དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-11-14 07:03:13   |   1489

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • གྲངས་གཞི་གསར་ཤོས་ལས་མངོན་པར། ཟླ་བཅུ་པར་རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་ཁྲི35169སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས195.6%འཕར།

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་ཁྲི20.49འཕར་བ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི1.68འཕར།

  • བཟོ་འཕྲིན་པུས་བསམ་འཆར་པར་འགྲེམས་བྱས་ཏེ། 2025ལོར་སླེབས་སྐབས་ཁེ་ལས་ཆུང་འབྲིང་གི“གཅིག་འཐུས་རྣམ་པའི”ཞབས་ཞུའི་ལས་སྟེགས་བསྐྲུན་ཐུབ་པར་བརྩོན་ལེན་བྱ་རྒྱུ་ཡིན།

  • ཚེས13ཉིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བསྟན་པར། ས་གནས་སོ་སོར་དགུན་དུས་སླེབས་པ་དང་བསྟུན་ནས་རང་རྒྱལ་གྱི་དབུགས་ལམ་གྱི་ནད་གཞི་བྱུང་མང་བའི་དུས་ཚིགས་སུ་སླེབས་པ་དང་དབུགས་ལམ་གྱི་ནད་རིགས་སྣ་ཚོགས་མཉམ་དུ་འདྲེས་ཡོད།

  • ཀྲུང་གོའི་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། ཟླ་བཅུ་པར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་དུས་མཚུངས་ལས11.2%དང་13.8%འཕར།

1.png

  • ཉེ་ཆར། རྒྱང་སྐྱོད་ཨང་གཉིས་པའིFརྒྱང་ཚོར་བཅུ་དགུ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཕྱོགས་ཡོངས་ནས་སྤྱིའི་སྒྲིག་སྦྱོར་གྱི་རྣམ་པར་སླེབས་པ་དང2024ལོར་ལྷ་གྲུ་མི་བཞུགས་འཕུར་གྲུ་འཕེན་གཏོང་ལས་འགན་སྒྲུབ་རྒྱུ་ཡིན་པ་རེད།

2.png

  • ཚེས12ཉིན། ཀྲུང་གོའི་འགྲན་ཞུགས་མི་སྣ་ཡན་ལང་ཡུས་ཀྱིས་པོ་མིན་ཧན་གྱི་མལ་མཆོང་འགྲན་བསྡུར་ཐོག་སྐྱེས་པའི་དྲ་ཐོག་མི་སྒེར་གྱི་གསེར་གྱི་རྟགས་མ་ཐོབ་པ་དང་། ཀྲུང་གོའི་རུ་ཁག་གིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་གདན་ཐོབ་སྔ་སྣུར་དུ་གཏན་འཁེལ་བྱས་པ་རེད།

  • ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱིས་ཚེས13ཉིན་པེ་ཅིང་ནས་ཝན་ཞང་བར་གྱི་རྒྱལ་མཚམས་སྒྲོལ་བའི་གནས་སྐོར་ཆེད་སྤྱོད་མེ་འཁོར་བཏང་།

སྤྱི་ཚོགས།

  • རྒྱལ་ཁབ་གློག་བརྙན་ཆེད་གཏོང་མ་དངུལ་གཞུང་དོན་ཁང་གི་གྲངས་གཞི་ལས་མངོན་པ་ལྟར་ན། ཚེས13ཉིན་གྱི་བར་འདིར། ཀྲུང་གོའི་གློག་བརྙན་ལོ་འཁོར་གྱི་སྤ་སེ་བཙོང་ཚད་སྒོར་དུང་ཕྱུར500ལས་བརྒལ་ཅིང་རང་རྒྱལ་གྱིས་བཟོས་པའི་བརྙན་ལྷེ་ཡིས་ཨང་དང་པོ་ནས་བཅུ་པའི་བར་བླངས་ཡོད།

  • ཉེ་ཆར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་ཡིག་ཆ་བཀྲམ་སྟེ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རི་བརྒལ་རླངས་འཁོར་གྱི་ལས་འཛོལ་མངོན་མེད་རྐྱེན་ངན་ལ་ཆེད་དོན་གྲལ་བཤེར་བཅོས་སྒྲིག་བྱ་རྒྱུའི་བཀོད་སྒྲིག་བྱེད་པ་ཡིན།

3.png

  • རླུང་སྤྲིན་ཨང་གསུམ་པའིFརྟགས་ཅན་གྱི་རི་མོ་ཐོག་མ་དེ་ཚེས13ཉིན་དངོས་སུ་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པ་རེད།

  • ལྷོ་ཆུ་བྱང་འདྲེན་གྱི་ཤར་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་ཚེས13ཉིན་ནས2023ལོ་ནས2024ལོའི་བར་གྱི་ལམ་ཐིག་ཧྲིལ་པོར་ཆུ་འདྲེན་མགོ་ཚུགས་པ་ཡིན།

