དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལི་ཞང་ཏུང་གིས་འཇུ་ལག་རྫོང་གི་ཡིག་སྐུར་ངོ་གཏུག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས།

2023-11-06 16:01:47   |   326

སྒྲིག་སྒྱུར།  དམ་ཆོས་བསམ་འགྲུབ།   ཡོང་ཁུངས།  མཚོ་བྱང་ངོ་གཏུག་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ཆར། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་གྱི་ཡིག་སྐུར་ངོ་གཏུག་ལས་དོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་འདུ་བསྡུ་མཁན་ལི་ཞང་ཏུང་འཇུ་ལག་རྫོང་དུ་ཕྱིན་ནས་ཡིག་སྐུར་ངོ་གཏུག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས།

ལི་ཞང་ཏུང་གིས་འཇུ་ལག་རྫོང་གི་ཉེ་དུས་ཡིག་སྐུར་ངོ་གཏུག་ལས་དོན་གནས་ཚུལ་དང་ལས་དོན་ཁྲོད་གནས་པའི་དཀའ་ངལ་དང་གནད་དོན་ལ་འདྲི་རྟོག་ཞིབ་ཕྲ་གནང་བ་དང་། ཞིང་ཆེན་ཡོངས་ནས་ཡིག་སྐུར་ངོ་གཏུག་ལས་དོན་ཁྲིམས་སྐྱོང་ཅན་དུ་བསྒྱུར་བའི་ཚོད་ལྟའི་ལས་དོན་དང་གཙོ་གནད་ཡིག་སྐུར་ངོ་གཏུག་གི་ཞིབ་བཤེར་འདུམ་འགྲིག་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཞིབ་ཕྲ་བཏོན།

640.png

ལི་ཞང་ཏུང་གིས་ཡིག་སྐུར་ངོ་གཏུག་གི་ལས་དོན་ནི་ཏང་གི་མང་ཚོགས་ལས་དོན་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་དང་། སྒོ་ཁར་བསྐྱལ་ཡོང་བའི་མང་ཚོགས་ཀྱི་ལས་དོན་ཞིག་དང་། ཏང་དང་སྲིད་གཞུང་གིས་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ཟམ་པ་ལྟ་བུ་ཞིག་ཡིན་པ་མ་ཟད།  མང་ཚོགས་ཀྱི་དཀའ་སྡུག་ལ་རྟོག་ཞིབ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཀྱི་ཡིག་བསྐུར་ངོ་གཏུག་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཡིག་སྐུར་ངོ་གཏུག་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཚོད་ལྟའི་ལས་དོན་ལ་དམ་པོར་དམིགས་ནས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དང་། ལངས་ཕྱོགས་དེ་བས་མཐོ་བ་དང་། ཚད་གཞི་དེ་བས་མཐོ་བ། བྱ་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་ཡིག་སྐུར་ངོ་གཏུག་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཚོད་ལྟའི་ལས་དོན་ཏན་ཏིག་སྤེལ་ནས། རང་རེའི་ཁུལ་གྱི་ཡིག་སྐུར་ངོ་གཏུག་ལས་དོན་གྱི་ཁྲིམས་ལུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། 

ལི་ཞང་ཏུང་གིས་མིག་སྔའི་བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་དགུན་དུས་ལས་མཚམས་བཞག་རྗེས་ཞིང་པ་ལས་མིར་མ་དངུལ་སྤྲོད་པ་དང་བཟོ་སྐྲུན་དངུལ་རྩིས་རྒྱག་པ་སོགས་ཀྱི་གནད་དོན་ལ་ཚད་མཐོའི་དོ་ཁུར་བྱས་ཏེ། “འགྱངས་ཆད་གཉིས”ཀྱི་འགལ་ཟླ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་ཐེངས་གཅིག་སྤེལ་བ་དང་། སྔ་མོ་ནས་ཉེན་བརྡ་གཏོང་བ་དང་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བྱས་ཏེ། གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།

ཁུལ་གྱི་ཡིག་སྐུར་ངོ་གཏུག་ལས་དོན་མཉམ་འབྲེལ་ལྷན་ཚོགས་གཞུང་ལས་ཁང་གི་འགན་འཁུར་བ་དང་། རྫོང་གི་ཡིག་སྐུར་ངོ་གཏུག་ལས་དོན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཚོགས་འདུ་བསྡུ་མཁན། ཡིག་སྐུར་ངོ་གཏུག་ཅུའི་འགན་འཁུར་བ་བཅས་ཀྱིས་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཕེབས་རོགས་གནང་།


མཉམ་སྤྱོད།