དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-11-09 07:20:30   |   828

སྒྲིག་སྒྱུར། མཁའ་འགྲོ་མཚོ།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.png

  • ཟླ11ཚེས8ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས2023ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་བརྙན་ལམ་ཤིས་ཚིག་ཕུལ།

  • ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་པུས《སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་ཀྱི་ལམ་སྲོལ་གསར་པ་ཚད་ལྡན་ལག་བསྟར་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བརྒྱུད་སྤེལ་བྱས་པ་རེད།

  • ཞིང་ལས་དང་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱོགས་བསྡུས་ཐོན་སྐྱེད་ཚད་ལེན་དང་ཞིབ་འཇུག་བྱས་པ་བརྒྱུད་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི1.3ཡན་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་སླར་ཡང་གཏོད་ཐུབ་ཡོད་པ་རེད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཅུ་པར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི3.54ཟིན་པ་དང་ཟླ་རེའི་འཕར་ཚད་དེ་ཟླ6པ་ནས་བཟུང་ཟླ་བ་བཞི་བསྟུད་མར་ཆག་པ་ནས0.9%འཕར་བར་གྱུར་ཡོད།

  • རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དགུ་པའི་བར་རང་རྒྱལ་གྱི་གོ་ཆོད་གསར་གཏོད་ཁེ་བེད་བདག་ཐོབ་དང་ཚོང་རྟགས་དབང་ཚད་སོ་སོར་ཁྲི480.5དང་ཁྲི4512.2ཟིན་ཡོད།

  • ཚེས7ཉིན་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཀྱིས་སྔོན་དཔག་བྱས་ན2023ལོར་ཀྲུང་གོའི་དཔལ་འབྱོར5.4%འཕར་རྒྱུ་ཡིན་པ་དེ་སྔོན་གྱི་སྔོན་དཔག་ལས་མཐོ་བ་ཡོད་ཅེས་ཁྱབ་བསྒྲགས་བྱས།

2.png

  • ཀྲུང་གོ་སྲིད་གཞུང་གིས་ནེ་པ་ལར་རོགས་སྐྱོར་བྱས་པའི་མི་ཆོས་རིང་ལུགས་ཀྱི་ཡོམ་འགོག་གེགས་སེལ་དངོས་ཟོག་ཚེས8ཉིན་ནེ་པ་ལའི་པོ་ཁེ་ལ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་རེད།

    སྤྱི་ཚོགས།

  • དེ་རིང་ནང་སོག་གི་ས་ཆ་མང་ཆེ་བ་དང་། ཧྭ་བྱང་། ཧོང་ཧོའེ་དང་བྱང་ཤར་ས་ཁུལ་སོགས་ཀྱི་དྲོད་ཚད4~6℃མར་ཆག་པ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད8℃ཡན་ཆག་རྒྱུ་རེད།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་ནས་བཟུང་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་དྲ་སྦྲེལ་གྱི་དབང་གནོད་དང་རྫུས་མའི་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ནས་འབྲེལ་ཡོད་གྱོད་གཞི་ཁག1700ལྷག་ཙམ་རྩད་ཆོད་པ་རེད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་སྨན་བཅོས་བདེ་ཐང་ཆ་འཕྲིན་རྒྱལ་ཡོངས་ཀྱི་སྤེལ་རེས་མཉམ་སྤྱོད་ཐད་མཚོན་རྟགས་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

3.png

  • ཚེས7ཉིན་ཝུའུ་ཀྲེན་འཛམ་གླིང་དྲ་སྦྲེལ་ཚན་རྩལ་ཁང་ཀྲེ་ཅང་ཝུའུ་ཀྲེན་དུ་སྒོ་ཕྱེ་བ་དེ་ནི་གོ་ལ་ཧྲིལ་པོའི་དྲ་སྦྲེལ་བརྗོད་དོན་གཙོ་བོར་བྱས་པའི་ཚན་རྩལ་ཁང་ཆེ་གྲས་ཐོག་མ་དེ་ཡིན་པ་རེད།

4.png

  • ཉེ་ཆར་རང་རྒྱལ་གྱིས་སྐྲུན་བཞིན་པའི་བྱང་སྣེའི་མྱུར་བགྲོད་ལྕགས་ལམ་སྟེ། ཧ་དབྱི་མྱུར་བགྲོད་ལྕགས་ལམ་གྱི་ཐིའེ་ལི་ནས་དབྱི་ཁྲུན་དུམ་བུའི་གདུང་མའི་ལས་གྲྭ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ནས་ལམ་ཐིག་ཧྲིལ་པོར་ལྕགས་ལམ་འདིང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