  • ཚེས13ཉིན་རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི1.2Tལས་བརྒལ་བའི་འགྲོས་ཚད་ཀྱི་རབས་རྗེས་མའི་དྲ་སྦྲེལ་ལམ་བུ་གཙོ་བོ་དངོས་སུ་ཤར་གཏོང་ཐུབ་ཡོད།

4.png

  • དགུན་མགོའི་དུས་སུ་ཧྲན་ཏུང་ཏུང་ཡིང་རྨ་ཆུའི་ཟུར་གསུམ་གླིང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་དགུན་སྒྲོལ་དུས་བྱ་འབོར་ཆེན་འབྱོར།

  • ཉེ་དུས། ཧྲང་ཧའེ་སྤྱི་བདེ་ལས་ཁུངས་ཀྱིས་ལུས་རྩལ་མཁོ་ཆས་སྤྱད་དེ་ཕྱིར་གཏོང་ཁྲལ་སློག་གཡོ་ལེན་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་ཉེས་གསོག་དོགས་ཅན11འཛིན་བཟུང་བྱས།

5.png

  • ཧའེ་ནན་ཧའེ་ཁོའུ་གཞིས་ཆུང་ཞིག་གི་ས་འོག་ཁང་པའི་གློག་སྒུལ་རླངས་འཁོར་ཐོ་རེངས་གློ་བུར་དུ་མེ་ཤོར་བ་དང་། སྐོར་གཡེང་བྱེད་བཞིན་པའི་བདེ་སྲུང་ཝང་ཆན་ཁྲུན་གྱིས་དུས་ཐོག་ཏུ་ཉེན་ཁའི་གནས་ཚུལ་ཤེས་རྟོགས་བྱུང་ནས། ལག་སྟོང་གིས་རླངས་འཁོར་འདྲུད་ནས་བབ་བརླིང་གི་སྒོ་ནས་མེ་གསོད་པས་གྱོང་གུན་དེ་བས་ཚབས་ཆེན་མ་བྱུང་།

སྲིད་ཇུས།

  • ལེའོ་ཉིང་གིས་བྱ་ཐབས་པར་འགྲེམས་བྱས་ནས་ཟླ12ཚེས1ཉིན་ནས་བཟུང་སློབ་ལོ་མ་སོན་གོང་གི་བྱིས་པར་ཁ་ཕྱོགས་པའི་གསོ་སྦྱོང་སྒྲིག་གཞིར་ཞིབ་མཆན་འགོད་རྒྱུ་མིན་པ་གཏན་འབེབས་བྱས།

  • ཅི་ལིན་ཞིང་ཆེན་གྱིས་གངས་འཁྱག་གནས་སྐོར་གྱི་གཟིགས་སྐྱོང་སྲིད་ཇུས་ཁྱབ་བསྒྲགས་བྱས་ཏེ། དྲ་ཐོག་ལས་སྟེགས་ཕྱིར་ཚོང་བྱེད་པའི་གངས་འཁྱག་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་སོགས་ལས་སྟེགས་ཀྱི་རིན་གོང་གི30%ལྟར་འཛད་སྤྱོད་འཛིན་ཤོག་ཁ་གསབ་སྤྲོད་རྒྱུ་རེད།

  • ཨན་ཧུའེ་ཡིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས། སྲིད་གཞུང་གི་མ་འཇོག་ལས་གྲྭའི་འཛུགས་སྐྲུན་མ་དངུལ་དུས་ཐོག་ཏུ་གྲབས་གསོག་བྱེད་པ་དང་འབྲེལ་གཏོང་སྤྲོད་གནད་ལ་འཁེལ་བ་བྱེད་དགོས་པ་ལས་ལས་གྲྭའི་ཚན་པས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱེད་མི་ཆོག་པ་གཏན་འབེབས་བྱས།

དེ་རིང་གི་གནམ་གཤིས།

6.png

  • ཞིན་ཅང་གི་བྱང་རྒྱུད་དང་ཀན་སུའུ་ཡི་རྨ་ནུབ་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན། དེའི་ཁྲོད་ཞིན་ཅང་ཐེན་ཧྲན་ས་ཁུལ་དུ་ཁ་བ་ཆེན་པོ་འབབ་རྒྱུ་ཡིན། ཡུན་ནན་གྱི་ལྷོ་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་ལྷོ་རྒྱུད། ཧྭ་ནན་གྱི་ས་ཆ་མང་ཆེ་བ་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་ཡིན། དེའི་ཁྲོད་ཧའེ་ནན་གྱི་ཤར་རྒྱུད་ས་ཁུལ་དུ་ཆར་པ་ཆེན་པོ་འབབ་རྒྱུ་ཡིན།


མཉམ་སྤྱོད།