དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

《བོད་རྒྱ་སྐད་གཉིས་ཀྱི་གནའ་བོའི་གསུང་རབ》གསར་དུ་པར་སྐྲུན་འགྲེམས་སྤེལ་བྱས་པ།

2023-11-16 10:30:17   |   1903

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་བོད་ཡིག་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


 1~1.jpg

《བོད་རྒྱ་སྐད་གཉིས་ཀྱི་གནའ་བོའི་གསུང་རབ》རྩོམ་སྒྲིག་ཚོ་ཆུང་གིས་རྩོམ་སྒྲིག་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས་པའི《བོད་རྒྱ་སྐད་གཉིས་ཀྱི་གནའ་བོའི་གསུང་རབ》དཔེ་ཚོགས་མི་འགྱང་པར་ཁྲོམ་རར་དགྲམ་རྒྱུ་རེད།

2~1.jpg

《བོད་རྒྱ་སྐད་གཉིས་ཀྱི་གནའ་བོའི་གསུང་རབ》ཀྱི་དཔེ་ཚོགས་འདི་ནི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རྒྱལ་ཁབ་ཀྱི་མི་རིགས་རིག་གནས་མཛོད་ཀྱི་རྣམ་གྲངས་དང་། རྒྱལ་ཁབ་ཀྱི་མི་རིགས་རིག་གནས་དངུལ་རྩའི་རོགས་སྐྱོར་རྣམ་གྲངས། སི་ཁྲོན་དགེ་འོས་སློབ་ཆེན་པ་ཧྲུའུ་རིག་གནས་ཞིབ་འཇུག་ལྟེ་གནས་དང་། ཀྲུང་ཧྭ་སྲོལ་རྒྱུན་རིག་གནས་སློབ་གླིང་གི་རྣམ་གྲངས་བཅས་ཡིན་ལ། སི་ཁྲོན་མི་རིགས་པར་སྐྲུན་ཁང་གིས་ཇུས་འགོད་དང་སི་ཁྲོན་དགེ་འོས་སློབ་ཆེན་ཀྲུང་ཧྭ་སྲོལ་རྒྱུན་རིག་གནས་སློབ་གླིང་། པ་ཧྲུའུ་རིག་གནས་ཞིབ་འཇུག་ལྟེ་གནས་སུ་རིག་གཞུང་གི་ཐད་ནས་གཡུར་ཟའི་གྲུབ་འབྲས་མང་པོ་བླངས་ཡོད་ཅིང་། སློབ་ཁྲིད་ཀྱི་ཆུ་ཚད་རྩེར་སོན་པའི་ཆེད་མཁས་པ་སོགས་སྒྲིག་འཛུགས་བྱས་ནས་རྩོམ་གནང་མཛད་པ་ཡིན།

3~1.jpg

དཔེ་ཚོགས་དེ་གནའ་བོའི་རིག་གནས་ཀྱི་སྲོལ་རྒྱུན་རིགས་དབྱེ་བྱེད་ཐབས་ལ་གཞིགས་ནས་བསྟན་བཅོས་ཀྱི་སྡེ་དང་ལོ་རྒྱུས་ཀྱི་སྡེ། བུའི་སྡེ། ཕྱོགས་བསྒྲིགས་བཅས་དེབ་བཞི་རུ་དབྱེ་ཡོད། གཙོ་བོ་བོད་ཀྱི་ན་ཆུང་གཞོན་ནུ་རྣམས་ལ་གཞིགས་ནས་ལེ་ཚན་ལེགས་འདེམས་བྱས་ཡོད་ལ། དེས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ལོ་རྒྱུས་རིང་བོ་མཚོན་པར་མ་ཟད། རྒྱ་བོད་མི་རིགས་གཉིས་ཀྱི་རིག་གནས་ཀྱི་བརྗེ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་ཐུབ། དཔེར་ན། བསྟན་བཅོས་ཀྱི་སྡེ་རུ “རུའུ་ལུགས་ཀྱི་བསྟན་བཅོས་བཅུ་གསུམ”དང་《སྙན་ངག་གི་བསྟན་བཅོས》《གུས་སྲོལ》《ཀྲོའུ་དབྱི》《ཁུང་ཙིའི་གསུང་སྒྲོས》《མེང་ཙི》སོགས་བརྩམས་ཆོས་གྲགས་ཅན་ལེགས་འདེམས་བྱས་པ་དང་། ལོ་རྒྱུས་ཀྱི་སྡེ་རུ་ལོ་རྒྱུས་ཉེར་བཞིའི་ནང་ཀྲུང་གོའི་ལོ་རྒྱུས་ཐོག་མཛད་རྗེས་ཆེ་བའི་མི་སྣ། ཧོང་ཏི། ཁུང་ཙི། རྒྱ་བཟའ་ཀོང་ཇོ། གྱིམ་ཤིང་ཀོང་ཇོ། འགྲོ་མགོན་འཕགས་པ་སོགས་ཀྱི་རྣམ་ཐར་ལེགས་འདེམས་བྱས་ཤིང་། བུའི་སྡེ་རུ་རུའུ་ལུགས་དང་ཧྥ་ལུགས། དམག་ལུགས། གསོ་བ་རིག་པ་སོགས་བསྟན་བཅོས་གྲགས་ཅན་མང་པོ་བདམས་ཡོད།  གཞན་ཕྱོགས་བསྒྲིགས་ནང་དུ་དུས་རབས་རིམ་བྱུང་གི་རྩོམ་པ་པོ་གྲགས་ཅན་གྱི་ལྷུག་རྩོམ་དང་སྙན་ངག ཚིག་དང་དབྱངས། རྩོམ་རིག་དཔྱད་བརྗོད་སོགས་ཕུལ་བྱུང་རྩོམ་ཡིག་ལེགས་འདེམས་གནང་ཡོད་དོ། །


མཉམ་སྤྱོད།