དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་གྲོས་མཐུན་གན་རྒྱ་བཞག

2023-11-08 11:31:16   |   3137

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11པའི་ཚེས7ཉིན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་མཚོ་སྔོན་གྱི་རྡུལ་ཕྲན་མཁར་དུ《སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་པ་དང་འབྲེལ། “གསར་བརྗེའི་སློབ་གསོའི་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་ཝུའུ་ཀྲི་ཁྲེང་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས་ཏེ་ཤིས་ཚིག་ཕུལ། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཆེ་ཝང་ཡུང་ཁྲང་དང་། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་གཞོན་པ་ཐང་ཞའོ་ཅན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཤིང་ཧུའེ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཏེ་བཅས་ཚོགས་འདུར་ཞུགས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧན་ཧྲི་ཡིས་མཛད་སྒོ་གཙོ་སྐྱོང་གནང་། 

1.jpg

ཀྲང་ཧྲིང་ཡོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ། ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གི་རྒྱབ་སྐྱོར་བླ་མེད་འོག ཁུལ་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ལས་དོན་གྱིས“མགོ་འཛུགས་ས་མཐོན་པོ་ནས་འཆར་འགོད་དང་། ཚད་གཞི་མཐོ་བའི་འཛུགས་སྐྲུན། ཆུ་ཚད་མཐོ་བའི་དོ་དམ། སྤུས་ཚད་མཐོ་བའི་མཉམ་འདྲེས། ལས་ཕྱོད་ཆེ་བའི་མཉམ་སྤྱོད”བཅས་ཀྱི་བླང་བྱ་གཞིར་བཟུང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་པ་དང་། ཞིང་ཆེན་གྱི་མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་རྡལ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཤིང་། ལྷག་པར་དུ་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན། སྡོད་ཁང་འགན་ལེན། གྲོང་གསེབ་འཛུགས་སྐྲུན། འཇུ་ལག་གི“1.08”ས་ཡོམ་རིམ་པ6.9ཡི་གེགས་རྗེས་བསྐྱར་སྐྲུན་སོགས་ཀྱི་ཐད་རོགས་རམ་ཆེན་པོ་བྱས་ཏེ། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། རྗེས་ཕྱོགས། མཚོ་བྱང་ཁུལ་གྱིས་གྲོས་མཐུན་གྱི་ནང་དོན་ལ་དམ་པོར་དམིགས་ཏེ། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་དང་འབྲེལ་གཏུག་སྦྲེལ་མཐུད་དང་མཉམ་ལས་གཞོགས་འདེགས་ལ་རང་འགུལ་ངང་ཤུགས་སྣོན་བརྒྱབ་སྟེ། ཐིང་དང་ས་གནས་ཀྱི་མཉམ་ལས་ལ་ཕན་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཕྱོགས་གཉིས་པོས་གྲོང་ཁྱེར་གསར་བསྒྱུར་དང་། བཙོག་ཆུ་བཅོས་སྒྲིག གྲོང་གསེབ་འཛུགས་སྐྲུན། གྲོང་ཁྱེར་གྱི་ནུས་པ་ལེགས་སུ་གཏོང་བ། ཁང་པའི་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་སོགས་ཐད་ཀྱི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་འཐབ་ཇུས་མཉམ་ལས་དེ་ཞིབ་ཕྲའི་ལས་དོན་ཁྲོད་དོན་འཁྱོལ་བྱེད་པ་དང་། མཉམ་ལས་གཉིས་ཕན་གྱི་ལེའུ་གསར་པ་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་ཡོད་ཅེས་བསྟན།

2.jpg

ཝུའུ་ཀྲི་ཁྲེང་གིས་ད་ཐེངས་ཐིང་དང་ས་ཁུལ་གྱི་མཉམ་ལས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་བ་ནི་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་དངོས་ཤིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་ཞིག་ཀྱང་ཡིན་ཞེས་བཤད། ཐིང་དང་ས་ཁུལ་མཉམ་ལས་མཉམ་སྐྲུན་གཞི་གཅིག་ཅན་གྱི་དཔེ་དབྱིབས་གང་མགྱོགས་སྒོས་བཙུགས་ཏེ། མཚོ་བྱང་གི་གྲོང་ཁྱེར་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གིས་གྲོས་མཐུན་རྨང་གཞིར་བྱས་ཏེ་མཚོ་བྱང་ཁུལ་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་རྒྱབ་སྐྱོར་གཞོགས་འདེགས་དང་ཞབས་འདེགས་ཡག་པོ་བྱེད་རྒྱུ་ཡིན་པ་དང་། སྲིད་ཇུས་ཀྱི་མཛུབ་ཁྲིད་དང་། ཤེས་ལྡན་མི་སྣའི་རོགས་སྐྱོར། ཞབས་ཞུ་མཐུན་སྦྱོར་སོགས་ཀྱི་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ཐིང་དང་ས་ཁུལ་གྱི་མཉམ་ལས་ལ་ཕན་འབྲས་དངོས་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་གྲོས་མཐུན་དོན་འཁྱོལ་དང་འབྲས་བུ་བཟང་པོ་ཐོབ་རྒྱུར་འགན་སྲུང་བྱ་རྒྱུ་ཡིན་ཚུལ་བསྟན།

3.jpg

ཀྲང་ཧྲིང་ཡོན་དང་ཝུའུ་ཀྲི་ཁྲེང་གིས་མཉམ་གཅིག་ཏུ“གསར་བརྗེའི་སློབ་གསོའི་རྟེན་གཞིའི”སྒོ་བྱང་གི་ཡོལ་བ་ཕྱེས་པ་དང་། ཕྱོགས་གཉིས་པོའི་ཚབ་བྱས་ཏེ《སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད།

4.jpg

ཁུལ་སྲིད་གཞུང་གི་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་ཁྲུའུ་དང་ཁང་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།


མཉམ་སྤྱོད།