དེ་རིང་ནི2025ལོའི་ཟླ05པའི་ཚེས04ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-10-27 07:32:26   |   3577

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • དམངས་སྲིད་པུས་སྒྲིག་འཛུགས་བྱས་ཏེ་རྩོམ་སྒྲིག་བྱས་པའི《དམངས་སྲིད་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱེད་པ》ཞེས་པའི་དཔེ་དེབ་དེ་ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

    1.jpg

  • ཚེས26ཉིན་གྱི་ཆུ་ཚོད11:14སྟེང་། ལྷ་གྲུ་ཨང་བཅུ་བདུན་པའི་མི་བཞུགས་འཕུར་གྲུ་བཞག་ཡོད་པའི་རྒྱང་སྐྱོད་ཨང་གཉིས་པའིFརྒྱང་ཚོར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་བདེ་བླག་ངང་འཕེན་གཏོང་བྱས་ཤིང་། འཇིག་རྟེན་འཕུར་སྐྱོད་པ་ཐང་ཧུང་པོ་དང་། ཐང་ཧྲེང་ཅེ། ཅང་ཞིན་ལིན་བཅས་བདེ་བླག་ངང་བར་སྣང་དུ་བསྐྱོད།

    2.jpg

  • ཚེས26ཉིན་གྱི་ཆུ་ཚོད19:34སྟེང་། ལྷ་གྲུ་རྟགས་ཅན་བཅུ་དྲུག་པ་དང་ལྷ་གྲུ་རྟགས་ཅན་ཨང་བཅུ་བདུན་པ་གཉིས་ཀྱི་མཁའ་སྐྱོད་པ6ཀྲུང་གོའི་བར་སྣང་ས་ཚིགས་ནས་རྒྱལ་ཁའི་ངང་མཉམ་འཛོམས་བྱུང་།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི1022གསར་དུ་ལས་ཞུགས་ཐུབ་ཡོད།

  • ནོར་སྲིད་པུ་སོགས་སྡེ་ཚན་གསུམ་གྱིས་སྤྱི་བསྒྲགས་སྤེལ་ཏེ། རིག་གནས་ལམ་ལུགས་སྒྱུར་བཅོས་ཁྲོད་ཀྱི་གཉེར་སྐྱོང་རང་བཞིན་གྱི་རིག་གནས་བྱ་གཞག་སྡེ་ཚན་གྱི་ཁྲལ་བསྡུའི་སྲིད་ཇུས་ཁེ་ལས་ཀྱི་ཁྲལ་བསྡུའི་སྲིད་ཇུས་སུ་བསྒྱུར་བའི་ལམ་ལུགས་རྒྱུད་མཐུད་ལག་བསྟར་བྱེད་དགོས་ཟེར།

  • ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིའི2024ལོའི་གཞུང་ཞབས་པའི་ཡིག་ཚད་ལ་དྲ་ཐོག་མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་ལས་དོན་མཇུག་གྲིལ་ཅིང་། མི་ཁྲི303.3ལ་མི་སྤྱོད་ཚན་པའི་ཐོབ་ཐང་ཞིབ་བཤེར་བྱས།

  • ཚོང་དོན་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་དགུ་པའི་བར་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་དངུལ་རྩའི་རིགས་མིན་པའི་ཐད་ཀའི་མ་འཇོག་མི་དམངས་ཤོག་སྒོར་དུང་ཕྱུར6731.4བྱས་པ་དེ་དུས་མཚུངས་ལས18.7%འཕར་ཡོད།

  • ཨ་རིར་ཡོད་པའི་དོམ་ཁྲ་མེ་ཞང་དང་། ཐེན་ཐེན། ངོ་མཚར་ཅན་ཆུང་ཆུང་བཅས་ཟླ11པར“དོམ་ཁྲ་རྟགས་ཅན”གྱི་ཆེད་གཏོང་གནམ་གྲུར་བསྡད་དེ་རྒྱལ་ནང་དུ་ལོག་རྒྱུ་རེད།

    སྤྱི་ཚོགས།

  • ཚེས27ཉིན་གྱི་མཚན་མོ་ནས་ཚེས28ཉིན་གྱི་སྔ་དྲོའི་བར། ཅང་སུའུ་ཡི་དབུས་ལྷོ་རྒྱུད་དང་ཨན་ཧུའེ་ཡི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་སྨུག་པ་ཆེན་པོ་ཡོད་པ་དང་། ས་ཁུལ་ཁ་ཤས་ཀྱི་མཐོང་ཚད་སྨི200ཡང་ཟིན་གྱི་མེད།

  • ཧང་ཀྲོའུ་ཨེ་ཤེ་ཡའི་དབང་པོ་སྐྱོན་ཅན་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོ་དེ་ཚེས28ཉིན་གྱི་ཆུ་ཚོད19:30སྟེང་འཚོག་རྒྱུ་རེད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་མི་སྣ་འཁོར་རྒྱུག་བྱེད་ཚད་ཆེས་ཆེར་འཕར་བ་དང་། ལྕགས་ལམ་དང་། ཆུ་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱི་འགྲུལ་སྐྱེལ་བྱེད་ཚད་དུས་མཚུངས་ལས100%ལས་བརྒལ་ཡོད།

