དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས24པར་རྟེན་འབྲེལ་ཞུ་བ་དང་། “ཕུལ་བྱུང་གསར་འགོད་པས་གཏམ་རྒྱུད་ཡག་པོ་བཤད་པའི”བྱེད་སྒོ་ནུབ་མཚོ་གྲོང་རྡལ་དུ་སྤེལ།

2023-11-08 16:23:32   |   2503

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11པའི་ཚེས7ཉིན། ཁུལ་ཨུའི་དྲིལ་སྒྲོག་པུ་དང་། ཁུལ་སྤྱི་ཁྱབ་བཟོ་ཚོགས། ཁུལ་ཨུའི་བརྗོད་དོན་སློབ་གསོ་མགོ་ཁྲིད་ཚན་ཆུང་གཞུང་དོན་ཁང་བཅས་ཀྱིས་གཙོ་གཉེར་བྱས་ཤིང་། མཚོ་བྱང་མདོ་ལ་ཚགས་པར་ཁང་དང་ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་འགན་སྒྲུབ་བྱས་པའི2023ལོའི་མཚོ་བྱང་ཁུལ་གྱི་ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས24པ་དང་། “ཕུལ་བྱུང་གསར་འགོད་པས་གཏམ་རྒྱུད་ཡག་པོ་བཤད་པའི”བྱེད་སྒོ་ནུབ་མཚོ་གློག་བརྙན་ཟློས་གར་ཁང་དུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཞིང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་ཙུའུ་ཀྲང་ཞུའེ་ཅན་ཧྭ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཞིང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་ཙུའུ་ཀྲང་གཞོན་པ་ཝུའུ་ཡིའུ་ཀྲེན། དེ་བཞིན་ཁྱིམ་དུ་ཡོད་པའི་ཐིང་རིམ་པའི་མགོ་ཁྲིད་བཅས་བྱེད་སྒོར་ཞུགས།

1.jpg

ཁུལ་ཨུའི་རྒྱུན་ཨུ་དང་། དྲིལ་སྒྲོག་པུའི་པུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོས་ཤིས་ཚིག་ཕུལ། ཁུལ་ཨུའི་རྒྱུན་ཨུ་དང་། དྲུང་ཆེ། གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཡུང་ཁྲང་གིས《2023ལོའི་གསར་འགྱུར་དྲིལ་སྒྲོག་གི་སྔོན་ཐོན་ཚོགས་པ་དང་ཕུལ་བྱུང་གསར་འགོད་པ། ཕུལ་བྱུང་འཕྲིན་གཏོང་བ་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》སྒྲོག་འདོན་བྱས།

ཉེ་བའི་ལོ་ཤས་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གསར་འགྱུར་གླེང་ཕྱོགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ལ་དམ་འཛིན་ནན་པོ་བྱས་ཏེ། རྣམ་གྲངས་དང་མ་དངུལ། མི་སྣ་སོགས་ཀྱི་ཐད་ནས་ཁུལ་དང་རྫོང་གི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱས་པ་དང་། ཁུལ་ཡོངས་ཀྱི་རྫོང་བཞིའི་སྨྱན་སྦྱོར་ལྟེ་གནས་འཛུགས་སྐྲུན་ཚང་མ་དུས་བཀག་ལྟར་ལེགས་འགྲུབ་བྱུང་། མཚོ་བྱང་མདོ་ལ་ཚགས་པར་ཁང་དང་ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་སྨྱན་སྦྱོར་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ། ཁུལ་དང་རྫོང་གི་སྨྱན་སྦྱོར་གྱི་རྨང་གཞིའི་ཆ་རྐྱེན་དང་། ལག་རྩལ་གྱི་ཆུ་ཚད། མི་ཤུགས། ཁྱབ་སྤེལ་ནུས་པ་སོགས་ཕྱོགས་གང་ཐད་ནས་མཐོར་འདེགས་ཕྱིན་ཡོད། དེ་དང་ཆབས་ཅིག་སྡེ་ཚན་ཁག་དང་ཚན་པ་ཁག་གིས་ནུས་ཤུགས་ཡོད་རྒུས་གསར་འགྱུར་དྲིལ་སྒྲོག་ལས་དོན་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བྱས་ཏེ། གཙོ་ཆེའི་དྲ་ཚིགས་དང་སྐད་འཕྲིན་སྤྱི་རྟགས་ཡག་པོ་བསྐྲུན་ནས“མི་ཚང་མ་དྲིལ་སྒྲོག་ནང་ཞུགས་པ་དང་། མི་ཚང་མ་མཚོ་བྱང་དྲིལ་སྒྲོག་མཁན་ཡིན་པའི”རྣམ་པ་ཞིག་ཆགས་པར་བྱས་ཡོད་ཅིང་། ཁུལ་ཡོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལ་བརྟན་ལྷིང་གི་གླེང་ཕྱོགས་ཁོར་ཡུག་ཅིག་བཏོད་ཡོད།

