མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས18ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཁེ་རམ་ཐང་།

2023-10-25 10:45:02   |   3421


རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་པོ་ཁེ་རམ་ཐང་ལྗོངས་ཁུལ་ནི་རྐང་ཚ་རྫོང་མཁར་གྱི་ལྷོ་ཕྱོགས་སྤྱི་ལེ15ཡི་མཚམས་ཀྱི་མཚོ་སྔོན་པོའི་བྱང་འགྲམ་དུ་ཆགས་ཤིང་། མཚོ་སྔོན་པོའི་བརླན་ས་ཆེ་ཤོས་གྲས་ཀྱི་གཅིག་དང་། སྟོན་དགུན་གཉིས་ལ་ངང་དཀར་གནས་འཆའ་ས་གལ་ཆེན་ཞིག་ཡིན། 1992ལོར་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་གྲས་སུ་ཚུད་པར་མ་ཟད། 《ཆུ་བྱ་གནས་འཆའ་སའི་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་སྤྱི་ཆིངས》སུའང་ཚུད།

640 (3).jpg

2021ལོའི་ཟླ6པའི་ཚེས8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྐང་ཚ་རྫོང་དུ་གཟིགས་ཞིབ་གནང་བར་ཕེབས་ཤིང་། ཐོག་མར་མཚོ་སྔོན་པོ་ཁེ་རམ་ཐང་དུ་ཞབས་སོར་བཀོད་ནས། མཚོ་སྔོན་ཞིང་ཆེན་གྱིས་མདོ་ལ་རིང་མོ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་པའི་གནས་ཚུལ་ངོ་སྤྲོད་ལ་གསན། དེ་ནས་ཤིང་ལམ་བརྒྱུད་ནས་ཞབས་ཐང་དུ་ལྟ་སྐོར་གནང་བས། དྭངས་ཤིང་གཙང་བའི་མཚོ་ངོས་སུ་འདབ་ཆགས་བྱ་རྣམས་གཤོག་འགྱུར་རྩེན་པ་མཐོང་། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་ཕྱོགས་ཀྱི་འཐབ་ཇུས་ཤིན་ཏུ་གལ་ཆེ་བས། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གང་ལེགས་དང་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་གང་ནུས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དོན་འཁྱོལ་ལེགས་པོ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཡག་པོ་བྱེད་དགོས་པ་ནན་སྟོན་གནང་། དེ་བས་སྐྱེ་ཁམས་ནི་ཐོན་ཁུངས་དང་རྒྱུ་ནོར་ཡིན་ལ། ང་ཚོའི་གཅེས་ནོར་ཡང་ཡིན།

ང་ཚོས་མུ་མཐུད་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་དགོངས་པ་རྒྱུན་འཁྱོངས་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་བསམ་བློ་རྒྱུན་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོ་དོན་གཉེར་ལས་སྤེལ་གྱི་སྒུལ་ཤུགས་སུ་བསྒྱུར་རྒྱུ་ཡིན་ལ། རྐང་ཚ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ཡུལ་གྱི་མཚོ་སྔོན་པོ་དཔེ་སྟོན་ཁུལ་དང་མཚོ་སྔོན་པོའི་གདོད་མའི་རིག་གནས་ཡུལ་སྐོར་ཉམས་རོལ་བྱེད་ཡུལ། མཚོ་མཐའི་ཆེས་ལེགས་པའི་ཡུལ་སྐོར་སྡུད་འགྲེམ་སྒར་ས་ཆེན་མོ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་མགྲོན་བསུ་ཁང་བཅས་སུ་བསྐྲུན་རྒྱུ་རེད།

མཛེས་སྡུག་ལྡན་པའི་ཁེ་རམ་ཐང་དུ་མཚོ་ངོགས་རབ་ཏུ་དྭངས་ལ། མཚོ་བྱའི་གཤོག་འགྱུར་རྩེན། ཉ་མོའི་འཁྱུག་འགྲོས་གསལ་ལ། ངོ་མཚར་གཏམ་རྒྱུད་མང་། གནས་མཆོག་འདི་ནི་དུས་རབས་འདིའི་དུས་མགོར་མཚོ་སྔོན་པོ་བརླན་སའི་ལྗོངས་ཁུལ་འཛུགས་སྐབས་བསྐྲུན་པ་རེད།

