མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-11-22 07:34:16   |   1780

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

༡.png

  • ཟླ11པའི་ཚེས21ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གསེར་སྦྲམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་དབྱི་སི་རལ་གནད་དོན་གྱི་དམིགས་བསལ་བརྙན་ལམ་དབུ་ཚོགས་ལ་ཞུགས་ཤིང་། 《དམག་མཚམས་འཇོག་རྒྱུར་སྐུལ་འདེད་བཏང་ནས་ཡུན་རིང་ཞི་བདེ་དང་བདེ་འཇགས་ཡོང་བ་མངོན་འགྱུར་བྱེད་པ》ཞེས་པའི་གསུང་བཤད་གལ་ཆེན་གནང་།

  • ཀྲུང་གོའི་གསར་འགྱུར་བྱ་དགའ་སྐབས་སོ་གཉིས་པ་དང་སོ་གསུམ་པ། སྐབས་བཅུ་བདུན་པའི་ཁྲང་ཅང་ཐའོ་ཧྥུན་བྱ་དགའ་བཅས་ཀྱི་བྱ་དགའ་སྤྲོད་པའི་སྙན་ཞུའི་ཚོགས་འདུ་ཚེས21ཉིན་པེ་ཅིང་དུ་འཚོགས།

    ༢.jpg

  • ཚེས21ཉིན། ཀྲུང་གོའི་མཁའ་དམག་གི་དབོར་འདྲེན—20གནམ་གྲུ་ལྷོ་ཁོ་རེ་ཡར་འཕུར་ཏེ་སྔོན་གཤེགས་དང་བླངས་དམག་གི་སྐུ་རུས་ཁག་བཅུ་པ་མེས་རྒྱལ་དུ་ཕྱིར་སྐྱེལ་བའི་ལས་འགན་བསྒྲུབས།

  • རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་དང་པོ་ཚེས21ཉིན་ནས་བཟུང་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས།

  • རྒྱལ་ཁབ་རིག་དངོས་ཅུ་སོགས་སྡེ་ཚན་གསུམ་གྱིས་ཡིག་ཆ་བཀྲམ་སྟེ། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པའི་ནང་གི་གནའ་སྡོང་དང་ཤིང་གྲགས་ཅན་སྲུང་སྐྱོང་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བཀོད་སྒྲིག་བྱས།

  • ཚེས21ཉིན་ཁྱབ་བསྒྲགས་བྱས་པའི《རྒྱལ་ཁབ་ཀྱི་གསར་གཏོད་སྟོན་གྲངས་སྙན་ཞུ2022-2023》ལ་གཞིགས་ན། ཀྲུང་གོའི་གསར་གཏོད་ནུས་པའི་ཕྱོགས་བསྡུས་ཨང་རིམ་དེ་ཨང་བཅུ་པར་སླེབས་ཡོད།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་འབར་མའི་བྱང་རྒྱུད་ཀྱི་འབྲེལ་ཡོད་ས་གནས་ཀྱི་ཁྲིམས་འཛིན་སྡེ་ཚན་གྱིས་རང་རྒྱལ་ལ་གློག་འཕྲིན་དྲ་རྒྱའི་མགོ་སྐོར་གཏོང་མཁན་ཉེས་གསོག་དོགས་ཅན་ཁྲི3.1རྩིས་སྤྲོད་བྱས།

  • ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཚུན་དུ་རང་རྒྱལ་དུ་ཟོག་འདྲེན་མཁའ་ལམ180ཙམ་གསར་དུ་བསྣན་ཞིང་། དེའི་ནང་ཡོ་རོབ་དང་ཨ་རིའི་མཁའ་ལམ། ཨེ་ཤེ་ཡའི་མཁའ་ལམ་བཅས་ཀྱིས་ཕྱེད་ཀ་ལས་བརྒལ་བ་ཟིན་ཡོད།

  • ཚེས21ཉིན། ཀྲུང་གོའི་ལྷོ་སྣེའི་རྟོག་ཞིབ་རུ་ཁག་ཐེངས40པའི་རུ་མི32ལུའོ་སི་ཧའེ་ཡི་ས་ཚིགས་གསར་པར་འབྱོར་ཞིང་། ས་ཚིགས་གསར་པ་འཛུགས་སྐྲུན་བྱེད་པའི་དུས་མགོའི་གྲ་སྒྲིག་ལས་དོན་སྤེལ་མགོ་ཚུགས།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་གྲང་རྒྱུན་གྱི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། ཚེས21ཉིན་གྱི་དགོང་མོ་ནས་ཚེས23ཉིན་གྱི་དགོང་མོའི་བར། ནང་སོག་དང་ཧེ་ལུང་ཅང་། ཅི་ལིན། ལེའོ་ཉིང་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲོད་ཚད12ནས16མར་ཆག་རྒྱུ་རེད།

  • ཚེས21ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་འཁོར་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོར་ཏུན་རེར་སྒོར340དང་སྒོར330རེ་མར་ཆག་རྒྱུ་རེད།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་བརྡ་ཁྱབ་བཏང་བ་སྟེ། མཛེས་འཆོས་བྱུག་རྫས་ཁག9ལས་སྤྱོད་མི་ཆོག་པའི་རྒྱུ་ཆ་ཞིབ་བཤེར་བྱས་འདུག

  • ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་པ་དང་དབང་ཆ་གང་བྱུང་དུ་སྤྱད་པའི་ཉེས་པའི་ཐོག་ནས་ཀུའེ་ཀྲོའུ་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མིའམ་ཀྲུའུ་ཞི་གཞོན་པ་ལི་ཙའེ་ཡུང་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།

  • ཚེས21ཉིན། ཧུའུ་པེའི་ཝུའུ་ཧན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཅང་སུའུ་ཞིང་ཨུའི་དེ་སྔའི་ཧྲུའུ་ཅི་གཞོན་པ་ཀྲང་ཅིང་ཧྭ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་དེ་ཡོངས་བསྒྲགས་ངང་བཅད་ཁྲ་ཁྱབ་བསྒྲགས་བྱས་ཤིང་། ཀྲང་ཅིང་ཧྭ་ལ་དུས་བཀག་བཙོན་འཇུག་ལོ14ཡི་ཁྲིམས་བཅད།

  • ཀྲུང་གོའི་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན་ཐེངས་ཁྲི34.24བྱས། ན་ནིང་གི་དུས་མཚུངས་ལས278.76%འཕར་ཡོད།

    ༣.jpg

  • ཉེ་ཆར། ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་ལོ་དུང་ཕྱུར1.3ལྷག་ཙམ་གོང་གི་ཁུང་འབྲུག་གི་པགས་པའི་འགྱུར་རྡོའི་གསང་བ་བརྟོལ།

    ༤.jpg

  • ཚེས20ཉིན། རང་རྒྱལ་གྱིས་རང་བརྟེན་བཟོ་སྐྲུན་བྱས་པའི་རྟ་ཤུགས5400ཅན་གྱི“ཡུན་ཀང་གློག་འདྲུད་རྟགས་ཅན་གཉིས་པ”ཞེས་པའི་གློག་རྐྱང་འདྲུད་ཀྱི་གྲུ་གཟིངས་རྩིས་སྤྲོད་བྱས་ནས་བཀོལ་སྤྱོད་བྱས།

  • སན་ཡ་མཚོ་དོན་ཅུས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་སྟེ། ཚེས23ཉིན་གྱི་ཆུ་ཚོད་8:30ནས17བར་ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་ཅིག་ཏུ་མདེའུ་དངོས་སྦྱོང་བརྡར་བྱ་རྒྱུ་ཡིན་པས་བསྐྱོད་མི་ཆོག་ཅེས་བསྟན།

  • ཧྲན་ཏུང་ཝུའེ་ཧྥང་ཉེན་རྟོག་ཕྱོགས་ཀྱིས་རྒན་གསོའི་མགོ་སྐོར་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ་དང་། ཉེས་གསོག་དོགས་ཅན46བཟུང་ཞིང་གནོད་འཚེ་ཕོག་པའི་མང་ཚོགས་ཁྲི2.5ལྷག་ཙམ་ཟིན། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི5000ལྷག་ཙམ་ཟིན།

    སྲིད་ཇུས།

  • ཧྲན་ཞི་ཡིས2024ལོ་ནས་བཟུང་གྲོང་མིའི་སྒོ་བསྟེན་སྨན་བཅོས་ཀྱི་སྤྱི་འདོམས་ལོ་འཁོར་གྱི་གཏོང་སྤྲོད་བཅད་གྲངས་སྒོར250ནས་སྒོར300བར་མཐོ་རུ་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན།

  • ཅང་སུའུ་ཡིས་བསམ་འཆར་བཏོན་པ་སྟེ། གློག་རྡུལ་ཚོང་དོན་ལས་སྟེགས་ཀྱིས་ཐོབ་ཐང་མཚོན་རྟགས་དང་སྤྱོད་མཁན་གྱི་མིང་ངོ་མ་འགོད་པའི་ལམ་ལུགས་དོན་འཁྱོལ་བྱས་ཏེ། ལས་སྟེགས་སུ་འཛུལ་ནས་ཚོང་ཟོག་འཚོང་བའམ་ཡང་ན་ཞབས་ཞུ་མཁོ་འདོན་བྱེད་མཁན་ཚན་པ་དང་མི་སྒེར་ལ་ཐོབ་ཐང་ཞིབ་དཔྱད་བྱེད་དགོས་ཟེར།

  • ཧྲའན་ཞི་ཞི་ཨན་གྱིས་ཡིག་ཆ་བཀྲམ་ནས་སློབ་གྲྭ་ཆུང་འབྲིང་གིས་སློབ་མར་ཉིན་ལྟར་སློབ་གྲྭའི་ནང་ཆུ་ཚོད་གཅིག་ལ་ལུས་རྩལ་སྦྱོང་བརྡར་བྱེད་དུ་འཇུག་དགོས་པ་དང་། ཉིན་ལྟར་སྐར་མ30ལས་མི་ཉུང་བའི་སློབ་ཚན་བར་གསེང་གི་བྱེད་སྒོ་གཅིག་གྱུར་ཐོག་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན།

    དེ་རིང་གི་གནམ་གཤིས།

༥.jpg

  •  ལིའོ་ཉིང་གི་དབུས་ལྷོ་རྒྱུད་དང་། ཧྲན་ཏུང་ཕྱེད་གླིང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། སི་ཁྲོན་གྱི་ལྷོ་རྒྱུད། ཁྲུང་ཆིང་དང་ཀུའེ་ཀྲོའུ་ཡི་དབུས་བྱང་རྒྱུད། ཧུའུ་ནན་གྱི་ནུབ་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་རེད།


མཉམ་སྤྱོད།