དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2024ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་ཉིན་གཅིག་ཏུ་འཁེལ་འདུག

2023-11-10 10:07:51   |   3186

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


2024ལོའི་བོད་ཀྱི་ལོ་གསར་ཏེ་རྒྱལ་པོ་ལོ་གསར་གྱི་ཚེས་གཅིག་དང་ལུགས་རྙིང་གི་ལོ་གསར་ཚེས་གཅིག་གཉིས་ཀ2024ལོའི་ཟླ2པའི་ཚེས10ཉིན་ལ་འཁེལ་འདུག

1~1.jpg

 རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཁྱབ་བསྒྲགས་བྱས་པའི་བརྡ་ཐོ་གཞིར་བཟུང་ན། 2024ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་ནི་ཟླ2པའི་ཚེས10ཉིན་ནས་ཚེས17ཉིན་བར་ཡིན་པ་དང་། ཁྱོན་ངལ་གསོ་ཉིན8ཡོད།

གཞན་ཡང་། བོད་ལྗོངས་གནམ་རིག་སྐར་རྩིས་སློབ་ཚོགས་ཀྱི་དྲུང་ཆེ་རྡོ་རྗེས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་བོད་ཟླ12པའི་ཚེས29ཉིན་ཆད་འདུག་པས། གོམས་སྲོལ་ལྟར་ན་དགུ་ཐུག་དེ་བོད་ཟླ12པའི་ཚེས30ཉིན་ལ་བསྣུར་རྒྱུ་ཡིན་པ་དང་། དེ་ཡང་ཏག་ཏག་ལུགས་རྙིང་གི་ཟླ12པའི་ཚེས30ཉིན་གྱི་གནམ་གང་ཉིན་མོ་དང་དུས་གཅིག་ཏུ་འཁེལ་འདུག

2~1.jpg

བོད་ཀྱི་ས་གནས་ཁག་གིས་ཡོངས་ཁྱབ་ངང་རོལ་བཞིན་པའི་རྒྱལ་པོ་ལོ་གསར་ཕུད། “ལོ་གསར་སྔ་ཤོས”སུ་གྲགས་པའི་ཀོང་པོའི་ལོ་གསར་ནི་བོད་ཟླ10པའི་ཚེས1ཉིན་ཏེ་སྤྱི་ལོ2023ལོའི་ཟླ11པའི་ཚེས14ཉིན་ཡིན།

3~1.jpg

མངའ་རིས་སྤུ་ཧྲེང་སོགས་ཀྱིས་རོལ་བཞིན་པའི་སྤུ་ཧྲེང་ལོ་གསར་ནི་བོད་ཟླ11པའི་ཚེས1ཉིན་ཏེ་སྤྱི་ལོ2023ལོའི་ཟླ12པའི་ཚེས13ཉིན་ཡིན།

གཞིས་རྩེ་སོགས་ནས་རོལ་བཞིན་པའི་སོ་ནམ་ལོ་གསར་ནི་བོད་ཟླ12པའི་ཚེས1ཉིན་ཏེ་སྤྱི་ལོ2024ལོའི་ཟླ1པོའི་ཚེས12ཉིན་ཡིན་པ་རེད།


མཉམ་སྤྱོད།