དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་མདའ་བཞི་རྫོང་དུ་བསྐྱོད་དེ་བརྗོད་དོན་སློབ་གསོའི་ཆེད་དོན་ལ་རྟོག་ཞིབ་གནང་།

2023-11-06 17:43:28   |   750

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་མདའ་བཞི་རྫོང་དུ་བརྗོད་དོན་སློབ་གསོའི་ཆེད་དོན་རྟོག་ཞིབ་བྱེད་པར་བསྐྱོད་དེ“བསམ་བློ་སློབ་སྦྱོང་དང་ཏང་གཤིས་ཤུགས་ཆེར་གཏོང་བ། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ནས་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་བཤད་གནང་བ་དང་། ཞིང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་ལྔ་བའི་ཙུའུ་ཀྲང་ཞུའེ་ཅན་ཧྭ་ཡིས་མཉམ་དུ་བརྗོད་དོན་སློབ་གསོའི་རྟོག་ཞིབ་ལས་དོན་ལ་མཛུབ་ཁྲིད་གནང་།

微信图片_20231106175535.jpg

དེའི་རིང་ཀྲང་ཧྲིང་ཡོན་དང་བཅས་པ་མདའ་བཞི་བདེ་སྐྱིད་སྡེ་བའི་བོད་ལུག་གསོ་ཚགས་རྟེན་གཞི་དང་མདའ་བཞི་དམངས་སྲོལ་སྡེ་བ། བོན་རྒྱ་ཕྱུགས་ར། ཞི་ཁྲ་སྡེ་བ་ནོར་ལུག་བསྡུ་ལེན་སྐྱེལ་འདྲེན་ས་ཚིགས། གསེར་ཐང་ཡུལ་ཚོ་ཐོན་ལས་གླིང་། ཏུང་ད་སྡེ་བའི་དམངས་ཕྱུག་འདེབས་འཛུགས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་། གསེར་ཐང་སྡེ་བའི་ཞིང་ལས་ཐོན་རྫས་ལས་སྣོན་ཐོན་ལས་གླིང་། སེ་ཧན་སྐྱེ་ཁམས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་། ཅིན་རུང་བོད་ལུག་གསོ་སྤེལ་མཉམ་ལས་ཁང་བཅས་སུ་བསྐྱོད་ནས་སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་ནོར་ལུག་བཤས་གཏོང་། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན།  ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་ཕྲ་གནང་། 

