དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-11-07 07:42:08   |   2658

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཟླ11ཚེས6ཉིན། ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི“ཧྥེང་ཆའོ་རྣམ་པའི་བྱ་བའི་བྱེད་ཐབས”ནང་བདམས་ཐོན་བྱུང་བའི་ལས་ཁུངས་ཀྱི་འཐུས་མིར་མཇལ་འཕྲད་གནང་།

2.jpg

  • ཟླ11ཚེས6ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁུ་པའི(古巴)ཙུང་ལི་མ་ལེ་ལུའོ་དང་མཇལ་འཛོམས་གནང་།

3.jpg

  • ཟླ11ཚེས6ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་སར་པི་ཡའི(塞尔维亚)ཙུང་ལི་པུར་ན་པི་ཆི་དང་མཇལ་འཛོམས་གནང་།

4.jpg

  • ཟླ11ཚེས6ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་འཚམས་འདྲི་གནང་བར་ཕེབས་པའི་ཨོ་སི་ཁྲུ་ལི་ཡའི(澳大利亚)ཙུང་ལི་ཨར་པ་ཉི་སི་དང་མཇལ་འཛོམས་གནང་།

5.jpg

  • ཟླ11ཚེས6ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ལྷོ་ཨ་ཧྥེ་རི་ཁའི(南非)ཙུང་ཐུང་གཞོན་པ་མ་ཧྲ་ཏི་ལའེ་དང་མཇལ་འཛོམས་གནང་།

  • ཟླ11ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་དང་པོའི“རྒྱུད་གཅིག་ལམ་གཅིག”གི་ཚན་རྩལ་སྤེལ་རེས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • ཀྲུང་དབྱང་དམག་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། དམག་ཨུའི་ཆབ་སྲིད་ལས་དོན་པུའུ་དང་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་པུའུ། སྦྱོང་བརྡར་དོ་དམ་པུའུ་བཅས་ཀྱིས་ཉིན་ཤས་གོང་མཉམ་འབྲེལ་ཐོག《དམག་དཔུང་སློབ་གླིང་གི་སློབ་མའི་སློབ་གྲྭའི་དོ་དམ་གཏན་འབེབས》པར་འགྲེམས་བྱས།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཇུས་གཞི་པར་འགྲེམས་བྱས་ནས་གྲོང་ཁྱེར་དང་གླིང་ཁུལ100བདམས་ནས་ཐཱན་རྩེར་སོན(碳达峰)ཚོད་ལྟ་བྱེད་རྩིས་ཡོད་པ་རེད།

  • སྐབས33པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་དཔྱད་འདེམས་བྱས་འབྲས་ཚེས6ཉིན་ཁྱབ་བསྒྲགས་བྱས་པ་དང་། བརྩམས་ཆོས377ལ་ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ་ཡོད།

  • ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། རྒྱལ་ཡོངས་ཀྱི་སྟོན་འབྲུ་བསྡུས་ཚད་བཅུ་ཆ་དགུ་ཟིན་པ་དང་དགུན་གྲོ་འདེབས་ཚད་བཅུ་ཆ་དགུ་ཙམ་ཟིན་ཡོད་པ་རེད།

སྤྱི་ཚོགས།

  • མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཚེས6ནས7ཉིན་བར། ནང་སོག་གི་ཤར་ལྷོའི་རྒྱུད་དང་བྱང་ཤར་ས་ཁུལ་གྱི་ས་ཆ་མང་ཆེ་བ་སྔ་རྗེས་སུ་དྲོད་ཚད་ཏུའུ6ནས་ཏུའུ8བར་དམའ་རུ་འགྲོ་རྒྱུ་ཡིན་པ་དང་། དེའི་ནང་། ཅི་ལིན་ཤར་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་དྲོད་ཚད་ཏུའུ10ནས་ཏུའུ12℃རུ་སླེབས་རྒྱུ་རེད།

  • ཚེས6ཉིན། རྒྱལ་ཁབ་ཀྱི་ཁག་དགུ་པའི་སྨན་རྫས་ཕྱོགས་བསྡུས་ཉོ་སྒྲུབ་ཀྱིས་སྨན་རྫས་རིགས41ཉོ་སྒྲུབ་ལེགས་གྲུབ་བྱུང་བ་དང་། འདེམས་སྒྲུག་ཉོ་སྒྲུབ་བྱས་པའི་སྨན་རྫས་ཆ་སྙོམས་བྱས་ན་རིན་གོང་བརྒྱ་ཆ58%གཅོག་རྒྱུ་རེད།

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་ཀྱིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ10པར། ཀྲུང་གོའི་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་སྟོན་གྲངས111.9ཡིན་པ་དང་། སྔར་བཞིན་སྟོན་གྲངས110ཡན་གྱི་ཆུ་ཚད་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

  • ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འཛད་སྤྱོད་པའི་ཞུ་གཏུག་བདག་སྤྲོད་བྱེད་ཚད་ཁྲི32ལྷག་ཙམ་ཟིན་པ་དང་། འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི35320མི་ཕོག་པ་བྱས་ཡོད།

