མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས17ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-10-26 07:32:59   |   1253

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ10པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཁོ་ལོམ་པི་ཡའི་ཙུང་ཐུང་ཕེ་ཐེ་ལུའོ་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་ཁོ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་གནང་།

  • ཟླ10པའི་ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏན་ཉིར·ནུའོ་ཝོ་ཡར་གློག་འཕྲིན་བཏང་སྟེ་ཁོང་ཨེ་ཁྭ་ཏོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

  • ཟླ10པའི་ཚེས25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ལོ་འཁོར་གྱི་བྱ་དགའ་སྤྲོད་པའི་གསོལ་སྟོན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

    2.jpg

  • ཟླ10པའི་ཚེས25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་ཨ་རིའི་ཅ་ལི་ཧྥུ་ཉི་ཡ་མངའ་སྡེ་ཡི་མགོ་བ་ཉིའུ་སེན་དང་མཇལ་འཛོམས་གནང་།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས2024ལོའི་དུས་ཆེན་དང་གུང་གསེང་ཁག་གཅིག་བཀོད་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་ཁྱབ་བསྒྲགས་བྱས། ཞིབ་འཕྲིན།

    3.jpg

  • ལྷ་གྲུ་ཨང་བཅུ་བདུན་པའི་མི་བཞུགས་འཕུར་གྲུ་ཚེས26ཉིན་གྱི་ཆུ་ཚོད11:14སྟེང་འཕེན་གཏོང་བྱ་རྒྱུ་ཡིན་པ་དང་། འཕུར་སྐྱོད་པ་ནི་འཇིག་རྟེན་འཕུར་སྐྱོད་པ་ཐང་ཧུང་པོ་དང་། ཐང་ཧྲེང་ཅེ། ཅང་ཞིན་ལིན་བཅས་ཡིན།

  • ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚན་ཆུང་ཚེས31ཉིན་ཤར་རླུང་ཕྱིར་ལོག་ས་ཚིགས་སུ་འབབ་རྒྱུ་ཡིན་པ་དང་། ཁོ་ཚོས་སའི་གོ་ལ་རྒྱབ་ལྗོངས་བྱས་པའི་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གཟུགས་ཀྱི་རྣམ་པ་ཡོངས་པར་དུ་ལེན་ཐུབ་པའི་རེ་བ་འདུག

    4.jpg

  • ཚེས25ཉིན། རྒྱལ་ཁབ་གྲངས་གཞི་ཅུའི་སྒོ་བྱང་བཀལ་ཞིང་བཙུགས།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི(བུ་བཙའི་འགན་བཅོལ་ཚུད་པ)ཡོང་འབབ་སྡོམ་འབོར་སྒོར་དུང་ཕྱུར23468.3ཟིན། དུས་མཚུངས་ལས9.2%འཕར་ཡོད།

  • ཚེས25ཉིན། ཨོ་སི་ཁྲུ་ལི་ཡས་ཕྱིར་གྱར་བའི་རིག་དངོས་སྒྱུ་རྩལ་ཐོན་རྫས4དང་གནའ་བོའི་སྐྱེ་དངོས་ཀྱི་འགྱུར་རྡོ1ཀྲུང་གོ་ལ་ཕྱིར་སྤྲད།

    སྤྱི་ཚོགས།

  • ཚེས25ཉིན་གྱི་མཚན་མོ་ནས་ཚེས26ཉིན་བར། ནང་སོག་གི་དབུས་ཤར་རྒྱུད་དང་། བྱང་ཤར་དང་ཧྭ་བྱང་གི་དབུས་ཤར་རྒྱུད། ཧོང་ཧོའེ་ཡི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད4~6℃བར་མར་ཆག་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད8~10℃བར་མར་ཆག་རྒྱུ་རེད།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱིས་ཆུ་བེད་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར8601བཏང་། དེ་ཡིས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བསྟན་དོན། སྨན་བཅོས་ཤེས་ལྡན་མི་སྣས“ཚོགས་པ་བསྒྲིགས་ཏེ”རོགས་སྐྱོར་ལས་དོན་སྤེལ་ཚུན། བོད་དང་ཞིན་ཅང་ལ་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣ3100ལྷག་ཙམ་བདམས་ཏེ་མངགས་ཡོད་ཟེར།

    6.jpg

  • ཚེས25ཉིན། ཀྲུང་གོའི་འགྲན་ཞུགས་པ་ལི་དབྱིང་ལིས་ཧང་ཀྲོའུ་ཨེ་ཤེ་ཡ་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་བུད་མེད་ཀྱི་ཞ་རིལ-F35/36/37ཅན་གྱི་རྟིང་རྩོད་འགྲན་བསྡུར་ནང་གསེར་གྱི་རྟགས་མ་བླངས། དེ་ནི་ཀྲུང་གོའི་འཐུས་མི་ཚོགས་པའི་ཧང་ཀྲོའུ་ཨེ་ཤེ་ཡ་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ100པ་དེ་རེད།

  • ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་གཞིའི་ཐོག་ནས་ཁྲིམས་ལྟར་ཧྲན་ཏུང་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་སུན་ཧྲུའུ་ཐའོ་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།

  • ཚེས25ཉིན། པེ་ཅིང་ཁྲང་ཧྥུང་སྨན་ཁང་གི་མེ་སྐྱོན་ཚབས་ཆེན་གྱི་ལས་འཛོལ་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས། ཞིབ་འཕྲིན།

    7.png

  • ཉེ་ཆར། རང་རྒྱལ་གྱི་ཚན་རིག་པས་ཟླ་བའི་ལྷ་མོ་ཨང་ལྔ་པའི་ས་རྒྱུའི་ནང་གི་ནིག་སེར་ལྕགས་གཏེར་གྱི་འབྱུང་རྐྱེན་གསལ་སྟོན་བྱས་ཤིང་། དེ་ཡིས་གོ་ལ་གཞན་གྱི་མ་དཔེའི་གཏེར་རྫས་རིམ་འགྱུར་ལ་ཞིབ་འཇུག་བྱེད་པར་བྱེད་ཐབས་གསར་པ་མཁོ་འདོན་བྱས།

  • ཉེ་ཆར། ཆིན་ཧྲི་གོང་མའི་བང་སོ་ནུབ་མའི་ནང་ནས་འཁོར་ལོ་བཞི་ཅན་གྱི་ཤིང་རྟའི་དངོས་པོའི་དཔྱད་གཞི་སྔ་ཤོས་ཐོག་མར་རྙེད།

    8.gif

  • ཧྲན་ཏུང་ཙི་པོའི་མ་བུ་གཉིས་གློ་བུར་དུ་གཙང་པོར་ལྷུང་བ་ན། ཉེ་འགྲམ་གྱི་ཟ་ཁང་ཞིག་གི་ལས་བཟོ་བ10ལྷག་ཙམ་མགྱོགས་མྱུར་གྱིས་ཡོང་སྟེ་ཁོང་གཉིས་བསྐྱབས། མྱུར་སྐྱོབ་རླངས་འཁོར་འབྱོར་སྐབས་མ་བུ་གཉིས་ཉེན་ཁ་ལས་ཐར་ཡོད།

    སྲིད་ཇུས།

  • ཨན་ཧུའེ་ཡིས་བརྡ་ཐོ་བཏང་བ་སྟེ། གསར་དུ་བསྣན་པ་དང་གསར་སྒྱུར་བྱས་པའིC2དངC5རྟགས་ཅན་གྱི་ཁ་ལོ་བའི་རྒྱུགས་སྤྲོད་རླངས་འཁོར་ལ་ནུས་རྒྱུ་གསར་པའི་རླངས་འཁོར་སྤྱོད་རྒྱུར་སྐུལ་ལྕག་བྱས།

  • ཐེན་ཅིན་གྱིས་ཇུས་གཞི་བཏོན་པ་སྟེ། སྐྱེ་དངོས་ཕྲ་རབ་འགོག་པའི་སྨན་རྫས་ཕྱིར་འཚོང་ལ་ལྟ་སྐུལ་དོ་དམ་ནན་མོ་བྱས་ཏེ། བརྟག་དཔྱད་མ་བྱས་པར་རང་འགུལ་གྱིས་བཟོས་པའི་སྨན་ཐོ་སྤྱོད་རྒྱུ་གཏན་འགོག་བྱས།

  • ཧང་ཀྲོའུ་ཡིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་ལེགས་སྒྲིག་བྱས་ཤིང་། ལས་བཟོའི་ཁྱིམ་ཚང་གིས་ཁང་པ་ཐོག་མ་ཉོ་སྐབས། ཐོག་མའི་དངུལ་སྤྲོད་པའི་སྡུར་ཚད25%ལས་མི་དམའ་བ་བྱ་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

9.jpg

  • ཧེ་ལུང་ཅང་གི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ལ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། ས་ཁུལ་ཉུང་ཤས་ལ་ཁངས་འབྲིང་བ་འབབ་རྒྱུ་རེད། ཀུའེ་ཀྲོའུ་ཡི་དབུས་བྱང་རྒྱུད་དང་། ཧུའུ་ནན་གྱི་དབུས་རྒྱུད། ཅང་ཞིའི་དབུས་རྒྱུད། ཧྥུ་ཅན་གྱི་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་བྱང་རྒྱུད་དང་ཤར་རྒྱུད་སོགས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། ས་ཁུལ་ཉུང་ཤས་ལ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།