དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-11-01 07:42:50   |   1658

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུ་ཟླ10ཚེས30ནས31ཉིན་བར་པེ་ཅིང་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།

  • ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་བློ་དཀར་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ། ཕུལ་དུ་བྱུང་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་མཁས་ཅན། ཏང་དང་རྒྱལ་ཁབ་ཀྱི་ཕུལ་བྱུང་མགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་བདུན་པ་དང་། སྐབས་བཅོ་བརྒྱད་པ། སྐབས་བཅུ་དགུ་པ་བཅས་ཀྱི་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་ཙུང་ལི་བློ་མཐུན་ལི་ཁེ་ཆང་གི་སྐུ་ཕུང་ཟླ11ཚེས2ཉིན་པེ་ཅིང་དུ་ཞུགས་འབུལ་བྱ་རྒྱུ་རེད།

  • ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གོ(ཤིན་ཅང)རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་སྤྱིའི་ཇུས་གཞི》པར་འགྲེམས་བྱས།

1.jpg

  • ཟླ10པའི་ཚེས31ཉིན་གྱི་ཆུ་ཚོད8:11ཉིན། ལྷ་གྲུ་ཨང་བཅུ་དྲུག་པའི་མི་བཞུགས་འཕུར་གྲུ་ཕྱིར་ལོག་ཁང་དེ་ཏུང་ཧྥིན་ཕྱིར་ལོག་ར་བར་བདེ་བླག་ངང་བབས་པ་དང་། སྨན་བཅོས་མི་སྣས་འཇིག་རྟེན་འཕུར་སྐྱོད་པ་ཅིང་ཧའེ་ཕུང་དང་། ཀྲུའུ་དབྱང་ཀྲུའུ། ཀུའེ་ཧའེ་ཁྲོ་བཅས་ཀྱི་གཟུགས་པོ་བདེ་ཐང་གནས་ཚུལ་ཡག་པོ་ཡོད་པའི་ངོས་འཛིན་བྱས་པ་དང་། ལྷ་གྲུ་ཨང་བཅུ་དྲུག་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ལེགས་གྲུབ་བྱུང་ཡོད།

  • ཚོང་དོན་པུས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། དུས་ཚིགས་གསུམ་པའི་མཐའ་མའི་འཛད་སྤྱོད་གཏོང་སྒོས་དཔལ་འབྱོར་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད94.8%ཟིན་པ་དང་། GDPའཕར་བར་བརྒྱ་ཆའི་གྲངས4.6གིས་སྐུལ་ཁྲིད་བྱས་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས1པོ་ནས3པའི་བར་རང་རྒྱལ་གྱིས་གྲོང་གསེབ་ཀྱི་གཞུང་ལམ་གསར་སྐྲུན་དང་བསྐྱར་སྐྲུན་བྱེད་ཚད་སྤྱི་ལེ་ཁྲི11ལས་བརྒལ་ཡོད་པ་རེད།

  • རྒྱལ་ཁབ་ནུས་རྒྱུ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ1པོ་ནས8པའི་བར་རྒྱལ་ཡོངས་ཀྱིས་སྐྲུན་བཞིན་པ་དང་ལོ་འདིའི་ནང་ལས་མགོ་འཛུགས་རྩིས་ཡོད་པའི་ནུས་རྒྱུའི་གཙོ་གནད་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི1.5ཙམ་བཏང་བ་དང་། དུས་མཚུངས་ལས20.7%འཕར་ཡོད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ11ཚེས1ཉིན་གྱི་ཆུ་ཚོད་བཅུ་གཉིས་ནས་བཟུང་ས་མཚམས་ནས་འགྲོ་འོང་བྱེད་མཁན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཏུ་འགྲོ་འོང་བྱེད་པའི་བདེ་ཐང་རེ་ཞུའི་གཱ》རེའུ་མིག་བཀོད་མི་དགོས་པ་རེད།

  • ཕ་ལེ་སི་ཐན་འཕྲོད་བསྟེན་སྡེ་ཚན་དང་དབྱི་སི་རལ་གྱི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ10ཚེས31ཉིན་བར་རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་གིས་ཕྱོགས་གཉིས་པོའི་མི10000ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད་པ་རེད།

སྤྱི་ཚོགས།

  • ཟླ11པའི་ཚེས1ནས3ཉིན་བར། ནུབ་བྱང་ས་ཁུལ་གྱི་དབུས་ཤར་རྒྱུད་དང་། ནང་སོག ཧྭ་བྱང(华北)། བྱང་ཤར(东北)། ཧོང་ཧོའེ(黄淮)དང་ཅང་ཧན(江汉)སོགས་ཀྱི་དྲོད་ཚད་སྔ་རྗེས་སུ6℃-8℃ཆག་རྒྱུ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད10℃ཡན་ཆག་རྒྱུ་རེད།

  • པེ་ཅིང་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ11ཚེས1ཉིན་ནས་བཟུང་པེ་ཅིང་གྲོང་ཁྱེར་གྱི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གྱིས་སྡོད་ཁང་གི་གྲངས་ཀའི་ངོས་ལེན་ཐད་ཚོང་ལས་དངུལ་བུན་བྱས་པའི་གནས་ཚུལ་ལ་བསམ་གཞིག་མི་བྱེད་པ་སྟེ།“ཁང་པ་ངོས་ལེན་བྱེད་པ་ལས་ཚོང་ལས་དངུལ་བུན་བླངས་ཚུལ་ལ་མི་བལྟ་བ”ལག་བསྟར་བྱས་པ་རེད།

