དེ་རིང་ནི2025ལོའི་ཟླ05པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-10-30 07:57:24   |   3887

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཚེས29ཉིན། ལྷ་གྲུ་ཨང་བཅུ་དྲུག་པ་དང་ལྷ་གྲུ་ཨང་བཅུ་བདུན་པ་རྟགས་ཅན་གྱི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གིས་ཕན་ཚུན་ལ་རྩིས་སྤྲོད་བྱེད་པའི་ལས་དོན་ལེགས་འགྲུབ་བྱུང་བ་དང་། ལྷ་གྲུ་ཨང་བཅུ་དྲུག་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་ཚེས31ཉིན་སའི་གོ་ལར་ཕྱིར་ལོག་རྒྱུ་རེད།

1.jpg

  • མིག་སྔར། རྒྱལ་ཡོངས་ཀྱི་སྟོན་བསྡུ་མཇུག་འགྲིལ་ལ་ཉེ་བ་དང་སྟོན་འདེབས་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས4%འཕར་ཡོད།

  • ནོར་སྲིད་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ1པོ་ནས9པའི་བར་གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྡོམ་འབོར་སྒོར་དུང་ཕྱུར619689.5ཟིན་པ་དང་། དེ་དུས་མཚུངས་ལས3.9%འཕར་ཡོད།

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་དོན། ད་ལོའི་ཟླ1པོ་ནས9པའི་བར་རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་སྡོམ་གྱོད་གཞི་ཁྲི47ཐོ་འགོད་བྱས་པ་དང་མི་ཁྲི40.5ལ་ཆད་པ་བཅད་ཡོད།

  • རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ཚོད་ལྟའི་གྲོང་ཁྱེར་ལག་བསྟར་ལས་དོན་ཚེས29ཉིན་དངོས་སུ་སྤེལ་འགོ་ཚུགས་པ་དང་། སུའུ་ཀྲོའུ་དང་ཞ་མོན། ཁྲང་ཁྲུན། ཉིང་པོ་སོགས་གྲོང་ཁྱེར(ཆུས)30ཁག་དང་པོའི་ཚོད་ལྟའི་ནང་བཅུག་པ་རེད།

2.jpg

  • ཚེས29ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི“ཐའེ་ཧང7”རྟགས་ཅན་གྱི་རླངས་སྒུལ་འཕྲུལ་འཁོར་དེ་བདེ་བླག་ངང་ལེགས་འགྲུབ་བྱུང་ནས་འཁོར་སྐྱོད་བྱས། དེ་ནི་རང་རྒྱལ་གྱི་རང་བདག་ཤེས་བྱའི་བདག་དབང་ཡོངས་སུ་ལྡན་པ་དང་མཚོ་ཐོག་སྣུམ་རླངས་ལས་སྟེགས་ཐོག་དངོས་སུ་སྤྱོད་པའི་རླངས་འབར་འཕྲུལ་འཁོར་ཐོག་མ་དེ་རེད།

3.jpg

  • ས་གནས་དེ་གའི་དུས་ཚོད་ཚེས28ཉིན། ཀྲུང་གོའི་རུ་ཁག་ལ་སྐབས28པའི་ཨེ་ཤེ་ཡའི་རི་ཁུལ་རྐང་འཁོར་ལེགས་སྐྱེས་འགྲན་བསྡུར་གྱི་ཕོ་མོའི་བྱེས་བགྲོད་རྣམ་གྲངས་ཀྱི་དར་མའི་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་དང་།  ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་ཐོབ་ཐང་གཉིས་ཐོབ་པ་རེད།

  • ཕ་ལེ་སི་ཐན་འཕྲོད་བསྟེན་སྡེ་ཚན་དང་དབྱི་སི་རལ་འཕྲོད་བསྟེན་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས29ཉིན་བར་རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གྱི་གདོང་ཐུག་ལས་ཕྱོགས་གཉིས་པོའི་མི་གྲངས9500ལྷག་ཙམ་རྐྱེན་ལམ་དུ་ཤོར་བ་རེད།