ཁུལ་ཡོངས་ཀྱི་གསར་འགྱུར་ལས་དོན་པས་གསར་འགྱུར་གྱི་ཕུགས་བསམ་བརྟན་སྲུང་དང་འགན་འཁྲི་ཕྲག་ཏུ་འཁུར་ཞིང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས། རིན་ཐང་ལྟ་ཚུལ་བཅས་ལ་ནན་ཏན་གྱིས་སྟངས་འཛིན་བྱས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ནས་ཕྱོགས་ཡོངས་དང་། ཟུར་ཚད་མང་བ། རིམ་པ་གཏིང་ཟབ་པ་བཅས་ཀྱི་སྒོ་ནས “243”འཕེལ་རྒྱས་ཀྱི་བཀོད་པ་དང་། “མཚོ་བྱང་ལྔའི”གསོན་ཉམས་དོད་པའི་ལག་ལེན་དང་ཕན་འབྲས་མངོན་གསལ་དོད་པོ་ཟིལ་ཤུགས་ལྡན་པ། ཁྱད་ཆོས་ལྡན་པ། ཤུགས་རྐྱེན་ལྡན་པའི་སྒོ་ནས་དྲིག་སྒྲོག་བྱས་ཤིང་། མཚོ་བྱང་གི་གཏམ་རྒྱུད་བཤད་པར་འབད་དེ། མཚོ་བྱང་གི་གཏམ་རྒྱུད་དང་མཚོ་བྱང་གི་སྣང་བརྙན་གཞན་གྱི་མིག་ལམ་དུ་བཀྲམས། ལྷག་པར་དུ་ཁུལ་ཡོངས་ཀྱི་གསར་འགྱུར་ལས་དོན་པས་དཀའ་ཚེགས་དང་ཉེན་ཁ་ཆེ་བའི་ལས་འགན་ཕྲག་ཏུ་འཁུར་ཏེ་དཀའ་ངལ་དང་འགྲན་སློང་སྣ་ཚོགས་གདོང་གིས་བསུས། ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོ་ནས་རིམས་ནད་འགོག་རྒོལ་བྱེད་པའི་འཐབ་རའི་བར། དབུལ་ཐར་འགག་སྒྲོལ་གྱི་གཡུལ་ས་ནས་གྲོང་གསེབ་དར་སྤེལ་གཏོང་བའི་ཡུལ་དངོས་བར། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་བྱེད་པ་ནས་མཚོ་བྱང་གི་བསམ་པའི་མཐོ་ས་གཏོད་པའི་བར། ཚོགས་འདུ་གལ་ཆེན་དང་བྱེད་སྒོ་གལ་ཆེན་ནས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བར་བཅས་ཀྱི་དཀའ་ཁག་སྣ་ཚོགས་ལས་རྣམ་པར་རྒྱལ། ད་ལོའི་ད་ལྟའི་བར་དུ། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་གསར་འགྱུར་སྨྱན་སྦྱོར་གྱིས་རིམ་རྩིས་བྱས་ན་གསར་འགྱུར་རྩོམ་ཡིག་ཁྲི7འགྲེམས་སྤེལ་བྱས་ཤིང་། ཀྲུང་དབྱང་དང་ཞིང་ཆེན་གྱི་གཙོ་གནད་སྨྱན་སྦྱོར་གྱིས་མཚོ་བྱང་གི་གསར་འགྱུར་རྩོམ་ཡིག་ཁག4500ལྷག་ཙམ་འགྲེམས་སྤེལ་བྱས་པ་དང་། དྲ་ཐོག་གི་ཀློག་གྲངས་དུང་ཕྱུར1ལས་བརྒལ་ནས་གཙོ་རྒྱུན་གླེང་ཕྱོགས་ཀྱི་སྟོབས་ཤུགས་ཆེན་པོ་ཆགས་ཡོད། བརྩམས་ཆོས1ལ“ཀྲུང་གོའི་གསར་འགྱུར་བྱ་དགའ”ཡི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་བརྩམས་ཆོས11ལ“མཚོ་སྔོན་གསར་འགྱུར་བྱ་དགའ”ཐོབ་ཡོད་ཅིང་། ཁུལ་ཡོངས་ཀྱི་གསར་འགྱུར་དྲིལ་སྒྲོག་གི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད།

