དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-10-31 07:48:19   |   2359

སྒྲིག་སྒྱུར།   སངས་དོན།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཞི་ཅིན་ཕིང་གིས་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་གསར་པའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་མཉམ་དུ་གླེང་མོལ་གནང་སྐབས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་རྒྱ་ཆེའི་བུད་མེད་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་བྱེད་ཆེད་བུད་མེད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་།

  • ཟླ10པའི་ཚེས30ཉིན། ལྷ་གྲུ་ཨང་བཅུ་དྲུག་པའི་མི་བཞུགས་འཕུར་གྲུ་དང་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གཟུགས་བདེ་བླག་ངང་ཁ་གྱེས་པ་དང་། འཆར་གཞི་ལྟར་དེ་རིང་ཏུང་ཧྥིན་འབབ་ཚིགས(东风着陆场)སུ་ཕྱིར་ལོག་རྒྱུ་རེད།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས1པོ་ནས3པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རིག་གནས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ7.7%འཕར་ཡོད།

  • ཚོང་དོན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན །ཟླ9པར་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི3.98ཟིན་པ་དང་། དུས་མཚུངས་ལས5.5%འཕར་ཡོད།

  • བཟོ་འཕྲིན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས1པོ་ནས3པའི་བར་རང་རྒྱལ་གྱི་དྲ་སྦྲེལ་ཁེ་ལས་ཀྱི་ཁེ་སྤོགས་སྡོམ་འབོར་སྒོར་དུང་ཕྱུར959.3ཟིན་པ་དང་། དུས་མཚུངས་ལས18.2%འཕར་ཡོད།

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ9པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན10160ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི14482ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་ཡོད།

  • ད་ལོ་ནས་བཟུང་། རང་རྒྱལ་གྱི་བསྐྱར་སྐྱེས་ནུས་རྒྱུ་སྤྱོད་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད། དུས་ཚིགས1པོ་ནས3པའི་བར་རྒྱལ་ཡོངས་ཀྱི་རླུང་གློག་ཆ་སྙོམས་བེད་སྤྱོད་བྱེད་ཚད97.1%ཟིན་པ་དང་། དུས་མཚུངས་ལས་བརྒྱ་ཆའི་གྲངས0.6འཕར་ཡོད།

  • ཟླ10ཚེས30ཉིན། ཧྥི་ལི་ཕིན་གྱི་སྲུང་སྐྱེལ་དམག་གྲུ་ཨང39པ་ཀྲུང་གོ་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པར་ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་ཉེ་འགྲམ་མཚོ་ཁོངས་སུ་ཁྲིམས་འགལ་ངང་འཛུལ་བ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལྷོ་རྒྱུད་འཐབ་ཁུལ་གྱིས་མཚོ་ཐོག་གི་དམག་ཤུགས་སྒྲིག་འཛུགས་བྱས་ཏེ་ཁྲིམས་ལྟར་རྗེས་འདེད་ལྟ་ཞིབ་དང་། ཉེན་བརྡ་གཏོང་བ། བཀག་སྡོམ་བཅས་བྱས་པ་རེད།

  • ཕ་ལེ་སི་ཐན་འཕྲོད་བསྟེན་སྡེ་ཚན་དང་དབྱི་སི་རལ་འཕྲོད་བསྟེན་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ10ཚེས30ཉིན་བར། རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་དབར་གདོང་ཐུག་བྱུང་ནས་ཕྱོགས་གཉིས་པོའི་མི་གྲངས9800ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད།

སྤྱི་ཚོགས།

  • དེ་རིང་སྔ་དྲོ་པེ་ཅིང་དང་། ཐེན་ཅིན། ཧོ་ནན། ལེའོ་ཉིང་སོགས་སུ་སྨུག་པ་ཆེན་པོ་ཡོད་པ་དང་ས་ཁུལ་ཁག་གཅིག་ཏུ་མཐོང་ཚད་སྨི200ཡང་མེད་པའི་སྨུག་པ་སྟུག་པོ་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་མཐོང་ཚད་སྨི50ཡང་མ་ཟིན་པའི་སྨུག་པ་ཆེན་པོ་ཡོད།

  • ཉེ་ཆར། དྲ་འཕྲིན་སྡེ་ཚན་གྱིས་ཁུར་ཁེ(夸克)དང་ཝང་དབྱིCCདྲ་རྒྱའི་སྐྱེ་ཁམས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་གྱོད་གཞི་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་དང་། ལས་སྟེགས་གཉིས་ལ་འཕྲལ་མར་ཕྱོགས་ཡོངས་ནས་དག་ཐེར་གཏིང་ཟབ་བྱེད་དགོས་པའི་བཀའ་བཏང་བ་དང་འབྲེལ་ཡོད་འགན་འཁུར་བར་ཐག་གཅོད་ནན་པོ་བྱས་ཡོད།