སྤྱི་ཚོགས།

  • སྔོན་དཔག་བྱས་ན་ཟླ11པའི་ཟླ་སྟོད་དུ་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་བྱང་ཕྱོགས་ས་ཁུལ་དུ་མངོན་གསལ་དོད་པོས་དྲོད་ཚད་ཆག་པའི་བརྒྱུད་རིམ་ཞིག་ཐོན་ནས་ས་ཆ་ཁ་ཤས་སུ་དྲོད་ཚད8~10℃བར་ཆག་རྒྱུ་རེད།

  • བཟོ་འཕྲིན་པུས་བརྡ་ཁྱབ་བཏང་བར་གཞིགས་ན། སྤྱོད་མཁན་གྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ཀྱི་མཉེན་ཆས་གོ་རིམ་དང་ཕྱོགས་གསུམ་པའི་མཉེན་ཆས་གསར་སྤེལ་ཡོ་བྱད22ཤེས་རྟོགས་བྱུང་ཡོད།

4.jpg

  • ཚེས27ཉིན། ཨ་འགོག་ཁྲའོ་རོགས་ཀྱི་བུད་མེད་དཔའ་བོ་ཝང་ཆིང་ཀྲེན་ཧུའུ་པེའི་ཞའོ་ཞི་རུ་སྐུ་གཤེགས་པ་དང་སྐུ་གཤེགས་དུས་དགུང་ལོ87ཡིན།

5.png

  • ཚེས28ཉིན། ཧྲན་ཏུང་ལིའོ་ཁྲེང་ནས་ཐའེ་ཨན་བར་གྱི་རྨ་ཆུའི་གཞུང་ལམ་དང་ལྕགས་ལམ་ཟམ་པ་བདེ་བླག་ངང་འབྲེལ་མཐུད་བྱུང་ཡོད། ལེའོ་ཐེ་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་སྤྱི་ལེ129.98ཡོད་པ་དང་། ལྕགས་ལམ་ཤར་གཏོང་ཐུབ་རྗེས་ས་གནས་གཉིས་སུ་མེ་འཁོར་ཤར་གཏོང་ཐུབ་པ་མངོན་འགྱུར་བྱུང་ཡོད་པ་རེད། 

  • ཧྲེན་ཀྲེན་ནན་ཧྲན་གྱིས་བརྡ་ཁྱབ་བཏང་དོན། དགའ་སྤྲོའི་གྲོག་རོང(欢乐谷)གི་རི་བརྒལ་རླངས་འཁོར་གདོང་ཐུག་བརྒྱབ་པའི་ལས་འཛོལ་ལས་ཁྱོན་སྡོམ་མི28ལ་རྨས་སྐྱོན་ཕོག་པ་དང་མི17སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་དུ་བཅུག  མིག་སྔར་རྩེད་འཇོ་ཁང་དེ་སྒོ་རྒྱག་དགོས་པའི་བཀའ་བཏང་བ་རེད།

  • པེ་ཅིང་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུ་ཡིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཚེས31ཉིན་ནས་བཟུང་། ཀྲུང་ལུགས་སྨན་རྫས་ཁག་གཉིས་པའི་གྲངས་འབོར་ལྡན་པའི་ཉོ་སྒྲུབ་ནང་བདམས་ཐོན་བྱུང་བའི་མཐའ་འབྲས་ལག་བསྟར་བྱེད་རྒྱུད་རེད། བདམས་ཐོན་བྱུང་བའི་སྨན་རྫས་སྣ་ཁའི་རིན་གོང་ཆ་སྙོམས་ཆག་ཚད49.36%ཟིན་ཡོད།

  • ལྷོ་ཕྱོགས་མཁའ་འགྲུལ་ཀུང་སིས་སྤྱི་བསྒྲགས་སྤེལ་ནས་ཚེས29ཉིན་གྱིCZ3121དུས་གཏན་གནམ་གྲུའི་སྟེང་། འགྲུལ་པ་ཞིག་གིས་གནམ་གྲུའི་སྟེང་ལྕགས་སྒོར(硬币)་འཕངས། འགྲུལ་པ་དེ་སྤྱི་བདེ་མི་སྣས་ཁྲིད་ནས་བརྟག་དཔྱད་བྱེད་ཀྱིན་ཡོད།