微信图片_20231106175542.jpg

ཀྲང་ཧྲིང་ཡོན་གྱིས་ས་ཁུལ་གྱི་ཐོན་ཁུངས་ལེགས་ཆ་དང་ཁྱད་ལྡན་གྲོང་གསེབ་ཀྱི་ཐོན་ལས་ལ་གཞི་ཚུགས་ཏེ། ཡུལ་བབ་དང་བསྟུན་པ་དང་རྒྱང་རིང་ལ་དམིགས་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་བཅས་བྱས་ནས་གསོ་ཚགས་དང་ཐོན་སྐྱེད། ཞིབ་འཇུག་སློབ་སྦྱོང་། གནས་སྐོར་སོགས་དུས་གཅིག་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྣེ་འདྲེན་ཁེ་ལས་དང་འདེབས་འཛུགས་གསོ་ཚགས་དུད་ཆེན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མང་ཚོགས་ཞུགས་རྒྱུར་སྐུལ་ཁྲིད་ཧུར་ཐག་བྱེད་པ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཐབས་ལམ་རྒྱ་ཆེར་བཏང་ནས་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཕྱུག་འགྱུར་ཡོང་འབབ་འཕར་སྣོན་མངོན་འགྱུར་ཡོང་བ་བྱེད་དགོས། ཞིང་འབྲེལ་ཞིང་ཁྲིད་ལམ་སྲོལ་འཐུས་ཚང་དུ་བཏང་ནས“ཁེ་ལས་དང་མཉམ་ལས་ཁང་། རྟེན་གཞི། ཞིང་འབྲོག་དུད་ཚང་བཅས་ཟུང་དུ་འབྲེལ་བ”སོགས་ཀྱི་མཉམ་ལས་བྱེད་སྟངས་ཁྱབ་གདལ་བཏང་སྟེ་ཞིང་པས་ས་ཞིང་མ་རྐང་ནང་ཞུགས་པ་དང་། མ་དངུལ་གཏོང་བ། ངལ་ལས་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ཐོན་ལས་འཕེལ་རྒྱས་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། མང་ཚོགས་ཀྱི་རང་ངོས་འཕེལ་རྒྱས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཡོང་འབབ་རྒྱུན་མཐུད་དང་བརྟན་པོའི་ངང་མང་དུ་གཏོང་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་འབྲེལ་མཐུད་མ་དངུལ་བེད་སྤྱོད་བྱས་ཚུལ་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་བྱ་བ་མ་བྱས་གོང་དང་བྱ་བ་སྒྲུབ་རིང་། བྱ་བ་བསྒྲུབས་རྗེས་བཅད“ཕྱོགས་གསུམ་གཞི་གཅིག”གི་སྒོ་རྒྱག་དོ་དམ་མ་ལག་བཙུགས་ནས་མ་དངུལ་བདེ་འཇགས་དང་ནུས་ལྡན་ངང་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། “ཡོང་འབབ་གཉིས”དང་ནོར་ལུག་བཤས་གཏོང་བའི་ལས་དོན་ལ་དམ་པོར་དམིགས་ཏེ། ནོར་ལུག་བཤས་གཏོང་བའི་བྱ་དགའ་དང་ཁ་གསབ་སྲིད་ཇུས་ལག་བསྟར་བྱ་རྒྱུར་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ནས་ནོར་ལུག་གི་ཤའི་ཐོན་རྫས་དང་དེ་བཞིན་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་རིགས་བྲིན་ཚོང་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག་བསྡོམས་རྩིས་དང་ཞིང་འབྲོག གྲོང་གསེབ་དར་རྒྱས་གཏོང་རྒྱུ་སོགས་སྡེ་ཚན་དབར་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་ལུག་བཤས་གཏོང་ཚད་དང་མང་ཚོགས་ཀྱི་འབབ་འཕར་གནས་ཚུལ་གཅིག་གྱུར་ཡོང་བ་བྱེད་དགོས། ཞིང་འབྲོག་ལས་ཐོན་སྐྱེད་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ཡག་པོ་བྱེད་པ། ཞིང་འབྲོག་ལས་རྒྱུན་རྣམ་པ་ཅན་གྱི་ཚན་རྩལ་ཞབས་ཞུར་ཤུགས་སྣོན་རྒྱག་པ། དྲོད་སྲུང་འཁྱག་འགོག་བྱ་ཐབས་དོན་འཁྱོལ་བྱེད་པ། དགུན་དུས་ལུ་གུ་སྐྱེ་ལེན་དང་ཕྲུ་གུ་གསོ་བའི་ལས་དོན་ཡག་པོ་སྒྲུབ་པ། གཟན་རྩྭ་དང་གཟན་ཆག་གཏོང་འདྲེན་གྲབས་གསོག་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཕྱུགས་རིགས་བདེ་འཇགས་ངང་དགུན་སྒྲོལ་ཡོང་བའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ།

微信图片_20231106175552.jpg

ཞུའེ་ཅན་ཧྭ་ཡིས་བརྗོད་དོན་སློབ་གསོའི་བརྟག་ཞིབ་ལས་དོན་ལ་མཛུབ་ཁྲིད་བྱེད་སྐབས་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་རྩ་བའི་ལས་འགན། ཞིབ་ཕྲའི་དམིགས་ཚད་མངོན་འགྱུར་བྱས་ཏེ་བརྗོད་དོན་སློབ་གསོ་དང་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་ཕྱོགས་གཉིས་དམ་འཛིན་དང་སྐུལ་འདེད་བཏང་སྟེ། བརྗོད་དོན་སློབ་གསོའི་སྤུས་ཚད་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས། ཆེད་དོན་བརྟག་དཔྱད་ཞིབ་འཇུག་དང་ཟུང་འབྲེལ། གནད་དོན་གྱི་ཁྲིད་ཕྱོགས་འབུར་ཐོན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་དང་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་བཅས་ཀྱི་གནད་དོན་རིགས་ཁག་ལ་དམ་པོར་དམིགས་པ། བརྟག་དཔྱད་ཞིབ་འཇུག་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ།  བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་དཀའ་གནད་སེལ་བ་དང་། ལས་ཀ་ལེགས་བཅོས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དངོས་དོན་གཉེར་བའི་བྱེད་ཐབས་སུ་དངོས་སུ་བསྒྱུར་དགོས།

ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་ཁུལ་ཞིང་འབྲོག་དང་ཚན་རྩལ་ཅུ། ཁུལ་གྲོང་གསེབ་དར་སྤེལ་ཅུ། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ། ཁུལ་བསྡོམས་རྩིས་ཅུ། མཚོ་བྱང་བརྟག་དཔྱད་རུ་ཆེན་དང་དེ་བཞིན་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་ཕེབས་རོགས་གནང་།


མཉམ་སྤྱོད།