དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-11-10 07:21:17   |   3544

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ11ཚེས9ཉིན་ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་རྒྱལ་ཁབ་རང་བཙན་བྱུང་ནས་ལོ་འཁོར70ལོན་པར་ཁམ་ཕུ་ཁྲེའི་རྒྱལ་པོ་ཞི་ཧ་མོ་ཉི་དང་ཁམ་ཕུ་ཁྲེ་མི་དམངས་ཏང་གི་ཀྲུའུ་ཞི་ཧུང་སེན་ལ་རྟེན་འབྲེལ་གློག་འཕྲིན་སྤྲིངས།

  • ཟླ11པའི་ཚེས9ཉིན། བློ་མཐུན་ཀྲོའུ་ཐེ་ནུང་གི་སྐུ་ཕུང་པེ་ཅིང་པ་པའོ་རི་བོའི་གསར་བརྗེའི་སྤྱི་པའི་བང་སོར་ཞུགས་འབུལ་བྱས། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི་སོགས་པ་པའོ་ཧྲན་རི་བོའི་གསར་བརྗེའི་སྤྱི་པའི་བང་སོ་ནས་ཞལ་གྱེས་ཞུས།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད་པུས་མཛུབ་ཁྲིད་བསམ་འཆར་ཁྱབ་བསྒྲགས་བྱས་ཏེ། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་ཀྱི་ལམ་སྲོལ་གསར་པ་ཚད་ལྡན་ངང་ལག་བསྟར་བྱེད་དགོས་པ་བཏོན།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་ནས་བཟུང་རྒྱལ་ཡོངས་ཀྱིས་ལག་ཁྱེར་རྫུས་མ་དང་ལག་ཁྱེར་རྫུས་མ་བཟོས་པའི་ཉེས་གསོག་གྱོད་གཞི་ཁྱོན7700ལྷག་ཙམ་ཐོ་འགོད་མྱུལ་ཞིབ་བྱས་པ་དང་ཉེས་གསོག་དོགས་ཅན་ཁྲི1.1འཛིན་བཟུང་བྱས།

  • ཉེ་ཆར། འཕྲལ་སྡོམ་དོ་དམ་པུས《མེ་ཟོན་རོགས་སྐྱོབ་ཀྱི་དྲན་གསོའི་རྟགས་མ་སྤྲོད་པའི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)》པར་འགྲེམས་བྱས་པ་དང་འབྲེལ་ཐམ་ག་སྤྲོད་པའི་མཛད་སྒོ་ཐོག་མ་འཚོགས།

  • རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རང་རྒྱལ་ལ་ལྡན་པའི་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཁྱུ་ཚོགས་སྟོབས་ཆེན་བརྒྱའི་གྲངས་འབོར་འཛམ་གླིང་གི་ཨང་དང་པོར་ཐོག་མར་སླེབས།

1.png

  • ཚེས9ཉིན་རང་རྒྱལ་གྱིས་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་སྲུང་སྐར6Eསྲུང་སྐར་མཁའ་དབྱིངས་སུ་འཕེན་གཏོང་བྱས།

  • ཚེས9ཉིན་ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གི་དམག་གྲུའི་དཔུང་རུ1301རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་སྐོར་གཡེང་བྱས།

  • ཉིན་ཤས་གོང་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་གནམ་གཤིས་ཁྱད་མངགས་ཕོ་ཉ་དང་ཚོགས་པས་ཨ་རིའི་ཅ་ཀྲོའུ་རུ་འཚོགས་པའི་གནམ་གཤིས་གྲོས་མོལ་བདེ་ལེགས་ངང་མཇུག་འགྲིལ་ནས་ཕྱོགས་གཉིས་པོར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ།

  • འཛམ་གླིང་གནམ་གཤིས་རྩ་འཛུགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ད་ཐེངས་ཀྱི་ཨེར་ཉི་ནུའོ་སྣང་ཚུལ་ཉུང་མཐར་ཡང་ཕྱི་ལོའི་ཟླ་བཞི་པར་རྒྱུན་མཐུད་ཐུབ་བྱེད་རྒྱུ་རེད།

སྤྱི་ཚོགས།

  • དེ་རིང་དང་སང་ཉིན་བྱང་ཤར་ས་ཁུལ་གྱི་མང་ཆེ་བ་དང་། ཧྭ་བྱང་། ཧོང་ཧོའེ་། ཅང་ཧན། ཅང་ཧའེ། ཅང་ནན་བཅས་ཀྱི་ས་ཆ་མང་ཆེ་བའི་དྲོད་ཚད4~8℃ཆག་རྒྱུ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད10℃ཡན་ཆག་རྒྱུ་རེད།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་བཅུ་པར་རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས(CPI)དུས་མཚུངས་ལས0.2%ཆག་པ་དང་ལོ་གོང་མའི་དུས་མཚུངས་ལས0.1%ཆག་ཡོད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་དུས་ཚིགས་གསུམ་པར་རྒྱལ་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་ལྟ་སྐུལ་འཐེན་བཤེར་གྱི་ཚད་གཞི་ལོན་མེད་པ་དེ2.60%ཟིན།