  • ཉེ་ཆར། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་བྱ་ཀྲུའུ་ཧོན20ཅང་སུའུ་རུ་རང་བྱུང་ཁམས་སུ་བཏང་། དེ་ནི་བྱ་ཀྲུའུ་ཧོན་ཀྲུང་གོའི་ཤར་རྒྱུད་མཚོ་རྒྱུད་ཀྱི་འདམ་རར་རི་སྐྱེས་སུ་གློད་ཐེངས་དང་པོ་ཡིན་པ་རེད།

6.gif

  • ཁྲུང་ཆིང་གི་བུ་མོ་ཆུང་ཆུང་ཞིག་གཙང་འགྲམ་དུ་རྩེད་མོ་རྩེ་སྐབས་ཆུ་ནང་དུ་ལྷུང་བ་དང་། ལམ་བར་དུ་ཡོད་པའི་སྐུ་ཞབས་ཁྲེན་ལགས་བློ་ཐག་ཆོད་པོས་གཙང་པོར་ལྡིང་ནས་བུ་མོ་དེ་བསྐྱབས། མིག་སྔར་བུ་མོ་ཆུང་ཆུང་ལ་སྐྱོན་ཆེན་པོ་མེད།

སྲིད་ཇུས།

  • ཁྲུང་ཆིང་གིས་འཆར་གཞི་པར་འགྲེམས་བྱས་ནས་ཐོ་འགོད་དོ་དམ་ནང་བཅུག་པའི་ཀུན་ཕན་རང་བཞིན་གྱི་བཅོལ་གསོའི་སྒྲིག་གཞིར་འཛིན་གྲྭའི་ཆེ་ཆུང་ལྟར་སློབ་མ་རེར་ལོ་རེར་སྒོར700དང་། སྒོར800དང་། སྒོར900བཅས་ཀྱི་གཉེར་སྐྱོང་ཁ་གསབ་སྤྲོད་རྒྱུ་རེད།

  • ཧྲན་ཏུང་གིས་ཇུས་གཞི་བཏོན་ནས2025ལོར་སླེབས་སྐབས། ཁྲོམ་གཞུང(街道)ཕྱོགས་བསྡུས་རྒན་གསོའི་ཞབས་ཞུ་ལྟེ་གནས་ཁྱབ་ཚད་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་སྒྲིག་སྦྱོར་བྱེད་ཚད100%ཟིན་རྒྱུ་རེད།

  • ཅང་སུའུ་ཡིས་བསམ་འཆར་པར་འགྲེམས་བྱས་ནས་སྒྲིག་ཚུད་ཤང་གྲོང་རེར་ཉུང་མཐར་ཡང་ཤང་གྲོང་འཕྲོད་བསྟེན་ཁང་རེ་འཛུགས་རྒྱུ་དང་། སྲིད་འཛིན་གྲོང་ཚོའམ་ཡང་ན་མི་གྲངས3000ཙམ་གྱི་ཞབས་ཞུའི་མི་འབོར་ཡོད་པར་གྲོང་ཚོའི་འཕྲོད་བསྟེན་ཁང་རེ་འཛུགས་རྒྱུ་ཡིན་ཞེས་བཏོན་ཡོད།

དེ་རིང་གི་གནམ་གཤིས།

7.jpg

  • ཤིན་ཅང་ཨ་ལི་ཐའེ་ས་ཁུལ་དང་བོད་ལྗོངས་ཀྱི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བ་འབབ་པ་དང་། དེའི་ནང་། ཨ་ལི་ཐའེ་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་པོ་འབབ་རྒྱུ་རེད། ཧེ་ལུང་ཅང་གི་ཤར་རྒྱུད་དང་། ཅི་ལིན་གྱི་ཤར་རྒྱུད། ལིའོ་ཉིང་གི་ཤར་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཧྭ་ལྷོའི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་ཀྱི་རེད། དེའི་ནང་། ཧའེ་ནན་གླིང་ཕྲན་གྱི་ནུབ་རྒྱུད་དང་ཤར་རྒྱུད་སོགས་ས་ཁུལ་ཁག་ཏུ་ཆར་པ་ཆེན་པོ་འབབ་ཀྱི་རེད།


མཉམ་སྤྱོད།