5.png

  • གནའ་རྫས་རྟོག་ཞིབ་མཁས་ཅན་གྱིས་ཉེ་ཆར“ཆིན་མིའི་ཕ་ཡུལ”ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ལི་རྫོང་དུ་དངོས་སུ་བརྟག་དཔྱད་བྱས་པར་གཞིགས་ན། ས་གནས་དེ་གའི་ཟུར་བཞི་ཕིང་གི་གནའ་ཤུལ་ནི་རྒྱལ་ནང་དུ་མཐོང་དཀོན་པའི་ཆིན་རྒྱལ་རབས་ཀྱི་གུས་ལུགས་རང་བཞིན་གྱི་འཛུགས་སྐྲུན་ཚོགས་པ་ཆེ་གྲས་ཤིག་ཡིན་པ་བསྟན།

6.png

  • ཉེ་ཆར་ཡུན་ནན་གྱི་ན་པན་གཙང་པོ་འབབ་རྒྱུད་ཀྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རི་སྐྱེས་སྲུང་སྐྱོབ་སྲོག་ཆགས་ཀྲུང་ཧྭའི་ན་གི་བརྒྱུད་པར་སླར་ཡང་པར་ལེན་ཐུབ་ཡོད།

སྲིད་ཇུས།

  • ཧྲན་ཏུང་གིས་ས་མིང་རྙིང་པ་བལྟོས་བཅས་ཀྱིས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རིམ་པ་ཁག་དང་རིགས་ཁག་གི་སྲུང་སྐྱོང་མིང་ཐོའི་ནང་བཅུག་པའི་ས་མིང་གང་བྱུང་དུ་མིང་བསྒྱུར་མི་ཆོག་པ་ཁ་གསལ་བཏོན།

  • ཨན་ཧུའེ་ཡིས་ཁང་པ་འཛུགས་སྐྲུན་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་རྨང་གཞིའི་སྒྲིག་བཀོད་ལས་གྲྭའི་འགན་གཙང་ལེན་མཁན་གྱིས་ཨར་ལས་བརྒྱུད་རིམ་གྱི་སྡོམ་རྩིས་རིན་གོང་སྔོན་ལ་ཞིང་པ་ལས་མིའི་གླ་ཕོགས་སྤྲོད་པ་དང་འགན་ལེན་བྱེད་པར་སྤྱོད་དགོས་པའི་བླང་བྱ་བཏོན།

  • ཀོང་ཞི་ཡིས་སྡོད་ཁང་དུ་གློག་སྐས་བཙུགས་ཡོད་པ་དག་གིས་གློག་སྐས་ཀྱི་ཁྲོན་ལམ་དང་གློག་སྐས་ཚོད་འཛིན་སྒམ་དེ་ཉལ་ཁང་དང་སྡོད་ཁང་གི་ཉེ་སར་འཛུགས་མི་ཆོག་པ་ཁ་གསལ་བཏོན།

    དེ་རིང་གི་གནམ་གཤིས།

7.png

  • ནང་སོག་དང་། ཧེ་ལུང་ཅང་། ཅི་ལིན། ལིའོ་ཉིང་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་། དེའི་ཁྲོད་ཧེ་ལུང་ཅང་དབུས་རྒྱུད་ཀྱི་ལྷོ་ཕྱོགས་དང་ཤར་རྒྱུད་དང་། ཅི་ལིན་གྱི་དབུས་རྒྱུད། ཁྲང་པའེ་རི་བོའི་ས་ཁུལ་བཅས་སུ་ཁ་བ་ཆེན་འབབ་རྒྱུ་ཡོད། ཀུའེ་ཀྲོའུ་དང་། ཁྲུང་ཆིང་། ཧུའུ་པེ། ཧུའུ་ནན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བར་འབབ་རྒྱུ་ཡོད་པའི་ཁྲོད་ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད་དང་། ཧུའུ་ནན་གྱི་ནུབ་བྱང་རྒྱུད། ཤར་རྒྱུད། ཅང་ཞིའི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་ཡོད།


མཉམ་སྤྱོད།