དེ་རིང་ནི2025ལོའི་ཟླ05པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས“སེམས་པ་གཅིག་ཏུ་སྦྲེལ། བརྩེ་བའི་ཀློང་གི་བོད་མཁར།”ཞེས་པའི་རྒན་པར་བྱམས་སྐྱོང་གི་བྱེད་སྒོ་སྤེལ་བ།

2023-10-25 17:03:20   |   428

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་སྔར་ལས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཏང་དང་སྲིད་གཞུང་གིས་རྒན་གསོའི་ལས་དོན་ལ་རྒྱབ་སྐྱོར་དང་རྒན་པའི་ཚེ་མཇུག་ལ་ཐུགས་ཁུར་གནང་བ་མཚོན་པར་བྱ་ཆེད། ཟླ10བའི་ཚེས23ཉིན། རྐང་ཚ་རྫོང་གིས“སེམས་པ་གཅིག་ཏུ་སྦྲེལ། བརྩེ་བའི་ཀློང་གི་བོད་མཁར། ”ཞེས་པའི་རྒན་པར་བྱམས་སྐྱོང་གི་བྱེད་སྒོ་སྤེལ།

1.jpg

རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིན་དང་། རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་སྟག་ལྷ། རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྐང་ཚ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སོན་ཅན་ཏེ། རྫོང་གི་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན།  ཡུལ་ཚོ་དང་གྲོང་རྡལ་ལྔའི་སྲིད་གཞུང་དང་སྡེ་ཁུལ་ཁག་གི་འགན་འཁུར་བློ་མཐུན། རྒན་བཀུར་ཁང་གི་རྒན་པ་དེ་བཞིན་སྡེ་ཁུལ་གྱི་རྒན་པའི་འཐུས་ཚབ་བཅས་བྱེད་སྒོར་ཞུགས་ཡོད། རྫོང་རྩྭ་ཐང་སྒྱུ་རྩལ་ཚོགས་པ་དང་། སྡེ་ཁུལ་གྱི་རྒན་པ་དང་ལས་སྒྲུབ་པ་བཅས་ཀྱིས་རྒན་པ་ཚོར་དུས་ཆེན་གྱི་འཚམས་འདྲི་གནང་ཞིང་སྨོན་འདུན་གྱི་རིག་རྩལ་འཁྲབ་སྟོན་བྱས།

2.jpg

ཀྲུའུ་ཁྲིན་ཆིན་གྱིས་ཁྱིམ་དུ་རྒན་པ་ཡོད་ན་ནོར་བུ་མཆིས་པ་དང་འདྲ། རྐང་ཚ་རྫོང་གི་ངོས་ནས་བརྗོད་ན་རྒན་པ་ནི་ནོར་བུ་ལྟ་བུ་ཞིག་ཡིན་ལ་ང་ཚོའི་སྙིང་སྟོབས་དང་རྒྱུ་ནོར་ཡང་ཡིན། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དཀའ་སྡུག་ཆེ་བའི་དུས་རབས་སུ་ཁྱེད་ཚོས་རང་སྲོག་བློས་བཏང་ནས་བྱ་བ་བསྒྲུབས་པ་དང་། སྒེར་སེམས་མེད་པར་བྱས་རྗེས་བཞག་ལ། གྲུབ་འབྲས་ཧ་ཅང་ཆེན་པོ་བླངས་ཡོད། ད་ལྟ་ཁྱེད་ཚོས་སྔར་བཞིན་རྐང་ཚ་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བཞིན་ཡོད་ཅིང་། ཐོག་མཐའ་བར་གསུམ་དུ་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་འདོན་བཞིན་ཡོད་པས། རྐང་ཚས་ཁྱེད་ཚོའི་བྱས་རྗེས་དང་གཟི་བརྗིད་ནམ་ཡང་ཡིད་ལ་བརྟན་པོ་བཅངས་ངེས།  རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་ང་ཚོས“རྒན་བཀུར། རྒན་གཅེས། བྱམས་སྐྱོང་། རོགས་རམ”བཅས་ཀྱི་འཛུགས་སྐྲུན་དེ་དམངས་འཚོ་ལེགས་བཅོས་ཀྱི་དོན་ཆེན་ནང་བཅུག་སྟེ་མཁར་གྲོང་གི་རྒན་གསོའི་བྱ་གཞག་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ནས། རྒན་པའི་བདེ་ཐང་དང་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ་རྒན་པ་ཚོར་ལ་རྒྱ་ལྡན་པ་དང་སྤུས་ཀ་མཐོ་བའི་ཚེ་མཇུག་གི་འཚོ་བ་བསྐྲུན་རྒྱུ། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དང་། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་ཡོད་པས། རྒན་པའི་ཚེ་མཇུག་གི་འཚོ་བ་ཇེ་སྐྱིད་དུ་འགྲོ་བར་ཡིད་ཆེས་ཡོད་ཅེས་བཤད།

