དེ་རིང་ནི2025ལོའི་ཟླ05པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་བཟོ་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ཟི་ལིང་དུ་བསྡུས།

2023-10-26 10:24:06   |   2265

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བོད་ཡིག་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་ཞིང་ཆེན་བཟོ་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་ལྔ་པ་ཟླ་བཅུ་པའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་བཞི་ཉིན་བར་ཟི་ལིང་དུ་བསྡུས། ཚོགས་ཐོག་ཏུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཀྲུང་གོ་བཟོ་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དོན་འཁྱོལ་ནན་མོ་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་ཚན་ཁག་ལ་ཐུན་མོང་གྲོས་མོལ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་བཟོ་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཚུན་གྱི་བྱ་བར་སྤྱི་སྡོམ་ནན་མོ་བྱས་ལ། རྗེས་ཕྱོགས་ཀྱི་ལོ་ལྔའི་བྱ་བའི་ལས་འགན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། དུས་རབས་གསར་པའི་ཞིང་ཆེན་ཡོངས་ཀྱི་བཟོ་ཚོགས་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱས་ཏེ། ངལ་རྩོལ་ཆེས་གཟི་བརྗིད་ལྡན་པ་དང་ཆེས་བླ་ན་མེད་པ། ཆེས་རླབས་ཆེ་བ། ཆེས་མཛེས་སྡུག་ལྡན་པའི་དུས་རབས་ཀྱི་རོལ་དབྱངས་དཀྲོལ།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་གྱི་མགོ་ཁྲིད་ཝང་ཝེ་ཏུང་དང་། ཝང་དབྱང་། དབྱང་ཧྥ་སིན། ཝུའུ་ལ་ཙི་པེ་ཁི.རེ་སུའུ་ལིས་ཧྭན། པད་ཁོ། ཀྲུའུ་ཞང་ཧྥིན། ལོའུ་ཀང་། མཱ་ཧྥིན་ཧྲིན་སོགས་ཚོགས་འདུར་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏ་ནན་གྱིས་ཚོགས་ཆེན་ལ་མགོ་འཛིན་བྱས་པར་མ་ཟད་ཞིང་ཆེན་སྤྱིའི་བཟོ་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་སྙན་ཞུ་ཕུལ།

ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་དང་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོའི་སྤྱིའི་བཟོ་ཚོགས་ཀྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་བ་དང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གྱིས་མང་ཚོགས་ཚོགས་པའི་ཚབ་བྱས་ནས་ཤིས་ཚིག་ཕུལ།

