དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བློ་མཐུན་སྐལ་བཟང་གི་གཞིས་རྙིང་རྩིས་སྤྲོད་དང་སྒོ་བྱང་བཀལ་བ།

2023-11-14 09:53:42   |   2356

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


སྐལ་བཟང་གི་གཞིས་རྙིང་ཐོན་ཁུངས་སྔར་བས་བེད་སྤྱོད་ལེགས་པོ་དང་དོ་དམ་ནུས་ལྡན་བྱེད་པ་དང་། མདའ་བཞི་རྫོང་གི་གསར་བརྗེའི་ཉམས་ཞིབ་བྱ་བར་སྔར་བས་སྐུལ་འདེད་གཏོང་པ། སྲིད་གཙང་སློབ་གསོའི་རྟེན་གཞི་གཅིག་གྱུར་ཐོག་གཏོད་པ་བཅས་ཀྱི་ཆེད་དུ། མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོའི་བཀོད་སྒྲིག་གཞིར་བཟུང་། དཔལ་སྤྱིན་སོག་རིགས་ཡུལ་ཚོའི་སྐབས་རིམ་བྱུང་གི་ཚན་ཁག་གིས་ཧྲིན་ཀྲང་རྒན་པོའི་གཉེན་ཉེ་དང་འབྲེལ་གཏུག་བྱས་ཏེ་མཐར་སྐལ་བཟང་གི་གཞིས་རྙིང་དང་དེ་བཞིན་གཞིས་རྙིང་གི་དངོས་རྫས་ཡུལ་ཚོའི་སྲིད་གཞུང་ལ་དོ་དམ་བྱ་རྒྱུར་རྩིས་སྤྲོད་བྱེད་པའི་མཐའ་མའི་བསམ་འདུན་གྲུབ་ཡོད།  ཟླ11པའི་ཚེས8ཉིན་སྐལ་བཟང་གི་གཞས་རྙིང་ལ་སྒོ་བྱང་འགེལ་པ་དང་རྩིས་སྤྲོད་མཛད་སྒོ་འཚོགས། མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཀྲང་ཧྲི་དབྱིན་མཛད་སྒོར་ཕེབས་པ་དང་འབྲེལ་གཏམ་བཤད། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཆིང་ཡུན་གྱིས་འགྲོ་རོགས་བྱས།

སྐལ་བཟང་གི་གཞིས་རྙིང་ནི2001ལོར་ཧྲིན་ཀྲང་རྒན་པ་ཁོང་གིས་རང་ཉིད་ཀྱི་སྡོད་ཁང་ཁ་གསབ་སྒོར་ཁྲི20སྤྲད་དེ་མདའ་བཞི་རྫོང་དཔལ་སྦྱིན་སོག་རིགས་ཡུལ་ཚོ་རུ་བསྐྲུན་པའི་གླིང་བཞི་ཁང་པ་ཞིག་ཡིན། རྗེས་སུ་གཙོ་བོ་ས་གནས་དེ་གའི་མང་ཚོགས་ལ་སྨན་བཅོས་སྨན་སྟོན་བྱེད་སའི་འཕྲོད་བསྟེན་ཁང་ཞིག་ཏུ་བཀོལ་པ་དང་གསེར་དངུལ་ཐང་དཔལ་སྦྱིན་སོག་རིགས་རོང་འབྲོག་མཉམ་ལས་སྨན་བཅོས་ས་ཚིགས་ཀྱི་སྒོ་བྱང་བཀལ་ཡོད། ཧྲིན་ཀྲང་རྒན་པ་ཁོང་གིས་ཟླ་རེར་དུས་བཀག་ལྟར་ཞིང་ཆེན་རིམ་པའི་སྨན་བཅོས་ལས་ཁུངས་ནས་ཆེད་མཁས་པ་གདན་འདྲེན་ཞུས་ཏེ་འཕྲོད་བསྟེན་ཁང་དུ་སྨན་ཡོན་མི་དགོས་པའི་འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་སྤེལ་མྱོང་།

1.jpg

སྐལ་བཟང་གི་གཞིས་རྙིང་རྩིས་སྤྲོད་དང་སྒོ་བྱང་བཀལ་པ་ནི“སྐལ་བཟང་གི་བློ་དཀར་སྙིང་སྟོབས”དར་སྤེལ་དང་རྒྱུན་འཛིན་བྱེད་པ་དང་།མཚོ་བྱང་གི་སྙིང་སྟོབས་ཀྱི་བཙན་ས་གསར་པ་གཏོད་པར་དོན་སྙིང་གལ་ཆེན་ལྡན་ལ། དེ་ནི་ཧྲིན་ཀྲང་རྒན་པ་ཁོང་གིས་མདའ་བཞི་ལ་བཞག་པའི་བསམ་པའི་རྒྱུ་ནོར་ཧ་ཅང་འགངས་ཆེན་ཡིན་ལ་མི་སེམས་ལ་ཡར་སྐུལ་མདུན་སྐྱོད་ཀྱི་ནུས་པ་བླ་ལྷག་ཐོན་སྲིད། 

2.jpg

ཧྲིན་ཀྲང་རྒན་པའི་གཉེན་ཉེ་ཉི་མ་ཚེ་རིང་སོགས་གདན་ཞུ་བྱས་ནས་སྐལ་བཟང་གི་གཞིས་རྙིང་འགྲེམས་ཁང་གི་འགྲེམས་སྟོན། བེད་སྤྱོད་དོ་དམ། སྲུང་སྐྱོབ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་གཞི་བཏོན། 


མཉམ་སྤྱོད།