640 (4).jpg

ཁེ་རམ་ཐང་གི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ནི་རྟ་ནོར་ཁྲོམ་རྭ་ལབ་ཙེ་ཡིན་ལ། མིག་སྔར་བོད་ཁུལ་གྱི་ལབ་ཙེ་མཐོ་ཤོས་ཀྱང་ཡིན། ཆིང་གོང་མ་ཧྲུན་ཀྲིའི་ཁྲི་ལོ་བཅུ་པ་སྟེ1652ལོར་རྒྱལ་དབང་ལྔ་པ་ཆེན་མོ་བློ་བཟང་རྒྱ་མཚོ་མཆོག་གོང་མས་གདན་དྲངས་པ་བཞིན་པེ་ཅིན་དུ་ཆིབས་ཞལ་བསྒྱུར་ཅིང་། གོང་མ་ཧྲུན་ཀྲིས་ལམ་ཁར་མཇལ་བའི་ཟོལ་གྱིས་ཕེབས་བསུ་དངོས་སུ་ཞུས། 1653ལོར་གོང་མས་རྒྱལ་དབང་མཆོག་ལ་གསེར་ཐམ་དང་འཇའ་ས་གནང་སྟེ། “ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མ”ཞེས་པའི་ཆོ་ལོ་བསྩལ། ཕྱིར་བོད་དུ་ཕེབས་པའི་ལམ་ནས་རྐང་ཚ་བརྒྱུད་སྐབས་མཚོ་སྔོན་པོའི་འགྲམ་ནས་རྟ་ཕྱུག་ནོར་ཕྱུག་ཁྲོམ་རྭ་གསུམ་གྱི་ལབ་ཙེ་བསྟད་པ་དང་། ལབ་ཙེ་རེ་རེའི་བར་དུ་རྟའི་ཉིན་ལམ་གཅིག་རེ་ཆོད་པར་གྲགས། རྗེས་ནས་མཚོ་གཏེར་འབུལ་བར་སྟབས་བདེ་ཡོང་ཆེད། ཁེ་རམ་ཐང་དུ“རྟ་ནོར་ཁྲོམ་རྭ”གསུམ་གཅིག་ཏུ་འདུ་བའི་ལབ་ཙེ་འདི་བསྟད་པ་རེད། རྒྱལ་དབང་ལྔ་པ་ཕྱིར་བོད་དུ་ཕེབས་སྐབས་དགུང་ལོ37ཡིན་ལ། ལབ་ཙེའི་དཔངས་ལའང་སྨི37ཡོད།

རྒྱལ་དབང་ལྔ་པ་མཚོ་སྔོན་པོ་བརྒྱུད་ནས་ཕེབས་སྐབས། གོང་མའི་ཆོ་ལོ་ཐོབ་པ་དང་འགྲོ་དོན་ཐུགས་དགོངས་བཞིན་གྲུབ་པའི་སྐབས་ཡིན་པས། དགྱེས་པའི་ཞལ་ལ་གཟི་བྱིན་འབར། ཡིན་ནའང་། རྒྱལ་དབང་དྲུག་པ་ནི་རྐྱེན་སྣ་ཚོགས་ཀྱིས་བར་དུ་བཅད་པའི་ཁུར་ལྕི་བས། ཐུགས་དགོངས་སྐྱོ་སུན་འོ་བརྒྱལ་གྱི་ངང་དུ་གནས་པའི་ཟོལ་བཞེས་ཡོད་དམ། རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ནི་བོད་ཀྱི་ལོ་རྒྱུས་མི་སྣ་གྲགས་ཅན་ཞིག་ཡིན་ལ། ངག་རྒྱུན་ལ་ངོ་མཚར་བའི་གཏམ་རྒྱུད་མང་བའི་མི་སྣ་ཞིག་ཀྱང་ཡིན། བོད་བརྒྱུད་ནང་བསྟན་ཁྲོད་བླ་མེད་གོ་འཕང་མངའ་བའི་སྤྲུལ་སྐུ་ཞིག་ཡིན་ནའང་། བོད་ཀྱི་རྩོམ་རིག་ལོ་རྒྱུས་སུ་རླབས་ཆེ་བའི་སྙན་ངག་པ་ཆེན་པོ་ཞིག་ཡིན། རྒྱལ་བ་ཚངས་དབྱངས་རྒྱ་མཚོ་མཚོ་སྔོན་པོའི་འགྲམ་ནས་དབྱིངས་སུ་གཤེགས་པའི་སྐོར་ལ་གཏམ་རྒྱུད་སྣ་ཚོགས་མཆིས་ནའང་། དོན་ལ་ད་ལྟའི་བར་དུ་ལོ་རྒྱུས་ཀྱི་གསང་བ་ཞིག་ཏུ་ལུས་ཡོད། ཡིན་ནའང་། ཁོང་གི་མགུར་གླུ་ནི་ཞིམ་མངར་གྱི་བདུད་རྩི་བཞིན་ལོ་ཟླའི་ཆར་རླུང་གིས་མི་བཟད་པའི་དྲི་བསུང་གིས་ཁྱབ་ཅིང་བཞུགས།


མཉམ་སྤྱོད།