ཁྲིན་ཀང་གིས་ཚོགས་ཆེན་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ལ་བཀའ་དྲིན་ཞུས་ཤིང་། ཚོགས་ཞུགས་འཐུས་མི་དང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་པ་དང་བཟོ་ཚོགས་ཀྱི་བྱ་བ་སྒྲུབ་མཁན་རྣམས་ལ་འཚམས་འདྲི་ཞུས་པར་མ་ཟད། ཞིང་ཆེན་བཟོ་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཚུན་དུ་མཚོ་སྔོན་བཟོ་ཚོགས་ཀྱི་ལས་དོན་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་གྲུབ་པར་བྱས་ཏེ། དུས་རབས་གསར་བའི་བཟོ་པའི་ལས་འགུལ་ལས་དོན་དང་བཟོ་ཚོགས་བྱ་བའི་ཐད་བསམ་བློའི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱས།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་སེམས་ལ་དམ་པོར་འཛིན་པ་དང་། སྙིང་སྟོབས་རྣམ་པ་དང་འབད་འཐབ་ཀྱི་རྣམ་པ་བཟང་བོས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཁྲོད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་པ་དང་གཟི་བརྗིད་སྔར་ལས་ཆེན་པོ་བསྐྲུན་དགོས། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པ་དང་། ནམ་ཡང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་བྱེད་མཁན་བྱེད་པ། ཏང་གི་རྗེས་སུ་འབྲངས་པ་དང་ཏང་གི་བཀོད་འདོམས་ལ་ཉན་པ། དུས་རབས་ཀྱི་མདུན་གྲས་སུ་བསྐྱོད་དེ། མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བ། མཚོ་སྔོན་འཛུགས་སྐྲུན་བྱེད་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས། དངོས་གཉེར་གཙིགས་འཛིན་དང་ཁག་ཁུར་བྱེད་ཕོད་པར་བྱེད་པ་དང་། ནམ་ཡང་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལ་དམིགས་ནས། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་ཡར་ཐོན། དམངས་ཚིས་ལེགས་སྒྱུར། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྟེང་ཁག་ཁུར་འབད་འཐབ་བྱེད་དགོས། འཇོན་ཐང་ཆེར་བསྐྱེད་པ་དང་རྩལ་ནུས་མཐོར་འདེགས་བཏང་སྟེ། ནམ་ཡང་བྱང་ཚད་མཐོ་བའི་ངལ་རྩོལ་དཔུང་སྡེའི་དཔེ་སྟོན་མཁན་བྱེད་པ་དང་། ཤེས་བྱ་ཅན་དང་ལག་རྩལ་ཅན། གསར་གཏོད་ཅན་གྱི་ངལ་རྩོལ་པར་འགྱུར་བར་ཧུར་ཐག་བྱེད་པ། རྒྱལ་ཁབ་ཆེན་པོའི་བཟོ་སྐྲུན་པ་དང་མཚོ་སྔོན་གྱི་བཟོ་སྐྲུན་པ། ལག་ཤེས་པ་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་ཟབ་ཞུགས་པ་དང་སྐུལ་འདེད་པ། བྱས་རྗེས་ཅན་བྱེད་དགོས། སྲོལ་གསར་འཛུགས་པ་དང་དྲང་ཕྱོགས་ཀྱི་ནུས་ཚད་དར་སྤེལ་བཏང་ནས། སྙིང་སྟོབས་དང་དར་སྲོལ་ཐད་ཀྱི་དུས་རབས་ཀྱི་སྣེ་ཁྲིད་པ་བྱེད་པ་དང་། མཚོ་སྔོན་ལ་རྒྱུས་ལོན་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་བྱེད་པ། མཚོ་སྔོན་དར་སྤེལ་གཏོང་བ། ངལ་རྩོལ་གཟི་བརྗིད་ལྡན་པ་དང་རླབས་ཆེན་གྱི་སྤྱི་ཚོགས་སྲོལ་བཟང་བསྐྲུན་པ། ལེགས་ཐོག་ལེགས་བརྩོན་དང་རྨད་བྱུང་འཚོལ་སྙེག་བྱེད་པའི་ལས་བརྩོན་དར་སྲོལ་བསྐྲུན་པ།  བདེ་འཇགས་འཆམ་མཐུན་གྱི་རྣམ་པ་བཟང་བོ་མཉམ་དུ་སྲ་བརྟན་དུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་དགོས། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཆབ་སྲིད་ཀྱི་ཁ་ཕྱོགས་ནམ་ཡང་ཇེ་བརྟན་དུ་གཏོང་བ་དང་། མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བ། ལས་བཟོ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། བཟོ་ཚོགས་ཀྱི་ལས་བྱེད་པའི་སྤྱོད་ཚུལ་བསྒྱུར་ནས། ལས་བཟོ་མང་ཚོགས་ལ་བཟོ་ཚོགས་ནི་ལས་བཟོ་པའི་ཁྱིམ་ཡིན་པ་དང་། བཟོ་ཚོགས་ཀྱི་ལས་བྱེད་པ་ནི་བློ་གཏད་ཆོག་པའི་ཁྱིམ་མི་ཡིན་པའི་ཚོར་བ་སྟེར་དགོས། རིམ་པ་སོ་སོའི་ཏང་ཨུས་བཟོ་ཚོགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་ལེགས་སྒྱུར་བྱས་ནས། བཟོ་ཚོགས་ཀྱིས་འགན་འཁྲི་ལག་བསྟར་བྱེད་པ་དང་། ནུས་པ་འདོན་སྤེལ་བྱེད་པའི་ཐད་ཆ་རྐྱེན་སྔར་ལས་བཟང་བོ་བསྐྲུན་པ་དང་། ཞིང་ཆེན་ཡོངས་ཀྱི་བཟོ་ལས་ལས་འགུལ་ལས་དོན་དང་བཟོ་ཚོགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་འབད་འཐབ་བྱེད་དགོས།