  • པེ་ཅིང་དངུལ་འཛིན་ཉོ་ཚོང་སུའོ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ10ཚེས31ཉིན་བར་པེ་ཅིང་ཉོ་ཚོང་སུའོ་ཡི་ཁྲོམ་ཞུགས་ཀུང་སི225ཚང་མས་དུས་ཚིགས་གསུམ་གྱི་སྙན་ཞུ་ཁྱབ་བསྒྲགས་བྱས་པས་བཅུ་ཆ་དགུ་ཙམ་ལ་ཁེ་སྤོགས་ཐོབ་ཡོད་པ་རེད།

  • ཟླ10ཚེས31ཉིན་ནས་བཟུང་། བཟོ་ཚོང་དངུལ་ཁང་དང་ཞིང་ལས་དངུལ་ཁང་སོགས་ཚོང་ལས་དངུལ་ཁང་ཆེ་གྲས་དྲུག་གིས་དངུལ་ཁང་གི་འགྲོ་ལུགས་དངུལ་དང་ཚོང་ལས་དངུལ་འགྲུལ་འཛིན་ཡིག་གི་མ་གནས་གྲོན་དངུལ་མི་བསྡུ་བ་སོགས་ཀྱི་འགྲོ་གྲོན་མང་པོ་བསྟུད་མར་དམའ་རུ་བཏང་བ་རེད།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་བརྡ་ཁྱབ་བཏང་བར་གཞིགས་ན། ཐོན་རྫས་ཀྱི་ཤོག་བྱང་དེ་ཀོང་ཀྲོའུ་ཨའོ་ལུན་མཛེས་འཆོས་དངོས་རྫས་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་སྐྲ་ཚོས་བྱུག་སྨན་སོགས་མཛེས་འཆོས་བྱུག་རྫས་ཁག30(སོ་སྨན་ཚུད་པ)གཏན་འབེབས་དང་མི་མཐུན་པ་རེད།

  • ཉེ་ཆར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི། ཀྲུའུ་ཞི་ཅི་པིན་ཁྲང་གིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད།

  • ཟླ10ཚེས31ཉིན། ཧྲེན་ཀྲེན་ཕྱིར་སྡོད་རང་མིའི་གྲོང་ཅ་ཀུའུ་གནས་སྐོར་ཀུང་སིའི་རི་བརྒལ་འཕྲུལ་འཁོར་གདོང་ཐུག་བརྒྱབ་པའི་ལས་འཛོལ་ལ་དམིགས་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དང་མཉམ་དུ་ཕྱིར་སྡོད་རང་མིའི་སྡེ་ཚོགས་ཚད་ཡོད་ཀུང་སིར་གླེང་མོལ་བྱས་པ་རེད།

2.jpg

  • ཡུན་ནན་ཀྲའོ་ཐུང(昭通)དུ་ལོ་ངོ་ཁྲི600ལྷག་གི་སྔོན་གྱི་ཙི་ཙིའི་འགྱུར་རྡོ་ཆེན་པོ་རྙེད་པ་རེད།

  • ཉེ་ཆར། ཀུའེ་དབྱང་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་ལྐོག་ཚོང་གི་གྱོད་གཞི་ཞིག་རྩད་ཆོད་པ་དང། ས་གནས་དེ་གར་དུག་རྫས་སྤྱི་རྒྱ2.23གཞུང་བཞེས་བཏང་བ་རེད།

སྲིད་ཇུས།

  • ཐེན་ཅིན་གྱིས་སྲིད་འཛིན་གྲོང་ཚོ་རེར་རྩ་དོན་ཐོག་ཚད་ལྡན་ཅན་གྱི་གྲོང་ཚོའི་འཕྲོད་བསྟེན་ཁང་གཅིག་བཀོད་སྒྲིག་བྱེད་པ་དང་།  ཞབས་ཞུའི་ཚངས་ཕྱེད་ཆུང་བ་དང་འགྲིམ་འགྲུལ་སྟབས་བདེ་བའི་ཉེ་འཁོར་གྱི་སྲིད་འཛིན་གྲོང་ཚོར་གྲོང་ཚོའི་འཕྲོད་བསྟེན་ཁང1བསྐྲུན་ཆོག་པ་ཁ་གསལ་བཏོན་ཡོད།

  • ཀོང་ཤིས་ཀྱིས་བརྡ་ཐོ་བཏང་ནས་ཚོད་སྦུག་ཕྲུ་གུ(试管婴儿)སོགས་སྨན་བཅོས་ཞབས་ཞུ་དེ་སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་ནང་འཇུག་རྒྱུ་རེད།

  • སི་ཁྲོན་ཁྲེང་ཏུའུ་ཡིས་ལོ5ནང་སློབ་གྲྭ་འབྲིང་ཆུང་རེར་ཉུང་མཐར་ཡང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས་ཀྱི་རབ་འབྱམས་པའི་སློབ་གནས་ལྡན་པའི་ཚན་རིག་དགེ་རྒན1ཡོད་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

དེ་རིང་གི་གནམ་གཤིས།

3.jpg

  • ནང་སོག་གི་ཤར་རྒྱུད་དང་། ཧེ་ལུང་ཅང་གི་བྱང་རྒྱུད། ཞིན་ཅང་གི་བྱང་རྒྱུད་དང་ནུབ་རྒྱུད། བོད་ལྗོངས་ཀྱི་དབུས་རྒྱུད། ཁྲོན་ནུབ་ས་མཐོའི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། དེའི་ནང་། ཞིན་ཅང་ཨ་ལི་ཐའེ་དང་ཐེན་ཧྲན་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་ཀྱི་ཡོད། ལེའོ་ཉིང་གི་བྱང་རྒྱུད་དང་། ཅི་ལིན་གྱི་དབུས་ཤར་རྒྱུད། ཧེ་ལུང་ཅང་གི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་ཀྱི་ཡོད།


མཉམ་སྤྱོད།