དེ་རིང་ནི2025ལོའི་ཟླ05པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་མཚོ་བྱང་བརྟག་དཔྱད་རུ་ཁག་ཏུ་ཕེབས་ནས་རྟོག་ཞིབ་གནང་།

2023-10-26 17:55:23   |   4038

སྒྲིག་སྒྱུར།  དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས25ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་མཚོ་བྱང་བརྟག་དཔྱད་རུ་ཁག་ཏུ་རྟོག་ཞིབ་གནང་སྐབས་བསྟན་དོན། རང་འགུལ་ངང་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཁོགས་དང་མཉམ་འདྲེས་བྱེད་པ་དང་། ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ།  ཁྲིམས་ལྟར་སྡོམ་རྩིས་བརྟག་དཔྱད་ལས་དོན་སྤེལ་བ་དང་སྡོམ་རྩིས་བརྟག་དཔྱད་གནད་ཁེལ་བྱེད་པ། ཚན་རིག་དང་མཐུན་པ་བཅས་ཀྱི་སྒོ་ནས་ཞབས་ཞུའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པ་བསྟན། ཁུལ་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་དང་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲུའུ་ལིན་བརྟག་དཔྱད་བྱ་བར་ཞུགས།

640.jpg

ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་བརྟག་དཔྱད་རུ་ཁག་གི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་བྱས་པ་དང་། གྲོང་མིའི་ཡོང་འབབ་དང་། སྒོ་ཕྱུགས་དང་ཁྱིམ་བྱ་བཤས་གཏོང་། གྲོང་མིའི་འཛད་སྤྱོད་རིན་གོང་སོགས་ཀྱི་བརྟག་དཔྱད་བྱེད་ཐབས་དང་ལམ་ལུགས། གྲངས་གཞི་འཚོལ་བསྡུའི་བརྒྱུད་རིམ་སོགས་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་གྲོང་མིའི་གཏོང་ཡོང་གྲངས་གཞིའི་དབྱེ་ཞིབ་ཀྱི་གནས་ཚུལ་ལ་ཉན་པ་དང་། སྡོམ་རྩིས་བརྟག་དཔྱད་ལས་དོན་དང་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ནང་དོན་སོགས་བརྟག་དཔྱད་རུ་ཁག་དང་རྟོག་ཞིབ་བཞུགས་མོལ་གནང་། ཁོང་གིས་སྡོམ་རྩིས་བརྟག་དཔྱད་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། སྡོམ་རྩིས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མཚོ་བྱང་གི་འཕེལ་རྒྱས་དམིགས་ཚད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དགོས་མཁོ། དམངས་འཚོ་ལེགས་གཏོང་གི་དགོས་མཁོ་བཅས་ལ་དམིགས་ནས་གཞི་རིམ་ལ་བརྟག་དཔྱད་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ། ལས་ཀའི་ལྟ་སྐུལ་མཛུབ་ཁྲིད་དང་མི་སྣའི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲངས་གཞིའི་བདེན་དྲང་དངོས་གནས་ལ་ཁག་ཐེག་བྱེད་དགོས། གྲངས་གཞིའི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། བརྟག་དཔྱད་ཀྱི་ཐབས་རྩལ་ཁོང་དུ་ཆུད་པ་དང་བྱེད་ཐབས་ལེགས་སུ་གཏོང་བ། ཁྲིམས་ལྟར་ཚན་རིག་དང་མཐུན་ཞིང་གཟབ་ནན་གྱི་སྒོ་ནས་སྡོམ་རྩིས་བརྟག་དཔྱད་བྱེད་པ། ཚད་གཞི་མཐོ་བ་དང་བླང་བྱ་ནན་པོ་བཏོན་ནས་ལས་དོན་སྤེལ་བ། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་དང་མཐུན་ཞིང་དོན་དངོས་དང་མཐུན་པའི་སྒོ་ནས་མཚོན་པ་བཅས་བྱེད་དགོས། སྡོམ་རྩིས་དང་ཞིང་ཕྱུགས། གྲོང་གསེབ་དར་སྤེལ་སོགས་སྡེ་ཚན་དབར་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་།  འབྲེལ་མཐུན་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཆ་འཕྲིན་མཉམ་སྤྱོད་ཐུབ་པ། བརྟག་དཔྱད་སྡོམ་རྩིས་ཀྱི་འགན་ནུས་འདོན་སྤེལ་ནུས་ལྡན་བྱེད་པ།  ལས་ཀའི་མཉམ་ཤུགས་ཆགས་པ་བཅས་བྱས་ཏེ། བརྟག་དཔྱད་ལས་དོན་གྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་ནས་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཧུར་ཐག་གཏོང་དགོས། ཁག་གཉིས་པའི་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། སྡོམ་རྩིས་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། ཇུས་འདོན་ལས་རོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་ཐད་ཤུགས་སྒྲིལ་མཉམ་ལས་བྱེད་པ། སྡོམ་རྩིས་དབྱེ་ཞིབ་དང་གྲངས་གཞི་གསལ་འགྲེལ་ལ་ཤུགས་སྣོན་རྒྱག་པ། རྫོང་ཁག་གི་ལས་སྒོའི་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་ནུས་ལྡན་བྱེད་དགོས་པ་བསྟན།

