དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ཤ་བོ་སྐྱབས་ཀྱིས་མཚོ་སྔོན་ཞིང་ཆེན་རྡོ་ཐ་ཆེད་ཚོང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝུའུ་ཡུན་ཡུང་དང་བཞུགས་མོལ་བརྗེ་རེས་གནང་།

2023-11-16 10:25:54   |   2200

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ11པའི་ཚེས14ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་སྔོན་ཞིང་ཆེན་རྡོ་ཐ་ཆེད་ཚོང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པའམ་ཅུས་ཀྲང་གཞོན་པ།  སྤྱི་གཉེར་བ་གཞོན་པ་ཝུའུ་ཡུན་ཡུང་དང་བཞུགས་མོལ་བརྗེ་རེས་གནང་།     

1.jpg

ཤ་བོ་སྐྱབས་ཀྱིས་ཝུའུ་ཡུན་ཡུང་འཁོར་དང་བཅས་པ་མཚོ་བྱང་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། མཚོ་སྔོན་ཞིང་ཆེན་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་དུས་ཡུན་རིང་བོར་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོང་གིས་ད་ལོ་ནས་བཟུང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པ།  མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པ་བཅས“མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་བླང་བྱ་ལྟར་དངོས་འཛིན་དངོས་སྒྲུབ་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པ། སྐྱེ་ཁམས་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་གཏོང་བ། “གནས་བཞིའི”ཐོན་ལས་ཁྱོན་ཡོངས་ནས་མགྱོགས་སུ་བཏང་བས།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་ལ། དེའི་ཁྲོད། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི་ཐད་ཕྱོགས་ཡོངས་ནས“123”Aརིམ་པའི་ལྗོངས་ཁུལ་བཏོད་དེ་མཚོ་སྐོར་བྱང་ངོགས་ཀྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ས་ཚིགས6བསྐྲུན་ནས་ལས་གཉེར་བྱས་པ་དང་། མཚོ་སྔོན་པོའི་སྙན་ངག་དུས་ཆེན་དང་། ཝང་ལུའོ་པིན་རོལ་དབྱངས་སྒྱུ་རྩལ་དུས་ཆེན། སྨོན་ལམ་མཐོན་པོའི་རྐང་བགྲོད་འགྲན་བསྡུར། རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་གྱི་མདའ་རྩལ་རྩེ་གྲ་བའི་འགྲན་བསྡུར་སོགས་རིག་གནས་དང་ལུས་རྩལ་བྱེད་སྒོ་གལ་ཆེན་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་རྟ་རྒྱུག་དང་མདའ་འཕེན། ལྕགས་རྟ། རྐང་བགྲོད་སོགས་ཀྱི་ལུས་རྩལ་འགྲན་བསྡུར་ལ་སྐུལ་འདེད་བཏང་ཞིང་།  2023ལོའི་མཚོ་བྱང་མདོ་ལ་རི་བོ·མཚོ་སྔོན་པོར་རྐང་ཐང་དུ་སྐྱོད་པའི་རྐང་བགྲོད་མུ་འབྲེལ་བྱེད་སྒོ་སོགས་གྲུབ་འབྲས་ཐོབ་པའི་ངང་སྤེལ་བས་ལས་རིགས་སོ་སོའི་ཁས་ལེན་དང་བསྔགས་བརྗོད་ཐོབ་སྟེ་ཡུལ་སྐོར་བ་མི་ཐེངས་ཁྲི1270.7ལ་སླེབས།  “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ཐད་ང་ཚོས་ཅིན་ཀང་རི་བོ་དང་ཡན་ཨན་སོགས་ས་ཁུལ་གྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། སྨོན་ལམ་མཐོན་པོའི་མཁའ་དམག་རྗེས་ཤུལ་གསར་བརྗེའི་ཉམས་ཞིབ་རྟེན་གཞི་གོ་རིམ་ལྡན་པའི་ངང་འཛུགས་སྐྲུན་བྱས་ལ། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྔ་རྗེས་སུ་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ། རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གསོ་སོགས་དཔེ་སྟོན་རྟེན་གཞི་བཙུགས་ཤིང་། ནུས་ཤུགས་ཡོད་རྒུས་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དང་། མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭ མཚོ་བྱང་གི་མང་ཚོགས་ཚོགས་པ། སྲིད་ཁྲིམས་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་སོགས་ནུས་ཤུགས་ཡོད་རྒུས་བཏོད་པ་དང་། ལོ་འདིའི་ནང་ཞིང་ཆེན་ཕྱི་ནང་གི་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་ཐེངས500ལྷག་ཙམ་དང་མི་ཐེངས་ཁྲི4ལྷག་ཙམ་ལ་གསོ་སྦྱོང་འཛིན་གྲྭ་གཉེར་བས་གསར་བརྗེའི་སློབ་གསོ་གསོ་སྦྱོང་གི་གཞི་ཁྱོན་རགས་ཙམ་ཆགས་ཡོད་པ་དང་། མཚོ་སྔོན་རྡོ་ཐ་ཅུས་ཀྱིས་གཞུང་ཁོངས་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ལས་བྱེད་ལས་བཟོ་བ་སྒྲིག་འཛུགས་བྱས་ཏེ་མཚོ་བྱང་དུ་ཡོང་ནས་རྐང་བགྲོད་བྱེད་སྒོའི་ནང་ཞུགས་པ་དང“མདེལ་གཉིས་སྐར་གཅིག”གི་གསར་བརྗེའི་སློབ་གསོ་དང་ལེན་བྱ་རྒྱུའི་རེ་བ་ཡོད་པར་བསྟན།

