དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཨ་ཁྱུང་ཡང་བསྐྱར་རྐང་ཚ་རྫོང་དུ་བསྐྱོད་དེ་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱས་པ།

2023-11-16 10:05:52   |   2141

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


བརྗོད་དོན་སློབ་གསོའི་གྲུབ་འབྲས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད་དང་། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་གཏོད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་མཚོ་བྱང་ནས་དོན་འཁྱོལ་ཐུབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། མཚོ་བྱང་གིས་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་ཐོན་ལས་རྟེན་གཞི་གཏོད་རྒྱུར་སྐུལ་འདེད་གཏོང་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་ཆེད། ཟླ11པའི་ཚེས14ཉིན། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་ཡང་བསྐྱར་རྐང་ཚ་རྫོང་དུ་བསྐྱོད་དེ་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་བྱས།

1.jpg

བརྟག་ཞིབ་བྱེད་རིང་། ཨ་ཁྱུང་སྔ་རྗེས་སུ་སྤྱང་ཚང་དང་ཆུ་ཁོལ་ས་ཁུལ་དུ་ཕྱིན་ཏེ་ཡུལ་དངོས་བརྟག་ཞིབ་བྱས་ཤིང་། སྟོང་ཝ་ཁྲི80ཟིན་པའི་རླུང་གློག་རྣམ་གྲངས་ཀྱི་ས་དཔྱད་དང་། སྟོང་ཝ་ཁྲི20ཡི་རྡོ་སོལ་སྔོག་འདོན་བྱ་ཡུལ་གྱི་འོད་ཤུགས་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ་ལ་གཙོ་གནད་ཐོག་ལྟ་ཞིབ་གནང་། ཁོང་གིས་ནུས་རྒྱུ་གཙང་མའི་ཐོན་ལས་རྣམ་གྲངས་ཇུས་འགོད་དང་ལས་གྲྭ་འཛུགས་སྐྲུན་བྱེད་སྐབས་འཕྲད་པའི་གནད་དོན་ལ་རྒྱུས་ལོན་གཏིང་ཟབ་གནང་ཞིང་། དངོས་ཡོད་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་ནང་དོན་གཙོ་བོ་དང་། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་གཏོང་བའི་དམ་པ་དོན་གཉེར་བྱེད་ཐབས་ཤིག་ལ་བརྩིས་ཏེ། ནུས་ཤུགས་ཡོད་རྒུས་གནད་དོན་དག་མགྱོགས་མྱུར་གྱིས་ཐག་གཅོད་པ་དང་། ནུས་རྒྱུ་གཙང་མའི་ཐོན་ལས་རྣམ་གྲངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས། སྐྱེ་ཁམས་སོགས་ཀྱི་ཐད་དུ་ནུས་པ་ཐོན་པར་འབད་དགོས་པ་ནན་ཏན་གྱིས་བསྟན།

2.jpg

ཨ་ཁྱུང་གིས་རིམ་པ་ཁག་དང་ཕྱོགས་སོ་སོས“ཆེ་བ་གསུམ”གྱི་ཞིང་ཆེན་གྱི་དོན་དངོས་གནས་ཚུལ་དེ་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ཀྱི་ ལས་ཀའི་ཚད་གཞིར་བརྩིས་ཏེ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་མཚོ་བྱང་གི་འོད་ཤུགས་རླུང་གློག་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ཏེ། རྒྱལ་ཁབ་དང་ཞིང་ཆེན་གྱིས་ནུས་རྒྱུ་གཙང་མའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས། མཚོ་བྱང་གིས་སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་གཡོ་འགུལ་མེད་པ་བྱས་ཏེ། རིམ་བཞིན་འོད་ཤུགས་དང་རླུང་གློག་སོགས་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་གཏོང་དགོས། གཅིག་ནས་འཆར་འགོད་བཀོད་པ་སྔར་བས་ཇེ་ལེགས་སུ་གཏོང་བ་དང་། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། སྟོང་ཝ་ཁྲི་ཝ་རིམ་པའི་ཆུ་དྲོད་དང་། སྟོང་ཝ་ཁྲི་བརྒྱ་རིམ་པའི་ཀྲ་སུའུ་འདྲེས་སྦྱོར་སོགས་ནུས་རྒྱུ་གཙང་མའི་རྟེན་གཞི་གསར་སྤེལ་འཛུགས་སྐྲུན་བྱེད་པར་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ནུས་རྒྱུ་གཙང་མའི་ཐོན་ཁུངས་བེད་སྤྱོད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་དགོས། གཉིས་ནས་ལེ་ལག་ཚང་བའི་རྒྱབ་སྐྱོར་སྲིད་ཇུས་འཐུས་ཚང་དུ་བཏང་ནས་མཐུན་སྦྱོར་ཐོན་ལས་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྣང་ཆེན་བྱས་ཏེ། ཁེ་ལས་དེ་བས་མང་བ་མཚོ་བྱང་དུ་བཅའ་སྡོད་བྱས་ནས་ནུས་རྒྱུ་གཙང་མའི་ཐོན་ལས་གསར་སྤེལ་ནང་ཞུགས་རྒྱུར་མ་འཇོག་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། གསུམ་ནས་གློག་ཤུགས་ཕྱིར་གཏོང་གི་ལམ་བུ་རྒྱ་ཆེར་བཏང་སྟེ། ཆན་ཧྥུ330ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་འཛུགས་སྐྲུན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཆན་ཧྥུ750ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་མཐུན་སྦྱོར་བརྩོན་ལེན་བྱེད་དགོས་པ་དང་། ནུས་ཁུངས་གཙང་མ་བསྐྲུན་ནས་འགྲུབ་རྗེས། “སྐྱེལ་ཐུབ་པ་དང་། བཀོལ་ཐུབ་པར”འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

3.jpg

རྐང་ཚ་རྫོང་སྲིད་གཞུང་དང་། ཁུལ་དང་རྫོང་གི་འཕེལ་རྒྱས་སྒྱུར་བཅོས་དང་། རང་བྱུང་ཐོན་ཁུངས། ནགས་ལས་རྩྭ་ཐང་སོགས་འབྲེལ་ཡོད་སྡེ་ཚན་དང་། ཁུལ་དང་རྫོང་གི་གློག་འདོན་སྤྱི་གཉེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་བརྟག་ཞིབ་ནང་ཞུགས།


མཉམ་སྤྱོད།