བྱེད་སྒོ་སྤེལ་ཡུལ་དུ། མཚོ་བྱང་ཁུལ་གྱི2023ལོའི་གསར་འགྱུར་དྲིལ་སྒྲོག་གི་སྔོན་ཐོན་ཚོགས་པ་དང་ཕུལ་བྱུང་གསར་འགོད་པ། ཕུལ་བྱུང་འཕྲིན་གཏོང་པ་བཅས་ལ་གཟེངས་བསྟོད་བྱས་པ་དང་གཟི་བརྗིད་ལག་ཁྱེར་ཡང་སྤྲད།

བྱེད་སྒོ་སྤེལ་བའི་སྐབས་སུ། མཚོ་བྱང་ཁུལ་གྱི“ཕུལ་བྱུང་གསར་འགོད་པས་གཏམ་རྒྱུད་ཡག་པོ་བཤད་པའི”འགྲན་བསྡུར་ནང་ཞུགས་མཁན་གྱི་འགྲན་ཞུགས་ཚན་ཆུང6གིས“མཚོ་བྱང་གི་གཏམ་རྒྱུད་ཡག་པོ་བཤད་ནས་མཚོ་བྱང་གི་སྐད་སྒྲ་བརྒྱུད་སྤེལ་བྱེད་པའི”བརྗོད་དོན་གཙོ་བོར་དམིགས་ནས་འཐབ་ས་དང་པོ་ནས་བཅར་འདྲི་བྱས་པའི་མྱོང་ཚོར་བཤད། གཏམ་བཤད་གནང་མཁན་ཚོས་དཔང་པོ་དང་ཟིན་ཐོ་འགོད་མཁན་གྱི་མཐོང་སྣེ་ནས་མྱོང་ཚོར་དང་། མིག་མཐོང་། དངོས་སུ་ཐོས་པ། དངོས་སུ་ཞུགས་པ་བཅས་ཀྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་བཤད་ཅིང་། དཔེ་མཚོན་ལྡན་པའི་གཏམ་རྒྱུད་རེ་རེས་དུས་རབས་གསར་པའི་སྨྱན་སྦྱོར་མི་སྣ་གཞི་རིམ་དུ་ཟབ་ཞུགས་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་འགན་འཁྲི་མངོན་པར་མཚོན།

ཛ་དྲག་གི་འགྲན་བསྡུར་བརྒྱུད་མཐར། མཚོ་བྱང་ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་དཔལ་ལྡན་ཚེ་རིང་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། མདའ་བཞི་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཀྲོའུ་ཙི་ཧུའེ་ལ་བྱ་དགའ་ཨང་གཉིས་པ་ཐོབ། རྐང་ཚ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་དབྱང་ལེ་དང་རྟ་མགྲིན་མཚོ། ཧན་ཤིས། ཏུའུ་ཀེང་ཙེ་བཅས་ལ་བྱ་དགའ་རིམ་པ་གསུམ་པ་ཐོབ། བདམས་ཐོན་པ་གཞན་དག་ལ་ཕུལ་བྱུང་བྱ་དགའ་ཐོབ།

མཚོ་བྱང་མདོ་ལ་ཚགས་པར་ཁང་དང་། མཚོ་བྱང་ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས། འཇུ་ལག་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། མདོ་ལ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། མདའ་བཞི་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་ཀྱི་གསར་འགྱུར་ལས་དོན་པས་ད་དུང་ཞབས་བྲོ་དང་། སྙན་ངག་གྱེར་འདོན། གླུ་གཞས། བོད་ཀྱི་གཞས་སོགས་ངོ་མཚར་ཆེ་བའི་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས།

19.jpg

ཞིང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་ཁོངས་མི་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྡེ་ཚན་ཁག་དང་ཚན་པ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་མཚོ་བྱང་དུ་བཅའ་སྡོད་བྱས་པའི་གསར་འགོད་པའི་ས་ཚིགས་ཀྱི་འགན་འཁུར་བློ་མཐུན། རྫོང་བཞིའི་རྫོང་ཨུའི་དྲིལ་སྒྲོག་པུ་དང་རྫོང་བཞིའི་སྨྱན་སྦྱོར་ལྟེ་གནས་ཀྱི་འགན་འཁུར་བློ་མཐུན། མདོ་ལ་ཚགས་པར་ཁང་དང་མཚོ་བྱང་ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་ཡོངས་དང་དེ་བཞིན་ཁུལ་ཐད་གཏོགས་ཚན་པ་ཁག ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་ཚན་པ་ཁག་གི་ལས་བྱེད་ལས་བཟོའི་འཐུས་མི་བཅས་བྱེད་སྒོར་ཞུགས།


མཉམ་སྤྱོད།