2.jpg

ཝུའུ་ཡུན་ཡུང་གིས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་མཚོ་སྔོན་རྡོ་ཐའི་གསར་བརྗེའི་སློབ་གསོའི་རྟེན་གཞིའི་སྒོ་བྱང་བཀལ་བས་ཞིང་ཆེན་ཡོངས་ཀྱི་རྡོ་ཐའི་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་བར་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཡིད་ལ་བརྟན་པོ་ངེས་པ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད། རྒྱལ་གཅེས་ཀྱི་བསམ་པ་ཟབ་ཏུ་གཏོང་བ་བཅས་ལ་སློབ་གསོ་ཁྲིད་སྟོན་བྱེད་ཐུབ་ཅིང་། སྔར་བས་བརྗེ་རེས་དང་སློབ་སྦྱོང་། འབྲེལ་གཏུག་བཅས་བྱེད་པ་བརྒྱུད་དེ། མཚོ་སྔོན་རྡོ་ཐ་དེ་མཚོ་བྱང་ཁུལ་གྱི“243”འཕེལ་རྒྱས་བཀོད་སྒྲིག་དང“མཚོ་བྱང་ལྔའི”འཛུགས་སྐྲུན་ཁྲོད་དེ་བས་ལེགས་པའི་ངང་ཞུགས་རྒྱུར་ཞབས་འདེགས་ཞུ་བའི་བརྒྱུད་རིམ་ནང་གཞུང་ཁོངས་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་འཁུར་སེམས་མཚོན་པར་བྱེད་པ་དང་། མ་དངུལ་དང་ཤེས་ལྡན་པ་སོགས་ཀྱི་གཏོང་ཤུགས་ཆེ་རུ་བཏང་ནས་མཚོ་བྱང་གི་ལྗོངས་ཁུལ་ཆེ་གྲས་ཁག་དང་ཡུལ་སྐོར་ཞབས་ཞུའི་ལྟེ་གནས། གསོ་སྦྱོང་ལྟེ་གནས་སོགས་གཙོ་གནད་ཁུལ་དུ་ཐ་མག་འཐེན་ཁུལ་སོགས་ཀྱི་སྒྲིག་བཀོད་ཆ་ཚང་བཏོད་དེ་མཚོ་བྱང་གིས“དུ་སྣེ་གང་སར་མི་འཕེན་པ་དང་མཚོ་བྱང་སྔར་བས་མཛེས་སྡུག་ལྡན་པའི”བྱེད་སྒོ་སྤེལ་བར་རོགས་རམ་དང་། ཕྱོགས་མང་པོ་ནས་སྣེ་མང་ཅན་དང་རང་གཤིས་ཅན་གྱི་དགོས་མཁོ་བསྐང་སྟེ་མཚོ་བྱང་གི་གསར་བརྗེའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱས་ནས་རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུ་ཡིན་པར་བསྟན།

3.jpg

ཞིང་ཆེན་རྡོ་ཐ་ཆེད་ཚོང་ཅུས་ཀྱི་ཏང་ཙུའི་ཁོངས་མིའམ་ཅུས་ཀྲང་གཞོན་པ་ཀྲུང་ཅན་ཕིན་དང་། ཞིང་ཆེན་རྡོ་ཐ་ཆེད་ཚོང་ཅུས་ཀྱི་ཏང་ཙུའི་ཁོངས་མིའམ་སྒྲིག་བཤེར་ཚན་ཆུང་གི་ཚན་གཙོ་ཀའོ་ཕིང་ཁྲིན། ཁུལ་གྱི་མགོ་ཁྲིད་གཡུ་སྒྲོན་མཚོ་དང་། མ་རུའུ་ཞང་།  ཁུལ་བཟོ་འཕྲིན་དང་ཁུལ་རྡོ་ཐ་ཆེད་ཚོང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།    


མཉམ་སྤྱོད།