མཇུག་སྒྲིལ་གྲོས་ཚོགས་སྟེང་། ཝང་ཏ་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་པ་དང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟོ་པའི་གྲལ་རིམ་དང་བཟོ་ཚོགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། རྒྱུན་མཐུད་ངང་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་དགོས། ཆབ་སྲིད་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཏང་གི་བཟོ་ཚོགས་བྱ་བའི་ཐད་ཀྱི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་རྒྱུ་དེ་འགུལ་སྐྱོད་དངོས་ཀྱི་སྟེང་མངོན་པར་བྱེད་དགོས། བསམ་བློའི་སྣེ་ཁྲིད་ཇེ་དྲག་ཏུ་བཏང་སྟེ། ཀྲུང་གོའི་ཕུགས་འདུན་དང་ངལ་རྩོལ་མཛེས་པའི་བརྗོད་དོན་དྲིལ་སྒྲོག་སོགས་སློབ་གསོའི་བྱ་འགུལ་རྒྱ་ཆེར་སྤེལ་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་ནས། བཟོ་པའི་ལས་འགུལ་གྱི་དུས་རབས་ཀྱི་བརྗོད་སྙིང་ཁོང་དུ་ཆུད་པར་བྱེད་པ་དང་། ལས་བཟོ་པ་ས་ཡ་ལྷག་རྩ་འཛུགས་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གཡུལ་ས་གཙོ་བོར་ཟབ་ཞུགས་བྱེད་དུ་བཅུག་སྟེ། གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱེད་དགོས། གཙོ་འགན་གཙོ་ལས་ལ་ཤུགས་སྣོན་པ་དང་། བཟོ་ཚོགས་ཀྱིས་ལས་བཟོ་པར་ཞབས་འདེགས་ཞུ་བའི་མ་ལག་འཐུས་ཚང་དུ་བཏང་ནས། རྒྱ་ཆེའི་ལས་བཟོ་པར་ཤུགས་བསྡུས་གནད་ཕིགས་དང་དྲོད་སེམས་ལྡན་པའི་ཁེ་དབང་སྲུང་སྐྱོབ་ཞབས་ཞུ་འདོན་སྤྲོད་བྱེད་དགོས། རང་སྟེང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་པོ་བཅོས་སྐྱོང་ནན་མོ་བྱས་ཏེ། གཟབ་ནན་གྱི་དགོངས་གཞི་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་སྣང་ཚུལ་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས།

ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་སྐབས་བཅོ་ལྔ་པའི་ཨུ་ཡོན་ལྷན་ཁང་དང་གྲོན་དངུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་འདེམ་བསྐོ་བྱས་ནས་བདམས་ཐོན་བྱུང་བ་དང་། གྲོས་མོལ་བྱས་ནས་མཚོ་སྔོན་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་བུད་མེད་ལས་བཟོ་པའི་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་ལ། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ནོར་དོན་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་སྐབས་བཅུ་བཞི་པའི་གྲོན་དངུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།

ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ལས་གནས་དང་བྲལ་བའི་མགོ་ཁྲིད་རྒན་པ་དང་། ཀན་སུའུ་ཞིང་ཆེན་སྤྱིའི་བཟོ་ཚོགས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག ཞིང་ཆེན་རིམ་པའི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་འགན་ཁུར་བློ་མཐུན་བཅས་ཚོགས་ཆེན་མགོ་རྩོམ་པའི་མཛད་སྒོར་ཞུགས།


མཉམ་སྤྱོད།