མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་ཞིང་ཆེན་ལུས་རྩལ་བཟོ་ཚོགས་རུ་ཆེན་དང་པོའི་རྒྱུག་ཐག་འབྲིང་རིང་གི་ལུས་རྩལ་པ་ཕུར་བ་ཚེ་བརྟན་ལ་གསེར་གྱི་རྟགས་མ་ཐོབ།

2023-10-31 15:34:08   |   1852

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།   ཡོང་ཁུངས།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བོད་ཡིག་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


  11.jpg

གླིང་ཆེན་ཨེ་ཤ་ཡའིU20མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་སྡུར་ཁྲོད་མཚོ་སྔོན་ཞིང་ཆེན་ལུས་རྩལ་བཟོ་ཚོགས་རུ་ཆེན་དང་པོའི་རྒྱུག་ཐག་འབྲིང་རིང་གི་ལུས་རྩལ་པ་ཕུར་བ་ཚེ་བརྟན་གྱིས་མྱུར་ཚད་སྐར་མ14དང་སྐར་ཆ45ཧོར་སྐར73ལ་རྒྱུག་ནས་སྐྱེས་པའི་ཚན་ཆུང་གི་སྨི5000གི་འགྲན་སྡུར་ཁྲོད་ཨང་དང་པོ་བླངས། 

     ཟླ10ཚེས26ཉིན་ནས་ཚེས27ཉིན་བར་རང་རྒྱལ་གྱི་ཅང་སུའུ་ཞིང་ཆེན་དབྱང་ཀྲོའུ་གྲོང་ཁྱེར་དུ2023ལོའི་གླིང་ཆེན་ཨེ་ཤ་ཡ་ཤར་མའི་གཞོན་ནུའི(U20)མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་སྡུར་སྤེལ་ཡོད་ཅིང་།  ཐེངས་འདིའི་འགྲན་སྡུར་དུ་རྣམ་གྲངས30བཀོད་སྒྲིག་བྱས་ཡོད་པ་དང་། གླིང་ཆེན་ཨེ་ཤ་ཡ་ཤར་མའི་རྒྱལ་ཁབ་དང་ས་ཁུལ་བདུན་གྱི་ལུས་རྩལ་པ146འགྲན་སྡུར་སྟེང་ཞུགས་ཡོད་པ་རེད།  

     ཕུར་བ་ཚེ་བརྟན་ནི2004ལོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ནས་སྐྱེས་ཞིང་། 2020ལོར་མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་རྒྱུག་ཐག་འབྲིང་རིང་གི་རུ་ཁག་ཁྲོད་ཞུགས་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལུས་རྩལ་པ་ཡིན། 2023ལོར་རྒྱལ་ཡོངས་རི་ཐང་འགྲན་རྒྱུག་གི་མུ་འབྲེལ་འགྲན་སྡུར་ལས་ཆེད་ལས་ཚན་ཆུང་གི་ལེ་དབར8ཅན་གྱི་འགྲན་སྡུར་ཁྲོད་ཨང་གསུམ་པ་བླངས་པ་དང་། 2023ལོའི་རྒྱལ་ཡོངས་ན་གཞོན(U20)གྱི་མཆོང་རྒྱུག་འཕེན་གསུམ་ལེགས་སྐྱེས་འགྲན་སྡུར་ལས་སྐྱེས་པའི་ཚན་ཆུང་གི་སྨི5000གི་འགྲན་རྒྱུག་ཁྲོད་མྱུར་ཚད་སྐར་མ14དང་སྐར་ཆ33ལ་རྒྱུག་ནས་ཨང་གཉིས་པ་བླངས། 2023ལོའི་རྒྱལ་ཡོངས་ན་གཞོན(U20)མཆོང་རྒྱུག་འཕེན་གསུམ་ལེགས་སྐྱེས་འགྲན་སྡུར་ལས་སྐྱེས་པའི་ཚན་ཆུང་གི་སྨི10000ཡི་འགྲན་སྡུར་ཁྲོད་མྱུར་ཚད་སྐར་མ30དང་སྐར་ཆ47ལ་རྒྱུག་ནས་ཨང་གཉིས་པ་བླངས། 


མཉམ་སྤྱོད།