དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དགུ་པའི་ཚེས་དགུའི་དུས་ཆེན་སྐབས་སུ། མཚོ་བྱང་ཁུལ་གྱིས་རྒན་བཀུར་རྒན་གཅེས་ཀྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ།

2023-10-24 16:55:16   |   3026

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བ་དང་།  ཏང་དང་སྲིད་གཞུང་གིས་རྒན་པ་ལ་ཐུགས་ཁུར་བྱེད་པ་བརྒྱུད་སྒྲོག་བྱེད་ཆེད། ཟླ10པའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་མགོ་ཁྲིད་ཀྱི་སྣེ་ཁྲིད་དེ། ཁུལ་སྤྱི་ཚོགས་ཕན་བདེ་གླིང་དུ་བསྐྱོད་དེ“རྒན་བཀུར་རྒན་གཅེས་ཀྱི་བརྩེ་སེམས་རབ་ཏུ་འཕེལ”ཞེས་པའི་འཚམས་འདྲིའི་བྱེད་སྒོ་སྤེལ་ཞིང་། ནུབ་མཚོ་གྲོང་རྡལ་གྱི་ཏང་ཡོན་རྒན་པ་དང་། ལོ་ན་མཐོ་བའི་རྒན་པ། དཀའ་ཁག་ཅན་གྱི་རྒན་པ་བཅས་ལ་འཚམས་འདྲི་གནང་ཞིང་། ཁོ་ཚོ་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས།

1.jpg

ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་གྱི་ཚན་ཁག་ཆེན་མོ་བཞིའི་ཚབ་བྱས་ཏེ། དགུ་པའི་ཚེས་དགུའི་དུས་ཆེན་དང་རྒན་པའི་དུས་ཆེན་ལ་ཤིས་ཚིག་ཕུལ། ཁོང་གིས་བསྟན་དོན། རྒན་བཀུར་མཁས་བཀུར་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རྒན་པའི་ལས་དོན་དང་རྒན་གསོ་ཞབས་ཞུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐབས་ཇུས་བཀོད་སྒྲིག་ཁག་སྔར་བས་དོན་འཁྱོལ་བྱས་ཏེ། རྒན་པ་རྣམས་ཀྱིས་དོ་ཁུར་ཆེ་ཤོས་ཀྱི་གནས་དང་། དངོས་ཡོད་ལག་ཐོག་གི་གནད་དོན་དག་ཐག་གཅོད་ཡག་པོ་བྱས་ཏེ། རྒན་པའི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། རྒྱ་ཆེའི་རྒན་པ་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གྲུབ་འབྲས་གསར་པ་དེ་བས་ལེགས་པའི་སྒོ་ནས་མཉམ་སྤྱོད་ཐུབ་པ་བྱེད་དགོས། རེ་བ་ནི་རྒྱ་ཆེའི་རྒན་པ་རྣམས་ཀྱིས་བདེ་ཐང་ལྟ་བ་བཅངས་ཏེ་ལོ་ན་མཐོ་བའི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། རྒས་ཀྱང་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་པ། མུ་མཐུད་དུ་ནུས་ཤུགས་འབུལ་བ་བཅས་བྱས་ཏེ། “མཚོ་བྱང་ལྔ”མགྱོགས་མྱུར་བསྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན།

བྱེད་སྒོ་སྤེལ་ཡུལ་དུ། མགོ་ཁྲིད་ཚོས་རྒན་པ་རྣམས་དང་བྱམས་བརྩེའི་གླེང་མོལ་གནང་ཞིང་། ཁོ་ཚོ་ལ་མེ་ཏོག་དང་འཚམས་འདྲིའི་ལག་རྟགས་སྤྲད་ལ། དུས་ཆེན་གྱི་སྤྲི་གོར་ཕུལ། དེ་དང་ཆབས་ཅིག རྒན་པ་རྣམས་ཀྱིས་ཀྱང་ཏང་ཨུ་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུས་ཤིང་། ནམ་ཡང་ཏང་གི་རྗེས་འབྲངས་ཏེ་ནུས་ཤུགས་མུ་མཐུད་དུ་འདོན་པའི་ཡིད་ཆེས་དང་ཆོད་སེམས་བཤད། ལྷག་པར་དུ་ཏང་ལོ50ལྷག་ཙམ་ཡོད་ཅིང་། ལོ40ལྷག་ཙམ་ལ་གྲོང་ཚོའི་ལས་བྱེད་པ་བྱས་མྱོང་བའི་མདའ་བཞི་རྫོང་ཝ་མགྱོགས་ཤང་གི་མཚོ་ཆུང་སྡེ་བའི་ལོ87ལ་སླེབས་པའི་རྒན་པ་འཇའ་དཔལ་གྱིས་སེམས་འགུལ་ཆེན་པོའི་ངང་བཤད་རྒྱུར། “དུས་ཆེན་གྱི་སྨོན་འདུན་འབྱོར་བས་སེམས་པ་རབ་ཏུ་སྤྲོ། ཏང་ཡོན་རྒན་པ་ཞིག་ཡིན་པའི་ཆ་ནས། ཏང་དང་སྲིད་གཞུང་གིས་ང་ཚོ་ལ་གནང་བའི་ཐུགས་ཁུར་དང་རྒྱབ་སྐྱོར་ཚོར་བྱུང་། མཚོ་བྱང་གི་འཕེལ་རྒྱས་ནི་ང་ཚོས་སེམས་འཁུར་བྱེད་སའི་གནས་ཡིན་པས། རྗེས་ཕྱོགས། ང་ཚོས་མུ་མཐུད་དུ་ཕ་ཡུལ་འཛུགས་སྐྲུན་ལ་སེམས་ཁུར་དང་ཐབས་ཇུས་འདོན་རྒྱུ་ཡིན”ཞེས་བཤད།

5.jpg

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་དབྱང་ཧའེ་ལུང་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཆེ་ཝང་ཡུང་ཁྲང་། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལིན་བཅས་བྱེད་སྒོར་ཞུགས།


མཉམ་སྤྱོད།