640 (1).jpg

ཨ་ཁྱུང་གིས་བསྟན་དོན། རྨང་གཞི་བརྟན་དུ་གཏོང་བ་དང་དབྱེ་ཞིབ་ཞིབ་འཇུག་ཡག་པོ་བྱས་ཏེ། གཞི་རིམ་གྱི་གྲངས་གཞི་འཚོལ་བསྡུའི་ནུས་པ་དང་སྤུས་ཚད་ཚོད་འཛིན་ནུས་པ། སྡོམ་རྩིས་ཞབས་ཞུའི་ནུས་པ། ཁྲིམས་ལྟར་སྡོམ་རྩིས་བྱེད་ནུས་བཅས་རྩ་བའི་ཆ་ནས་ཆེ་རུ་གཏོང་བ་དང་། རང་འགུལ་ངང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས། སྲིད་གཞུང་དང་སྡེ་ཚན་ཁག་ལ་སྲིད་ཇུས་བཟོ་རྒྱུར་ཇུས་འདོན་ཧུར་ཐག་བྱེད་དགོས། ལས་སྒོའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། གྲངས་གཞི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། མ་གཞིའི་གྲངས་གཞིའི་སྤུས་ཚད་བརྟན་དུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་དཀའ་གནད་ལ་དམིགས་པ།  དཔལ་འབྱོར་དུས་བབ་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་། དུས་ཐོག་ཏུ་ཞིབ་འཇུག་བརྡར་ཤ་གཅོད་པ། དུས་ཐོག་ཏུ་སྔོན་བརྡ་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་ནས་སྡོམ་རྩིས་ཞབས་ཞུ་སྟོབས་ཆེར་དང་ལེགས་སུ་གཏོང་དགོས། ཞབས་ཞུའི་འདུ་ཤེས་ཇེ་ལེགས་སུ་བཏང་ནས་གྲངས་གཞིའི་ཐོག་ནས་སྐད་ཆ་ཤོད་པ་དང་། གྲངས་གཞིའི་ཐོག་ནས་ཇུས་ཐག་གཅོད་པ། གྲངས་གཞི་སྤྱད་ནས་དོ་དམ་བྱེད་པ། གྲངས་གཞི་སྤྱད་དེ་གསར་གཏོད་བྱེད་པའི་ཞབས་ཞུའི་རྣམ་པ་ཆགས་པར་བྱེད་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཚན་རིག་དང་མཐུན་པའི་སྒོ་ནས་སྡོམ་རྩིས་དང་མཛོད་འཇུག་ལས་དོན་ཡག་པོ་བསྒྲུབས་ནས། སྡོམ་རྩིས་བྱེད་དགོས་པ་དག་ཅིས་ཀྱང་སྡོམ་རྩིས་བྱས་ཏེ་སྡོམ་རྩིས་བརྟག་དཔྱད་ཀྱི་ཁོར་ཡུག་དེ་བས་ལེགས་པ་ཞིག་གཏོད་དགོས།

640 (2).jpg

མཚོ་བྱང་ཁུལ་སྡོམ་རྩིས་ཅུ་དང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའི་འགན་འཁུར་བློ་མཐུན་བཞུགས་མོལ་ནང་ཞུགས།


མཉམ་སྤྱོད།