3.jpg

བྱེད་སྒོ་སྤེལ་སྐབས། ཀྲུའུ་ཁྲིན་ཆིན་དང་སྟག་ལྷས་རྒན་པ་ཚོར་དུས་ཆེན་གྱི་སྨོན་འདུན་དང་དེ་བཞིན་དུས་ཆེན་གྱི་སྤྲི་གོར་སྤྲད་པ་དང་། མཚོ་བྱང་ཡའོ་ཁྲེ་ཐུག་འཕྲད་སྐྱེ་དངོས་ཚན་རྩལ་ཚད་ཡོད་སྤྱི་གཉེར་གྱིས་མཚོ་འཁྱིལ་ཡུལ་ཚོ་ཞབས་ཞུ་བྱེད་སྒོ་ལྟེ་གནས་ལ་སྒོར་ཁྲི4ཡི་དྲོད་འདོན་སྒྲིག་ཆས་ཆ་ཚང་ཞིག་ཞལ་འདེབས་སུ་ཕུལ། མཚོ་སྔོན་ལུང་ཙིན་རྩིས་གཉེར་ལས་དོན་ཚད་ཡོད་སྤྱི་གཉེར་གྱིས་རྒན་བཀུར་ཁང་གི་རྒན་པ་དང་སྡེ་ཁུལ་བཞི། བདག་སྐྱོང་ལྟེ་གནས་བཅས་ལ་རིན་ཐང་སྒོར་ཁྲི2.5ཡི་ལེགས་སྐྱེས་ཕུལ།

4.jpg

སྙན་འཇེབས་ཀྱི་འགྱུར་ཁུགས་རེ་རེ་དང་ལྡེམ་མྱུར་གྱི་གར་སྟབས་རེ་རེ་ཡིས་རྒན་པ་ཚོའི་ཡིད་དབང་ཅིག་ཅར་འཕྲོག་ལ་དགའ་སྤྲོའི་དགོད་སྒྲས་ཀྱང་ཁེངས་འདུག    རྒན་པ་ཚོས་ཆུ་ཚོད་གསུམ་ཙམ་རིང་གི་དགུ་པའི་ཚེས་དགུའི་དུས་ཆེན་གྱི་འཚམས་འདྲིའི་བྱེད་སྒོ་རོལ་རྗེས། དགའ་སྤྲོ་ཆེན་པོའི་ངང་ནས་ཏང་དང་སྲིད་གཞུང་། སྤྱི་ཚོགས་ཀྱི་ཁེ་ལས། སྤྱི་ཚོགས་ཀྱི་མི་སྣ་བཅས་ལ་བཀའ་དྲིན་ཆེ་ཞུས།  

རྗེས་མར་རྐང་ཚ་རྫོང་གིས་རྒན་པའི་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་དང་དམངས་འཚོའི་ལས་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། དུས་དང་རྣམ་པ་ཀུན་ཏུ་ཡིད་ལ་བཅངས་ཤིང་ཕྲག་ལ་འཁུར་ཏེ། ཏང་དང་སྲིད་གཞུང་གི་བརྩེ་བ་རྒན་པ་ཚོས་ཚོར་ཐུབ་པར་བྱས་ཏེ། རྒན་པ་ཚོར་བདེ་ཞིང་སྐྱིད་པའི་ཚེ་མཇུག་རོལ་ཐུབ་བྱེད་ངེས།


མཉམ་སྤྱོད།