མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས18ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-10-25 08:13:47   |   3009

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་ཧྭ་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ70འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཤིང་། ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་བཀྲ་ཤིས་རྟེན་འབྲེལ་ཞུས་པ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་ཡོངས་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་།

  • ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་ཡིག་ཨང་བཅུ་གཉིས་པ་དང་། བཅུ་གསུམ་པ། བཅུ་བཞི་པ་བཅས་ཀྱི་ཐོག་མིང་རྟགས་བཀོད།

    1.jpg

  • ཚེས24ཉིན་གྱི་ཆུ་ཚོད4:03སྟེང་། རང་རྒྱལ་གྱིས་ཤི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་རྒྱང་ཚོར་ཨང་སོ་དགུ་པའི་སྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱས།

  • ཚེས24ཉིན། ལྷ་གྲུ་ཨང་བཅུ་བདུན་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ལས་འགན་གྱིས་ཁུལ་ཡོངས་ཀྱི་མཉམ་སྦྱོང་རྩ་འཛུགས་བྱས་པ་མ་ཟད། འཕེན་གཏོང་མ་བྱས་གོང་གི་གྲ་སྒྲིག་ལས་དོན་ཁག་ལེགས་པར་བསྒྲུབས།

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་གསུམ་པར་མི་ཐེངས་དུང་ཕྱུར1.23ས་མཚམས་ནས་འགྲོ་འོང་བྱས། དུས་མཚུངས་ལས454.4%འཕར་ཡོད།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དགུ་པའི་ཟླ་མཇུག་བར་དུ། གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཚོགས་པའི་མགོ་བ་གལ་ཆེན་དང་རྐང་འཛིན་པ387འཛིན་བཟུང་བྱས་ཡོད།

  • ཚེས24ཉིན། ཚོང་དོན་པུས་རང་རྒྱལ་གྱི་རྒྱལ་མཚམས་སྒྲོལ་བའི་དྲ་འཚོང་གི་ཚོང་དོན་གྲོགས་པོ་གོ་ལ་ཧྲིལ་པོར་ཁྱབ་ཡོད་ཅིང་། གོ་ལ་ཧྲིལ་པོའི་རྒྱལ་མཚམས་སྒྲོལ་བའི་དྲ་འཚོང་སྐྱེ་ཁམས་འབྲེལ་ཐག་འཐུས་སྒོ་ཚང་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད་ཅེས་བསྟན།

  • ཚེས24ཉིན། ཀྲུང་ཨའི་དཔལ་འབྱོར་ལས་དོན་ཚོགས་ཆུང་གིས་བརྙན་ལམ་ནས་ཚོགས་འདུ་ཐེངས་དང་པོ་འཚོགས།

    2.png

  • འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་འཁོར་གྱི་ཆུ་རྐྱལ་ལུས་རྩལ་པ་ཡག་ཤོས་ཀྱི་དཔྱད་འདེམས་དེ་ཚེས23ཉིན་ཧང་ག་རིའི་པུ་ཏ་ཕེ་སིར་ཡོངས་བསྒྲགས་བྱས་པ་དང་། ཀྲུང་གོའི་ལུས་རྩལ་པ་ཆན་ཧའེ་དབྱང་ལ་སྐྱེས་པའི་ཆུ་རྐྱལ་ལུས་རྩལ་པ་ཆེས་ལེགས་ཤོས་ཀྱི་མཚན་སྙན་ཐོབ།

    སྤྱི་ཚོགས།

  • མཁའ་རླུང་གྲང་མོའི་ཤུགས་རྐྱེན་དབང་གིས་ཚེས24ཉིན་གྱི་མཚན་མོ་ནས་ཚེས26ཉིན་བར། བྱང་ཤར་དང་ཧྭ་བྱང་གི་དབུས་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད4~6℃མར་ཆག་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད་8~10℃མར་ཆག་རྒྱུ་རེད།

  • ཚེས24ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་འཁོར་དང་ཁྲའེ་སྣུམ་གྱི་རིན་གོང་ཏུན་རེར་སྒོར70མར་བབས་ཡོད།

    3.jpg

  • ཀྲུང་གོ་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་ལེན་བྱས་པ་ལྟར་ན། ཚེས24ཉིན་གྱི་ཆུ་ཚོད19:32སྟེང་། ཀན་སུའུ་ཅིའུ་ཆོན་གྲོང་ཁྱེར་སུའུ་པེ་རྫོང་དུ་ས་ཡོམ་རིམ་པ5.5ཅན་བྱུང་། ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྟོང་སྨི10ཡོད།

  • ཉེ་ཆར། ཧུའུ་ནན་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀོང་ཏུང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ལི་ཁྲུན་ཧྲེང་གིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས།