  • དམངས་སྤྱོད་མཁའ་འགྲུལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས9ཉིན་ནས་བཟུང་ཀྲུང་གོ་དང་ཨ་རིའི་བར་དུས་བཀག་ལྟར་ཐད་ཀར་འཕུར་བའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་རིམ་བཞིན་མང་དུ་འགྲོ་འགོ་ཚུགས་པ་དང2023/2024ཡི་དགུན་དུས་ཀྱི་མཁའ་འགྲུལ་དུས་ཚིགས་གཟའ་འཁོར་རེར་ཐེངས70བར་མང་དུ་བཏང་།

  • ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས“བཅུ་པའི་ཚེས་བཅུ་གཅིག”གི་འཛད་སྤྱོད་དྲན་སྐུལ་ཁྱབ་བསྒྲགས་བྱས་ཏེ། འཛད་སྤྱོད་པར“དྲ་ཐོག་ནས་དངོས་ཟོག་ཉོ་སྒྲུབ་དང་ཕྱིར་སློག་གི་གྲོན་དངུལ་ཕྱིར་སློག་བྱེད་པའི”གཡོ་ཐབས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བཏང་།

  • ཚེས9ཉིན་རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བྱས་ནས་བསྐྲུན་པའི་རྒྱལ་ཡོངས་ཀྱི་གྲུ་འདྲེན་ལས་གྲྭའི་གྲུ་གཟིངས་ཆེ་ཤོས“ཆི་ཧྥན་ཨང19པ”དངོས་སུ་སྤྱོད་མགོ་ཚུགས།

2.png

  • རང་རྒྱལ་གྱི་ཞིབ་འཇུག་མི་སྣས་ཀུའེ་ཀྲོའུ་ཨན་ཧྲུན་ནས་ལོ་ངོ་དུང་ཕྱུར1.9སྔོན་གྱི་གཏུམ་འབྲུག་འགྱུར་རྡོའི་ཁྱུ་ཚོགས་ཤིག་རྙེད་པ་དེ་ནི་མིག་སྔར་འཛམ་གླིང་ཐོག་གི་ཆེས་སྔ་བའི་འབྲུག་སྒོང་དང་གཟུགས་དར་མ་མཉམ་དུ་ཉར་ཚགས་བྱས་པའི་གཏུམ་འབྲུག་འགྱུར་རྡོའི་ཁྱུ་ཚོགས་ཤིག་རེད།

3.png

  • ཉེ་ཆར་སི་ཁྲོན་ཁྲེང་ཏུའུ་གཞིས་ཁུལ་ཅིག་གི་ཐོག་བརྩེགས་གསུམ་པར་གློ་བུར་དུ་མེ་སྐྱོན་བྱུང་ཞིང་། མྱུར་སྐྱེལ་པ་ཝུན་ཅུན་གྱིས་ཤེས་རྗེས་འགྲོ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་ཞིག་ཐོག་ཁང་ནས་མར་འཁུར་ནས་ཡོང་པ་དང་འབྲེལ་མེ་ཟོན་མི་སྣར་མེ་གསོད་རོགས་བྱས།

སྲིད་ཇུས།

  • ཨན་ཧུའེ་ཡིས་བསམ་འཆར་བསྡུ་ལེན་མ་ཡིག་ཁྱབ་བསྒྲགས་བྱས་ཏེ། མཐོ་ཚད་སྨི་བརྒྱ་ལས་མཐོ་བའི་སྡོད་ཁང་ལ་རང་འགུལ་མེ་གསོད་མ་ལག་འཛུགས་རྒྱུའི་གཏན་འབེབས་བྱས་།

  • ཧུའུ་པེས་བརྡ་ཐོ་བཏང་སྟེ་ཕྲུ་གུ་མ་སྐྱེས་གོང་གི་ཞིབ་བཤེར་འགྲོ་གྲོན་དེ་ལས་བཟོའི་སྨན་བཅོས་འགན་བཅོལ་དང་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་སྒོ་བསྟེན་སྨན་བཅོས་ཀྱི་སྤྱི་འདོམས་འགན་ལེན་ཁྱབ་ཁོངས་ནང་འཇུག་རྒྱུ་ཡིན་པ་ཁ་གསལ་བཏོན།

  • ཀན་སུའུ་ཡིས་བྱེད་ཐབས་བཏོན་ནས་དམག་ཞབས་ཐིམས་པའི་དམག་མིས་མཐོ་ཤོས་ལ་སྒོར་ཁྲི20ཡི་ལས་གཏོད་ཁག་ཐེག་དངུལ་བུན་རེ་ཞུ་བྱེད་ཆོག་པ་གཏན་འབེབས་བྱས།

དེ་རིང་གི་གནམ་གཤིས།

4.png

  • ནང་སོག་གི་ས་ཁུལ་མང་ཆེ་བ་དང་། ཧེ་ལུང་ཅང་གི་ནུབ་རྒྱུད། ཅི་ལིན་གྱི་ནུབ་རྒྱུད། ཧོ་པེའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། ཧྲན་ཏུང་གི་ཤར་རྒྱུད་དང་། ཅང་སུའུ་ཡི་ས་ཆ་མང་ཆེ་བ། ཨན་ཧུའེ།ཧོ་པེའི་ལྷོ་རྒྱུད། ཧོ་ནན། ཧུའུ་པེ། ཧུའུ་ནན་གྱི་དབུས་བྱང་རྒྱུད། ཅང་ཞིའི་བྱང་རྒྱུད། ཁྲུང་ཆིན་གྱི་ས་ཆ་མང་ཆེ་བ། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན།


མཉམ་སྤྱོད།