དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མགོན་པོ་ཚེ་བརྟན་གྱིས་མདོ་ལ་ནས་ལས་དོན་ལ་རྟོག་ཞིབ་མཛུབ་ཁྲིད་གནང་།

2023-11-06 10:50:00   |   8730

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཁུལ་ཨུའི“1+10”གཞི་རིམ་ལ་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་དོན་ལམ་སྲོལ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཉེ་ཆར། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་མགོན་པོ་ཚེ་བརྟན་མདོ་ལ་རྫོང་དུ་བསྐྱོད་དེ་མི་རིགས་ཆོས་ལུགས་ཀྱི་གཙོ་གནད་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་།

640 (1).png

མགོན་པོ་ཚེ་བརྟན་འཁོར་དང་བཅས་པ་སྔ་རྗེས་སུ་བཙུན་མོ་གཞོང་གྲོང་རྡལ་ཀུང་པེ་དབན་དབྱི་སི་ལན་ཆོས་ཁང་དང་། ཧྲང་ཀྲོང་དབྱི་སི་ལན་ཆོས་ཁང་། མདོ་ལ་རྫོང་དམར་དམག་ནུབ་ལམ་དམག་དཔུང་བཅིངས་འགྲོལ་དམག་གི་དམག་དཔུང་གཉིས་པའི་རྗེས་དྲན་གླིང(མདོ་ལ་རྫོང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི)དང་། མདོ་ལ་རྫོང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ཉམས་ལེན་ཁང་། གནའ་མཁར་མཁར་དམར་གྱི་དངོས་མང་བཤམས་སྟོན་ཁང་། མཁར་དམར་གྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དྲིལ་སྒྲོག་གི་རིག་གནས་བར་ཁྱམས་བཅས་སུ་བསྐྱོད་ནས་རྟོག་ཞིབ་བྱས།ཆོས་ལུགས་དགོན་སྡེ་ནས། མགོན་པོ་ཚེ་བརྟན་དང་དགོན་སྡེའི་དམངས་གཙོ་དོ་དམ་ཨུ་ལྷན་གྱི་ཁོངས་མིའི་དབར་གླེང་མོལ་དང་། དགོན་པའི་རྒྱུན་གཏན་དོ་དམ་དང་བདེ་འཇགས་བྱུར་རྐྱེན་ལེབ་བཤེར་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་མ་ཟད། དགོན་སྡེའི་མིག་སྔར་གནས་པའི་གནད་དོན་འདྲི་རྟོགས་དང་། དགོན་སྡེའི་དམངས་གཙོ་དོ་དམ་ཨུ་ལྷན་གྱི་བསམ་འཆར་དང་གྲོས་འགོར་ཉན་པ་རེད། ཁོང་གིས་གཅིག་ནས་ཆབ་སྲིད་ཀྱི་ལངས་གནས་སྔར་བས་མཐོ་རུ་བཏང་ནས“དགོན་པའི་དཔེ་གླིང”གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་དང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་བཅས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་དད་ལྡན་མང་ཚོགས་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་རྒྱུར་ཁྲིད་སྟོན་བྱེད་དགོས། གཉིས་ནས་དགོན་སྡེའི་དམངས་གཙོ་དོ་དམ་ཨུ་ལྷན་གྱི་ནུས་པ་འདོན་སྤེལ་བྱེད་རྒྱུར་དོ་སྣང་ཧུར་ཐག་བྱས་ནས་ལས་དོན་འགན་ནུས་ཆེ་རུ་བཏང་སྟེ། དགོན་སྡེའི་ནང་ཁུལ་གྱི་དོ་དམ་རྒྱུན་གཏན་ཅན་དང་། ཚད་ལྡན་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ལྷག་པར་དུ་ཆོས་ལུགས་ལས་དོན་མི་སྣས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས། ཏང་ཨུ་དང་སྲིད་གཞུང་གི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཏང་དང་བློ་གཅིག་སེམས་གཅིག་དང་། སེམས་པ་གཅིག་མཐུན་ཡོང་བའི་སློབ་གསོ་ཁྲིད་སྟོན་བྱེད་བཞིན། མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན། སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་མུ་མཐུད་དུ་བརྟན་པོར་གཏོང་དགོས། གསུམ་ནས་ཁྲིམས་ལུགས་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས། རྒྱ་ཆེའི་དད་ལྡན་མང་ཚོགས་ལ་ཆོས་ལུགས་ལས་རྒྱལ་ཁབ་ཆེ་བ་དང་། རྒྱལ་ཁྲིམས་ལས་ཆོས་ཁྲིམས་ཆུང་བ་སོགས་ཀྱི་བསམ་བློའི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། བཞི་ནས་དགོན་སྡེར་ཞབས་ཞུ་དང་དོ་དམ་གྱི་ལས་དོན་ཏན་ཏིག་དང་ཞིབ་ཚགས་ངང་བསྒྲུབས་ནས། ཉེན་ཁ་དང་བྱུར་རྐྱེན་ཁྱོན་ཡོངས་ནས་ལེབ་བཤེར་བྱེད་པ་དང་། རིམ་པ་བཞིན་བྱ་ཐབས་བཟོ་བ། ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། ཞན་ཆ་གསབ་པ། སྐྱོན་ཆ་སེལ་བ་བཅས་བྱེད་དགོས། དགོན་སྡེའི་མེ་ཟོན་དང་རིག་དངོས་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་ཤིང་། དགོན་སྡེའི་རིག་དངོས་སྲུང་སྐྱོབ་དོ་དམ་ལ་དམ་འཛིན་ཏན་ཏིག་བྱས་ཏེ་མེ་ཟོན་བདེ་འཇགས་ལས་དོན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན།

640 (2).png

640 (3).png

640 (4).png

མདོ་ལ་རྫོང་དམར་དམག་ནུབ་ལམ་དམག་དཔུང་བཅིངས་འགྲོལ་དམག་གི་དམག་དཔུང་གཉིས་པའི་རྗེས་དྲན་གླིང(མདོ་ལ་རྫོང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི)དང་། མདོ་ལ་རྫོང་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ཉམས་ལེན་ཁང། གནའ་མཁར་མཁར་དམར་གྱི་དངོས་མང་བཤམས་སྟོན་ཁང་། མཁར་དམར་གྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དྲིལ་སྒྲོག་གི་རིག་གནས་བར་ཁྱམས་བཅས་སུ་མགོན་པོ་ཚེ་བརྟན་གྱིས་ངོ་སྤྲོད་ལ་ཉན་པ་དང་འབྲེལ། འཛུགས་སྐྲུན་གཉེར་སྐྱོང་དང་ནུས་པ་འདོན་སྤེལ་བྱས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས། ཁོང་གིས་མདོ་ལའི་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གསར་བརྗེའི་རིག་གནས་ཐོན་ཁུངས་བེད་སྤྱོད་ཡག་པོ་བཏང་སྟེ། མདོ་ལའི་གསར་བརྗེའི་གཏམ་རྒྱུད་གཏིང་ཟབ་ཅིང་གསོན་ཉམས་ལྡན་པའི་སྒོ་ནས་བཤད་དགོས་ཤིང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་གཏོང་གི་སློབ་གསོའི་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་། ལོ་རྒྱུས་ཐོག་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་མདོ་ལའི་གཏམ་རྒྱུད་ཡག་པོ་བཤད་པ་དང་། མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། རྫོང་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོས་ཕེབས་རོགས་བྱས། 


མཉམ་སྤྱོད།