  • ཉེ་དུས། དྲ་འཕྲིན་སྡེ་ཚན་གྱིས་སྤྱི་པའི་སྲིད་ཇུས་དང་སྤྱི་ཚོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་དཀྲོག་གཏམ་བཟོ་བའི་རྩིས་ཐོའི་ཨང་གྲངས1781ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས། ཞིབ་འཕྲིན།

    4.jpg

  • ཚེས24ཉིན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་ཞུའེ་ཆི་ཁུན་ལ་རྒྱལ་སྤྱིའི་འདུས་ཚུལ་དངོས་ཁམས་ཁྱབ་ཁོངས་ཀྱི་བྱ་དགའ་མཐོ་ཤོས་ཏེ་པ་ཁེ་ལི་བྱ་དགའ་ཐོབ། འདི་ནི་ལོ་ངོ70ཡི་རིང་དུ་པ་ཁེ་ལི་བྱ་དགའ་ཐོག་མར་ཀྲུང་གོའི་མི་ལ་ཐོབ་པ་ཡིན།

  • རང་རྒྱལ་གྱི་ཚན་རིག་པས་གོ་ལ་ཧྲིལ་པོའི110GHzསྭེལ་རྐྱང་པའི་སྙོམས་སྒྲིག་འཕྲུལ་ཆས་ཐོག་མ་ཞིབ་བཟོ་བྱས། འདི་ཡིས་མྱུར་བགྲོད་གཞུང་ལམ་དང་། བར་ཐག་ཐུང་བའི་གཞི་གྲངས་ལྟེ་གནས། འོད་འཕྲིན་བེད་སྤྱོད་བཅས་ལ་འགག་རྩའི་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་ཐུབ།

  • ཝུའུ་ཧན་ཉེན་རྟོག་ཕྱོགས་ཀྱིས་ཉེ་ཆར་དྲ་ཐོག་གི“རྒྱན་འཛུགས” སྐོར་གྱི་མགོ་སྐོར་གཏོང་བའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་ཅིང་། ཉེས་གསོག་དོགས་ཅན124བཟུང་བ་དང་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་སྟོང་ལྷག་ཙམ་ཟིན་ཡོད།  

    སྲིད་ཇུས།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་ལྔ་ཡིས་བྱ་སྤྱོད་ཇུས་གཞི་ཁྱབ་བསྒྲགས་བྱས་པ་སྟེ། ཕྱི་རོལ་ལུས་རྩལ་ཐང་གི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཚུལ་བསྟན། དེའི་ནང་དུ་ལུས་རྩལ་སྤྱི་གླིང་འཛུགས་སྐྲུན་དང་། རྒྱལ་ཁབ་ཀྱི་རྐང་བགྲོད་ལམ་ཕྲན།  སྒར་འདེབས་སའི་གནས་འཛུགས་པ་ལ་རྒྱབ་སྐྱོར་བྱེད་པ་སོགས་ཚུད་ཡོད།

  • དམངས་སྲིད་པུ་སོགས་སྡེ་ཚན་བཅུ་གཅིག་གིས་ཡིག་ཆ་བཀྲམ་སྟེ། རྒན་པའི་བཟའ་བཏུང་རོགས་སྐྱོར་ཞབས་ཞུའི་སྒྲིག་བཀོད་དེ་གྲོང་ཁྱེར་གྱི་དུས་ཚོད་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་གནས་ཁུལ་འཛུགས་སྐྲུན་ནང་བཅུག་སྟེ་ཞབས་ཞུ་སྟབས་བདེ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན།

  • ཀྲེ་ཅང་གིས་ཇུས་གཞི་བཏོན་ཏེ། གློག་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས་སྡོད་ཁང་ཁུལ་གྱིས་གཉེར་སྐྱོང་ཁེ་ལས་ལ་འཕྲིན་གཏོང་ལེ་ལག་ཚང་བའི་སྒྲིག་བཀོད་འདྲ་མཉམ་ངང་སྒོ་དབྱེ་དགོས་པ་ཁ་གསལ་བཏོན་ཡོད།

    དེ་རིང་གི་གནམ་གཤིས།

5.jpg

  • བོད་ལྗོངས་ཀྱི་བྱང་རྒྱུད་དང་མཚོ་སྔོན་གྱི་དབུས་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ཁྲུང་ཆིང་གི་དབུས་ལྷོ་རྒྱུད་དང་། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཧུའུ་པེའི་ལྷོ་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཡུན་ནན་གྱི་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་ལ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། དེའི་ནང་ཧུའུ་ནན་གྱི་བྱང་རྒྱུད་དང་ཁྲུང་ཆིང་གི་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་ལ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།