དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཡུལ་ཚོའི་སྲང་མདོ་སྡེ་བའི་སྐམས་ལུག་ཤ་ཆེད་འཚོང་ཁང་གཟབ་རྒྱས་ངང་ལས་གཉེར་མགོ་ཚུགས།

2023-10-30 09:22:08   |   1322

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཡུལ་ཚོའི་སྲང་མདོ་སྡེ་བའི་སྐམས་ལུག་ཤ་ཆེད་འཚོང་ཁང་གཟབ་རྒྱས་ངང་ལས་གཉེར་མགོ་ཚུགས།

640.jpg

ཟླ10བའི་ཚེས28ཉིན།  ཟི་ལིང་གྲོང་ཁྱེར་མཁར་བྱང་ས་ཁུལ་ཅུན་ཡའེ་སྤྱི་ཁང་ཤར་སྒོ་རུ་རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཡུལ་ཚོའི་སྲང་མདོ་སྡེ་བའི་སྐམས་ལུག་ཤ་ཆེད་འཚོང་ཁང་གཟབ་རྒྱས་ངང་ལས་གཉེར་མགོ་ཚུགས།

སྐམས་ལུག་ཤ་ཐད་འཚོང་ཁང་ནི་སྲང་མདོ་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གསར་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ལྷད་མེད་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་དགེ་མཚན་ལ་བརྟེན་ནས་ཕྱུགས་ལས་ཀྱི་སྤུས་ལེགས་ཐོན་རྫས་ཚོང་རར་བསྐྱོད་པའི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་དེ་ཡིན།

640 (1).jpg

རྗེས་མར་སྲང་མདོ་སྡེ་བའི་སྐམས་ལུག་ཤ་ཆེད་འཚོང་ཁང་གིས་སྔར་བཞིན་སྤུས་ལེགས་ཀྱི་ཚོང་རྟགས་དང་ཞབས་ཞུ་ལ་བརྟེན་ནས། ཕྱུགས་ལས་ཐོན་རྫས་ཀྱི་ཐོན་སྐྱེད་དང་མཁོ་འདོན།  ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་ལམ་བུའི་ཐོག་མུ་མཐུད་འཚོལ་ཞིབ་བྱས་ཏེ། འཛད་སྤྱོད་པར་བདེ་ཐང་དང་བདེ་འཇགས་ཀྱི་ཟས་རིགས་འདོན་སྤྲོད་བྱེད་པ་དང་ཕྱུགས་ལས་ཐོན་རྫས་ནུས་མཐོའི་ངང་འཁོར་སྐྱོད་ཐུབ་པར་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཀྱི་ཐོན་ལས་དར་སྤེལ་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་རེད།


མཉམ་སྤྱོད།