  • ཚེས26ཉིན། ཅང་སུའུ་ཞུས་ཀྲོའུ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཁྲིམས་ར་ཡོངས་བསྒྲགས་ངང་འཚོགས་ཏེ། ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཧྲེང་ཀྲང་གཞོན་པ་ཚའོ་ཀོང་ཅིང་གིས་ལྐོག་རྔན་བླངས་པ་དང་ནང་གི་ཆ་འཕྲིན་ཕྱིར་གྱར་བའི་གྱོད་གཞི་དེར་ཞིབ་གཅོད་བྱས།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཉིན་ཤས་གོང་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་སྙན་སེང་བཀོལ་སྤྱོད་ཕྱོགས་སྟོན་ཁྱབ་བསྒྲགས་བྱས་པ་དང་། འགན་བཅོལ་ནང་ཞུགས་མཁན་གྱིས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་ཞབས་ཞུའི་ལས་སྟེགས་ཀྱིAppབཀོལ་ཏེ་ལྟ་ཞིབ་བྱེད་ཆོག

    3.jpg

  • གཏེར་རྫས་བཟོ་སྐྲུན་རིག་པ་དང་ཀྲུང་གོ་ཚན་རིག་ཁང་དང་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཝང་ཏེན་ཙུའོ་སྙུང་གཞི་ཡི་རྐྱེན་པས་སྨན་བཅོས་བྱས་ཀྱང་མ་ཕན་པར་ཚེས25ཉིན་པེ་ཅིང་དུ་སྐུ་གཤེགས། སྐུ་གཤེགས་དུས་དགུང་ལོ89ཡིན།

    4.jpg

  • ཉེ་ཆར། ཧྲན་ཞི་དབྱང་ཁྲེང་མང་ཧོ་སྤྲེའུ་ཡི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཧྭ་བྱང་གི་གཟིག་གི་རྗེས་ཤུལ་ལྟ་ཞིབ་ཚད་ལེན་བྱས།

  • ཅི་ལིན་པའེ་ཧྲན་ཉེན་རྟོག་ཕྱོགས་ཀྱིས་སྨན་རྫུན་མ་བཟོ་འཚོང་བྱེད་མཁན་གྱི་ཚོགས་པ་ཞིག་མེད་པར་བཟོས་ཤིང་། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར1.2ལྷག་ཙམ་ཟིན་ཡོད།

    སྲིད་ཇུས།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་སྤྱི་བསྒྲགས་སྤེལ་བ་སྟེ། ཚེས24ཉིན་ནས་བཟུང་། འབྲེལ་ཡོད་བླང་བྱ་དང་མཐུན་པའི་ལའོ་སིའི་ཨ་མྲ་དང་ཨེ་ཙེ་ཨོ་ཕི་ཡའི་ཀོག་ཧྥེ་སྲན་མ་ནང་འདྲེན་བྱེད་ཆོག་ཟེར།

  • ལེའོ་ཉིང་གིས་ཇུས་གཞི་པར་འགྲེམས་བྱས་ཏེ། སློབ་གྲྭས་སློབ་ཆུང་གི་ལོ་རིམ་མཐོ་བ་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་། འབྲིང་རིམ་ལས་རིགས་སློབ་གྲྭ། མཐོ་སློབ་སློབ་མ་བཅས་ལ་ཉུང་མཐར་ཡང་སློབ་ལོ་རེར་སེམས་ཁམས་བདེ་ཐང་གི་ཚད་ལེན་ཚོད་ལྟ་ཐེངས་གཅིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

  • ཧྲེན་ཀྲེན་གྱིས་ཁང་པ་མེད་པའི་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་བཅོལ་བྱེད་མཁན་གྱི་ལས་བཟོ་བ་ཡིས་ཟླ་རེར་འཇལ་དགོས་པའི་བཅོལ་དངུལ་གྱི100%ཡི་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་ཆོག་པ་ཁ་གསལ་བཏོན།

    དེ་རིང་གི་གནམ་གཤིས།

  • ཞིན་ཅང་གི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་ཞིན་ཅང་ཨ་ལི་ཐའེ་ཡི་ས་བབ་མཐོ་བའི་ས་ཁུལ་ཁག་ཅིག་ལ་ཁངས་ཆེན་འབབ་རྒྱུ་རེད། ཧུའུ་ནན་གྱི་ལྷོ་རྒྱུད་དང་། ཧྥུ་ཅན་གྱི་ས་ཆ་མང་ཆེ་བ། སི་ཁྲོན་གཤོང་སའི་བྱང་ཤར་རྒྱུད་དང་དབུས་རྒྱུད། ཁྲུང་ཆིན་གྱི་དབུས་ནུབ་རྒྱུད་དང་ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཀོང་ཞིའི་བྱང་རྒྱུད། ཀོང་ཏུང་གི་ཤར་རྒྱུད་དང་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ནུབ་བྱང་རྒྱུད་དང་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་ལ་ཆར་པ་འབྲིང་ཙམ་འབབ་རྒྱུ་རེད། ས་ཁུལ་ཁག་ཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།