དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་ལ་ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རྣམ་གྲངས5གསར་དུ་བསྣན།

2023-10-31 15:51:21   |   2595

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་མཚོ་བྱང་ཁུལ་གྱི་ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རྣམ་གྲངས་ཁག་བཞི་པའི་མིང་ཐོ་ཁྱབ་བསྒྲགས་བྱས། དེ་ལས་རྐང་ཚ་རྫོང་གི་རྣམ་གྲངས5མིང་ཐོའི་ནང་ཚུད་འདུག་སྟེ། རྐང་ཚའི་བོད་ཀྱི་གཏམ་དཔེ་དང་། རྐང་ཚའི་བོད་ཀྱི་ཤགས་འགྱེད། སྲོག་ཆགས་ཀྱི་གསོབ་གཟུགས་བཟོ་རྩལ། གནག་ཕྱུགས་ཀྱི་ཁུལ་རྩིད་ཀྱིས་སྦྲ་ནག་བཟོ་བའི་ལག་རྩལ། རྒྱ་ཉག་དགོན་པའི་འཆམ་བཅས་སོ། །  འདི་དག་ནི་དམངས་ཁྲོད་རྩོམ་རིག་དང་། སྲོལ་རྒྱུན་རོལ་དབྱངས། སྲོལ་རྒྱུན་ལག་ཤེས། སྲོལ་རྒྱུན་ཟློས་གར་བཅས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་ཆེ་གྲས་བཞི་དང་འབྲེལ་བ་ཡོད། རྐང་ཚ་རྫོང་གིས་ཐེངས་འདིར་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས6ཡར་ཞུ་བྱས་ཤིང་རྣམ་གྲངས5བདམས་ཐོན་བྱུང་། བདམས་ཐོན་བྱུང་ཚད90%ཟིན་པས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བསྐྲུན་ཡོད།

ད་ལྟའི་བར་དུ། རྐང་ཚ་རྫོང་ལ་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་གི་ཚབ་མཚོན་རྣམ་གྲངས5དང་། ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་གི་ཚབ་མཚོན་རྣམ་གྲངས11དང་། རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་གི་ཚབ་མཚོན་རྣམ་གྲངས14དང་། རྫོང་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རྒྱུན་འཛིན་པ19དང་། ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་རྒྱུན་འཛིན་པ4ཡོད།

1~2.jpg
རྐང་ཚ་རྫོང་གི་བོད་ཀྱི་གཏམ་དཔེ།
2~1.jpg

སྲོག་ཆགས་ཀྱི་གསོབ་གཟུགས་བཟོ་རྩལ།
3~1.jpg
སྦྲ་ནག་བཟོ་བའི་ལག་ཤེས།

4~1.jpg

རྐང་ཚའི་བོད་ཀྱི་ཤགས་འགྱེད།
5~1.jpg

རྒྱ་ཉག་དགོན་པའི་འཆམ།


མཉམ་སྤྱོད།