མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཡུན་ནན་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་བཞུགས་མོལ་གནང་།

2023-10-31 09:45:27   |   1710

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ10ཚེས29ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་གདན་ཞུས་ལྟར་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་དང་པོའི་འཛམ་གླིང་གི“སེམས་ཀྱི་ཉི་ཟླ”རིག་གནས་གནས་སྐོར་དུས་ཆེན་ནང་ཞུགས་པ་དང་། དེའི་རིང་། བདེ་ཆེན་ཁུལ་གནས་སྐོར་ལས་རིགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས། བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་དང་བཞུགས་མོལ་གནང་།

640.jpg

ཤ་བོ་སྐྱབས་ཀྱིས་བདེ་ཆེན་ཁུལ་ནི་གནས་སྐོར་ལས་རིགས་འཕེལ་རྒྱས་གཏོང་སྔ་བ་དང་། རྨང་གཞི་ལེགས་པ། ཤུགས་རྐྱེན་ཆེ་བ་བཅས་ཡིན་པ་དང་།“སེམས་ཀྱི་ཉི་ཟླ”ཞེས་པའི་མཚན་སྙན་གང་སར་ཁྱབ་ཡོད། པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཁ་བ་དཀར་པོའི་སྐད་གྲགས་རྒྱལ་ཁམས་སུ་ཁྱབ་ཡོད། གྲོང་གསེབ་སྡོད་ཁང་དང་མཁར་གྲོང་གི་འཛུགས་སྐྲུན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་ཅིང་། རིག་གནས་དང་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་མཚོ་བྱང་གིས་སློབ་སྦྱོང་བྱེད་དགོས་པའི་སྔོན་ཐོན་ཉམས་མྱོང་མང་པོ་ཡོད་པར་སྙམ། མིག་སྔར། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་གི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་གཏོད་རྒྱུ་དེ་ཀུན་གྱི་མདུན་གྲལ་ཏུ་སྐྱོད་དགོས་པའི་དམིགས་འབེན་བླང་བྱར་དམིགས་ནས། མདོ་ལ་རིང་མོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་།“གསེར་གཞོངས་འཇུ་ལག་དང་། ལྷ་ཁམས་མདོ་ལ། བོད་མཁར་རྐང་ཚ། བདེ་བརྟན་མདའ་བཞི། ”“དག་སྣང་མཚོ་བྱང”བཅས་ཀྱི་གནས་སྐོར་ཟོང་རྟགས་ནུས་ཤུགས་ཡོད་རྒུས་གཏོད་བཞིན་ཡོད། བདེ་ཆེན་ཁུལ་གྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་ལ་བརྟེན་ནས་མཚོ་བྱང་གི་ཐུན་མོང་མ་ཡིན་པའི་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ། བྱེ་མ། འཁྱགས་རོམ་གྱི་ཁྱད་ལྡན་སྐྱེ་ཁམས་གནས་སྐོར་ཐོན་ཁུངས་སྔོག་འདོན་ཤུགས་ཆེན་བྱེད་པ་དང་།“རྒྱལ་ཁབ་སྤྱི་གླིང་གཉིས”དང“མདེལ་གཉིས་སྐར་གཅིག”དང“ནུབ་ལམ་དམག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་སོགས་ཐད་ནས་བདེ་ཆེན་ཁུལ་ལ་ཕྱོགས་ཡོངས་ནས་མཉམ་ལས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། ས་གནས་གཉིས་ཀྱི་རིག་གནས་གནས་སྐོར་ལས་རིགས་འཕེལ་རྒྱས་ཐད་ཕན་འབྲས་གསར་པ་ཐོབ་པར་རམ་འདེགས་བྱེད་དགོས་པ་བསྟན།

640 (1).jpg

ལུའོ་ཁྲའོ་ཧྥེང་དང་ཀྲང་ཝེ་ཏུང་གིས་བདེ་ཆེན་ཁུལ་དང་མཚོ་བྱང་ཁུལ་ནི་སྐྱེ་ཁམས་གནས་བབ་གལ་ཆེན་དང་འཕེལ་རྒྱས་ཀྱི་ངེས་གནས་འདྲ་བ་ཡོད་པས་སྤེལ་རེས་མཉམ་ལས་ལ་བརྟེན་ནས་སླད་ཕྱིན་སྐྱེ་ཁམས་སྲུང་སྐྱོང་དང་། གནས་སྐོར་ལས་རིགས་འཕེལ་རྒྱས།  རྐང་ཐང་རི་འཛེག སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སོགས་ཁྱབ་ཁོངས་མང་པོར་གྲུབ་འབྲས་དེ་བས་མང་བ་ཐོབ་ནས། ས་གནས་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད།

བདེ་ཆེན་ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཁྲེན་ཆུན་དང་། ཁུལ་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་སྐལ་བཟང་རྣམ་རྒྱལ།  ཁུལ་གྱི་མགོ་ཁྲིད་མ་རུའུ་ཞང་གིས་ཕེབས་རོགས་གནང་།


མཉམ་སྤྱོད།