མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས09ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཀྲང་ཧྲིང་ཡོན་འཁོར་དང་བཅས་པ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུ་རུ་ལས་དོན་སྦྲེལ་མཐུད་བྱེད་པར་ཕྱིན།

2023-10-31 10:30:30   |   1456

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ10པའི་ཚེས26ནས27ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་རུ་སྣེ་ཁྲིད་དེ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུ་རུ་ལས་དོན་སྦྲེལ་མཐུད་བྱེད་པར་ཕྱིན། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་དང་། ཁུལ་སྲིད་གཞུང་གི་དྲུང་ཆེ་ཀྲུའུ་ལིན། ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། རྐང་ཚ་རྫོང་། ཧེ་ཡན་རྫོང་བཅས་ཀྱི་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།

1~1.jpg

ལས་དོན་སྦྲེལ་མཐུད་བྱེད་པའི་རིང་། ཀྲང་ཧྲིང་ཡོན་གྱིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སྤྱི་ཚོགས་སི་དང་རྒྱལ་ཁབ་ནུས་རྒྱུ་ཅུའི་གློག་ཤུགས་སི་སོ་སོར་བཞུགས་མོལ་གནང་ཞིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་རྒྱབ་སྐྱོར་དང་མཛུབ་ཁྲིད་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་གནས་ཚུལ། རྡུལ་ཕྲན་མཚོན་ཆ་དང་པོ་ཞིབ་བཟོ་བྱེད་སའི་རྟེན་གཞི་སྲུང་སྐྱོབ་དང་བེད་སྤྱོད་བྱས་པའི་གནས་ཚུལ། “མདེལ་གཉིས་སྐར་གཅིག”སྙིང་སྟོབས་ཀྱི“ཆེད་སྤྱོད་སྤུས་ལེགས་ཁྱད་ལྡན་ཐོན་རྫས་གསར་པའི”ལས་གཞིའི་གྲ་སྒྲིག་གནས་ཚུལ་བཅས་ཀྱི་སྐོར་སྙན་ཞུ་ཞུས་ལ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནུས་རྒྱུ་ཅུ་ཡིས་རྡུལ་ཕྲན་མཚོན་ཆ་དང་པོ་ཞིབ་བཟོ་རྟེན་གཞིའི་གནས་རྙིང་སྲུང་སྐྱོབ་བེད་སྤྱོད་བྱེད་པ་དང་། དྭངས་གཙང་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་བཅས་ཀྱི་ཐད་རྒྱབ་སྐྱོར་བྱེད་པའི་རེ་བ་ཞུས་ཤིང་། ཆུ་ཁོལ་སྟོང་ཧྥུ750གི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་དེ་རྒྱལ་ཁབ་ཀྱི“བཅུ་བཞི་ལྔ”ཡི་གློག་ཤུགས་འཆར་འགོད་ཀྱི་དུས་དཀྱིལ་ལེགས་སྒྲིག་ནང་བཅུག་སྟེ། དྭངས་གཙང་ནུས་རྒྱུ་ཕྱིར་གཏོང་གི་བགྲོད་ལམ་ཤར་གཏོང་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་དང་། ཐང་ཧུའུ་གློག་ཁང་གི་སྟོང་ཝ་ཁྲི2×66ཟིན་པའི་སོལ་གློག་འཕྲུལ་ཚན་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་དེ་རྒྱལ་ཁབ་ཀྱི་སོལ་གློག་འཆར་འགོད་འཛུགས་སྐྲུན་ཇུས་གཞིའི་ནང་བཅུག་སྟེ་རང་རེའི་ཁུལ་གྱི་གློག་དྲའི་སྙོམས་སྒྲིག་དང་མཁོ་འདོན་འགན་ལེན་ནུས་པ་སྔར་བས་ཆེ་རུ་གཏོང་རྒྱུར་རོགས་རམ་དང་། ཀྲུང་གོའི་རྡུལ་ཕྲན་མཁར་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་རྣམ་གྲངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་རེ་བ་བྱས།

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུའི་འབྲེལ་ཡོད་སི་ཡིས་ཉེ་བའི་ལོ་ཤས་རིང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་དང“མདེལ་གཉིས་སྐར་གཅིག”གི་རྒྱུན་འཛིན་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཚུལ་བསྟན།


མཉམ་སྤྱོད།