁམས་མདོ་ལའི་ཕྱོགས་ཡོངས་ཀྱི་གྲགས་པ་དང་སྙན་པ་གོང་དུ་སྤེལ། རྫོང་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་རྣམས་ཀྱིས་ལུས་སྦྱོང་རྐང་བགྲོད་བྱེད་སྒོའི་གཞི་རྟེན་འདིར་བརྟེན་ནས། མདོ་ལའི་དཔལ་འབྱོར་སྤྱི་ཚོགས་དང་ལས་སྒོ་སྣ་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་དྲག་པོ་འདོན་པ་དང་། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་མདོ་ལ་གསར་བ་འཛུགས་སྐྲུན་གྱི་སླད་དུ་བྱས་རྗེས་འབུལ་བར་སྐུལ་སློང་བྱས།


མཉམ་སྤྱོད།