2.jpg

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ10ཚེས30ཉིན2024པར་གཞིའི་དོམ་ཁྲའི་དྲན་གསོའི་དངུལ་ལོ་འགྲེམས་སྤེལ་བྱས་ཡོད།

  • ཉེ་ཆར། མོ་ཙིའི་གནམ་སྐོར་རྒྱང་ཤེལ(墨子巡天望远镜)གྱིས“གནམ་སྐོར”གྱི་ལྟ་ཞིབ་ཚད་ལེན་དངོས་སུ་བྱེད་མགོ་ཚུགས། དེ་ནི་མིག་སྔར་གོ་ལ་ཧྲིལ་པོའི་ཁ་ཞེང་ཆེན་པོ་དང་མཐོང་ར་ཆེན་པོའི་འོད་རིག་གནམ་སྐོར་རྒྱང་ཤེལ་འབའ་ཞིག་ཡིན།

  • ཟླ10ཚེས30ཉིན། རང་རྒྱལ་གྱི་ཁག་དང་པོའི་འགྲུལ་སྐྱེལ་གནམ་གྲུARJ21“ཚོང་སྤྱོད་གནམ་གྲུ་རུ་སྒྱུར་བའི”གནམ་གྲུ་རྩིས་སྤྲོད་བྱས་པ་རེད།

  • གོང་མའི་ཕོ་བྲང(故宫)གི་བརྐོས་རིས་ཁང་དེ་རིང་སྒོ་ཕྱེ་བ་དང་ཕོ་བྲང་གི་བརྐོས་མའི་རིག་དངོས15000ལྷག་ཙམ་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།

  • ཉེ་ཆར། ཉིང་པོ་སྦྲག་སྲིད་ཅུས་འགག་སྒོས་ཕྱི་ནས་ཡོང་བའི་དངོས་རིགས(外来物种)3117རྩད་ཆོད་པ་རེད།

3.jpg

  • ཉིན་ཤས་གོང་། ཀོང་ཏུང་ཉེན་རྟོག་ཕྱོགས་ཀྱིས་ཡོངས་བསྒྲགས་ངང་བྱ་དགའ་སྤྲད་དེ་ཉེས་ཅན་ལུའོ་ཞའོ་ཡུས་འཛིན་བཟུང་བྱེད་པའི་བཀའ་རྒྱ་བཏང་བ་རེད།

4.jpg

  • ཉེ་ཆར། འབྲི་ཆུའི་སྟོད་རྒྱུད་དུ་རི་སྐྱེས疏花水柏枝ཁྱབ་པའི་ཁྱུ་ཚོགས་གསར་པ་ཡོད་པ་ཤེས་རྟོགས་བྱུང་ཡོད།

སྲིད་ཇུས།

  • པེ་ཅིང་གིས་གཏན་འབེབས་གསར་པ་བཏོན་ནས་ཁྱིམ་སྤྱོད་གློག་ཆས་ཉམས་གསོ་བྱེད་པའི་རིན་གོང་གསལ་པོ་མ་བཀོད་པར་ཆེས་མཐོ་བར་སྒོར5000ཆད་པ་གཅོད་རྒྱུ་རེད།

  • ཧའེ་ནན་གྱིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་པའི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་ཟ་ཁང་གིས་ཕྱི་ཕྱོགས་སུ་འགན་གཙང་ལེན་བྱས་པའམ་ཡང་ན་གཉེར་སྐྱོང་མངགས་བཅོལ་བྱས་མི་ཆོག

  • ཧོ་པེས་ཡིག་ཆ་བཀྲམ་ནས2025ལོར་སླེབས་སྐབས། རྫོང(གྲོང་ཁྱེར་དང་ཆུས)ཚང་མར་ཉུང་མཐར་ཡང་རིམ་པ་གཉིས་པའི་རྫོང་རིམ་པའི་སྨན་ཁང་གཅིག་བསྐྲུན་རྒྱུ་རེད།

དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་ཤར་རྒྱུད་དང་། ཧེ་ལུང་ཅང་གི་དབུས་བྱང་རྒྱུད། ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། དེའི་ནང་། ཞིན་ཅང་ཨ་ལི་ཐའེ་ས་ཁུལ་དང་ནང་སོག་བྱང་ཤར་ས་ཁུལ་དུ་ཁངས་ཆེན་འབབ་ཀྱི་རེད། བྱང་ཤར་ས་ཁུལ་གྱི་དབུས་ལྷོ་རྒྱུད་དང་། ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད། སི་ཁྲོན་གྱི་གཞོང་ས། ཡུན་ནན་གྱི་དབུས་ནུབ་རྒྱུད་དང་ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་ཀྱི་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་ཀྱི་ཡོད།


མཉམ་སྤྱོད།