མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས04ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཆོས་དབྱིངས་སྐྱིད“གསའ་སྲུང་སྐྱོབ་ཁྱབ་གདལ་གྱི་ཕོ་ཉར”གདན་ཞུ་བྱས།

2023-10-25 10:28:16   |   2731

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


640.jpg

ཟླ10པའི་ཚེས23ཉིན། ཨོ་རྩལ་འགྲན་ཚོགས་དང་ཡ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན“ཆོས་དབྱིངས་སྐྱིད་གསའ་སྲུང་སྐྱོབ་ཁྱབ་གདལ་གྱི་ཕོ་ཉར”གདན་ཞུ་བྱས་པ་རེད། 

ཆོས་དབྱིངས་སྐྱིད་ཀྱིས་འདི་སྐད། རང་ཉིད་གསའ་སྲུང་སྐྱོབ་དཔུང་ཁག་གི་ཁོངས་མི་ཞིག་ཏུ་གྱུར་པར་ཧ་ཅང་དགའ་ཡོད། ང་ཚོ་གསའ་དང་མཉམ་དུ་མཚོ་བོད་མཐོ་སྒང་གི་ས་གཞི་ཆེན་མོར་འཚོ་ཞིང་གནས་པས།  མཚོ་བོད་མཐོ་སྒང་གི་བྱིས་པ་ཞིག་ཡིན་པའི་ངོས་ནས། གསའ་སྲུང་སྐྱོབ་བྱེད་མཁན་ཞིག་ཏུ་འགྱུར་ཐུབ་པ་ནི་ང་ལ་མཚོན་ན་དོན་སྙིང་ཆེན་པོ་ལྡན། “གསའ་སྲུང་སྐྱོབ་དང་ཁྱིམ་གཞིས་སྲུང་སྐྱོབ”ནི་ང་ཚོ་མཐོ་སྒང་དུ་གནས་པའི་མི་ཡོངས་ཀྱི་འགན་འཁྲི་དང་ལས་འགན་ཡིན། འདིར་ཚང་མ་དང་མཉམ་དུ་གསའ་སྲུང་སྐྱོབ་ལ་འབོད་སྐུལ་བཏང་ནས། གསའ་སྲུང་སྐྱོབ་ཀྱི་བྱ་གཞག་དར་སྤེལ་ལ་གཅེས་སེམས་དང་སྟོབས་ཤུགས་སྔར་ལས་ལྷག་པ་གཅིག་ཏུ་བསྡུས་ཏེ། “གསའ་སྲུང་སྐྱོབ་ཀྱི་ལམ་དུ་ང་ཚོ་མཉམ་དུ་སྐྱོད”ཅེས་པ་ལྟར་ཕན་ཚུན་ལག་གདང་སྦྲེལ་ནས་གསའ་སྲུང་སྐྱོབ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ཀྱི་གྲལ་དུ་ཞུགས་དགོས་ཟེར། 

གཞན་ཡང་། ཉིན་དེར་མཚོ་བོད་མཐོ་སྒང་གི་གསའ་སྲུང་སྐྱོབ་མནའ་འབྲེལ་གྱིlogoདང་བཀྲ་ཤིས་གཡང་རྟེན་ཡང་དངོས་སུ་ཁྱབ་སྒྲོག་བྱས་པ་རེད།

640 (1).jpg

མཚོ་བོད་མཐོ་སྒང་གི་གསའ་སྲུང་སྐྱོབ་མནའ་འབྲེལ་གྱིlogo

640 (2).jpg

མཚོ་བོད་མཐོ་སྒང་གི་གསའ་སྲུང་སྐྱོབ་མནའ་འབྲེལ་གྱི་བཀྲ་ཤིས་གཡང་རྟེན།


མཉམ་སྤྱོད།