  • ཚེས5ཉིན། WTTཧྥ་ལན་ཁེ་ཕུའུ་ཡི་དང་རྩེ(冠军)འགྲན་བསྡུར་ཁྲོད་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ཝང་དབྱི་ཏིས་བུད་མེད་རྐྱང་པའི་ཨང་དང་པོ་བླངས་པ་རེད།

  • ཧེ་ལུང་ཅང་ཞིང་ཆེན་ཅ་མུའུ་སི་གྲོང་ཁྱེར་ཧྭ་ནན་རྫོང་གི་ལུས་རྩལ་ཁང་ཞིག་ཏུ་ཚེས6ཉིན་རྡིབ་པའི་ལས་འཛོལ་ཐོན་ནས་མི་གསུམ་ཉེན་ཁར་ཚུད་པའི་གནས་ཚུལ་ཐོན་པ་རེད། 

  • པེ་ཅིང་གྲོང་ཁྱེར་གྱིས་ཚེས7ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་གཉིས་ཀྱི་ཐོག་ནས་དྲོད་རླངས་མཁོ་འདོན་བྱེད་རྒྱུ་རེད། དེ་ལོ་གོང་མའི་དངོས་སུ་དྲོད་རླངས་མཁོ་འདོན་བྱེད་པའི་དུས་ཚོད་ལས་ཆེས་ཆེར་སྔ་སྣུར་བྱས་ཡོད།

6.jpg

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཚེས28ཉིན་ཀྲུང་གོའི་ཅིང་ཅུས(京剧)ཟློས་གར་སྒྱུ་རྩལ་གྱི་སྤྱིར་བཏང་དྲན་གསོའི་དངུལ་ལོ་གཅིག་འགྲེམས་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།

  • ཉེ་ཆར། དབྱིན་ཁྲོན(银川)ཉེན་རྟོག་ཕྱོགས་ཀྱིས་མི་གཞན་སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་མཐའ་མཚམས་ནས་ལྐོག་བྲོས་བྱེད་མཁན་གྱི་སྤྱི་བདེ་པུས་ལྟ་སྐུལ་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན119འཛིན་བཟུང་བྱས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་བརྡ་ཐོ་བཏང་ནས་ཁེ་ལས་ཀྱིས་སློབ་ཆེན་མཐར་ཕྱིན་སློབ་མ་སོགས་རིགས་གསུམ་གྱི་ན་གཞོན་ཚོགས་སྤྱི་བསྡུས་ནས་ལོ་གཅིག་ཡན་གྱི་ངལ་རྩོལ་གན་རྒྱ་བཞག་པ་དང་། གཏན་འབེབས་ལྟར་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་འཇལ་སྤྲོད་བྱས་ཚེ། ལས་བསྡུ་བྱས་པའི་མི་རེར་ཁ་གསབ་སྒོར1000རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།

  • ཐེན་ཅིན་གྱིས་ཡིག་ཆ་བཀྲམ་ནས་གྲོང་ཁྱེར་དེ་གའི་གཙོ་གནད་ཐོན་ལས་སྦྲེལ་ཐག་ཁེ་ལས་ཀྱིས་འབུམ་རམས་པ་དང་འབུམ་རམས་ཞིབ་འཇུག་པ་ནང་འདྲེན་བྱེད་པར། འབྲེལ་ཡོད་ཆ་རྐྱེན་དང་མཐུན་རིགས་ལ་མི་རེར་སྒོར་ཁྲི20ཡི་བྱ་དགའ་དང་རོགས་སྐྱོར་བྱ་རྒྱུ་རེད།

  • ཅང་སུའུ་ཡིས་ཁེ་ལས་ཀྱིས་དབུ་བཞུགས་ལག་རྩལ་པའི་ལས་གནས་སུ་གདན་ཞུ་བྱས་པའི་མི་སྣ་དེ། ཁེ་ལས་དེ་གའི་མཐོ་རིམ་རྒན་པའི་གོ་མིང་མི་སྣར་གཞིགས་ནས་འབྲེལ་ཡོད་ཐོབ་ཐང་ལོངས་སུ་སྤྱོད་ཆོག་ཅེས་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

7.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་བྱང་ཤར་ས་ཁུལ་གྱི་ས་ཁུལ་མང་ཆེ་བ་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། དེའི་ནང་། ཧེ་ལུང་ཅང་གི་དབུས་ཤར་རྒྱུད་དང་ཅི་ལིན་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་ཀྱི་རེད། ཁྲུང་ཆིང་ལྷོ་རྒྱུད་དང་། ཧུའུ་པེའི་ལྷོ་ནུབ་རྒྱུད། ཧུའུ་ནན། ཅང་ཞིའི་དབུས་ནུབ་རྒྱུད། ཀོང་ཞིའི་ནུབ་རྒྱུད་དང་བྱང་རྒྱུད། ཡུན་ནན་གྱི་ས་ཆ་མང་ཆེ་བར་ཆར་པ་ཆུང་བ་ནས་འབྲིང་བ་དང་། ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་ཀྱི་རེད།


མཉམ་སྤྱོད།