དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-11-21 07:38:43   |   1928

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཟླ11པའི་ཚེས20ཉིན། ཀྲུང་ཨུའི་སྲིད་འཛིན་ཏང་གི་གླེང་མོལ་ལམ་སྲོལ་གྱི་ཚོགས་འདུ་ཐེངས་བཅུ་པ་བརྙན་ལམ་ནས་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་གཉིས་ཀྱིས་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • ཟླ11པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གཉིས་ཀྱིས་ཞལ་པར་བཏང་སྟེ་གླེང་མོལ་གནང་།

  • ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུ་ས་ཡི་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ11པའི་ཚེས21ཉིན་གྱི་དགོང་མོར་པེ་ཅིང་དུ་གསེར་སྦྲམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ཕ་ཁི་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་སྐོར་གྱི་དམིགས་བསལ་བརྙན་ལམ་དབུ་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། གསུང་བཤད་གལ་ཆེན་ཡང་གནང་རྒྱུ་རེད།

  • མིག་སྔར། རྒྱལ་ཡོངས་ཀྱི་སྟོན་འབྲུ་དང་དགུན་འབྲུ་འདེབས་ཚད98%ལས་བརྒལ་ཞིང་། བྱང་ཕྱོགས་ཀྱི་དགུན་གྲོའི་མྱུ་གུ་འབུས་ཡོད་ལ་སྤྱིའི་གནས་ཚུལ་ལེགས།

  • རྒྱལ་ཁབ་ནུས་རྒྱུ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ10པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་དུང་ཕྱུར28.1ཙམ་ཟིན། དུས་མཚུངས་ལས12.6%འཕར་ཡོད།

  • རྒྱལ་ཁབ་སྦྲག་སྲིད་ཅུས་གྲངས་གཞི་ཡོངས་བསྒྲགས་བྱས་པར་གཞིགས་ན། ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར1297.2ཟིན། དུས་མཚུངས་ལས14.3%འཕར་ཡོད།

  • དམངས་སྤྱོད་མཁའ་འགྲུལ་ཅུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་བཅུ་པར་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཁྲི་5605.2ཟིན། དུས་མཚུངས་ལས252%འཕར་ཡོད།

    1.png

  • ཚེས20ཉིན། རང་བྱུང་ཐོན་ཁུངས་པུས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་རྒྱ་མཚོའི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་རྒྱུན་མཐུད་ངང་འཕར་བའི་རྣམ་པ་མངོན་ཡོད།

  • ཚེས20ཉིན། སློབ་གསོ་པུས་མཐོ་སློབ1གསར་འཛུགས་བྱ་རྒྱུ་དང་། མཐོ་སློབ་4ཡི་མིང་བསྒྱུར་བར་འཐད་པ་བྱུང་། ཞིབ་འཕྲིན།

  • ས་གནས་དེ་གའི་ཚེས19ཉིན་གྱི་དགོང་མོའི་བར་དུ། རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་གིས་ཕྱོགས་གཉིས་པོའི་མི་ཁྲི1.44ལྷག་ཙམ་རྐྱེན་ལམ་དུ་ཤོར་དུ་བཅུག

    སྤྱི་ཚོགས།

2.jpg

  • གྲང་རྒྱུན་གྱི་ཤུགས་རྐྱེན་དབང་གིས་ཚེས20ཉིན་གྱི་མཚན་མོ་ནས་ཚེས24ཉིན་བར་འབྲི་ཆུའི་དབུས་སྨད་རྒྱུད་དང་བྱང་རྒྱུད་ས་ཁུལ་གྱི་དྲོད་ཚད་སྔ་རྗེས་སུ་ཧྲེ་ཧྲི་ཏུའུ6-10བར་ཆག་རྒྱུ་ཡིན་པ་དང་། ནང་སོག་དང་བྱང་ཤར་ས་ཁུལ་སོགས་ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་ཆག་ཚད་དེ16℃ལས་བརྒལ་རྒྱུ་རེད།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཧྲན་ཞི་ཡུང་ཅུས་རྡོ་སོལ་གཏེར་ཁའི་མེ་སྐྱོན་དོན་རྐྱེན་གྱི་གྱོད་གཞིར་སྒོ་བྱང་བཀལ་ནས་ལྟ་སྐུལ་བྱས།

  • སྐྱེ་ཁམས་ཁོར་ཡུག་པུས་ལྟ་ཞིབ་ཚད་ལེན་བྱས་འབྲས་ཁྱབ་བསྒྲགས་བྱས་པར་གཞིགས་ན། རང་རྒྱལ་གྱི་གྲོང་མིའི་ཁོར་ཡུག་བདེ་ཐང་གི་བྱང་ཚད་དེ2018ལོའི12.5%ནས2022ལོའི18.8%བར་མཐོ་རུ་ཕྱིན་ཡོད།

  • ཚེས20ཉིན། ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ཧྲུའེ་ཆིང་ཞ་ཡིས་ཀྲུང་གོའི་བུད་མེད་རྐང་རྩེད་སྤོ་ལོའི་རྩལ་ཁྲིད་པ་གཙོ་བོའི་འགན་ད་ནས་བཟུང་འཁུར་རྒྱུ་མིན་པ་ཁྱབ་བསྒྲགས་བྱས།

  • ཉེ་ཆར། ཅང་ཞི་རུའེ་ཅིན་ཉེན་རྟོག་ཕྱོགས་ཀྱིས་ལོ18ལ་བྲོས་བྱོལ་དུ་སོང་བའི་སྲོག་བཅད་གྱོད་གཞིའི་བྲོས་བྱོལ་ཉེས་ཅན་ཙེང་ག་གེ་མོ་འཛིན་བཟུང་བྱས།

    3.jpg

  • སི་ཁྲོན་གྱི་མེ་ཧྲན་ནས་ཁྲེང་ཏུའུ་བདེ་ཐང་གི་རྡོ་ཆས་རྙིང་པའི་དུས་རབས་ཀྱི་རྗེས་ཤུལ་སྔ་ཤོས་རྙེད་ཅིང་ད་ལྟའི་བར་དུ་ལོ་ཁྲི20ལྷག་འགོར་ཡོད།

  • ཧའེ་ནན་ཆིང་ལན་མཚོ་དོན་ཅུས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་སྟེ། ཚེས22ནས་ཚེས24ཉིན་གྱི་ཉིན་རེའི་ཆུ་ཚོད6པ་ནས18:30བར། ལྷོ་རྒྱ་མཚོའི་ཆུ་ཁོངས་ཁག་གཅིག་ཏུ་དམག་དོན་སྦྱོང་བརྡར་བྱ་རྒྱུ་ཡིན་པས་བསྐྱོད་མི་ཆོག

  • ཝུའུ་ཧན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་དབྱང་རུང་ཆི་ནད་ཀྱི་རྐྱེན་པས་ཚེ་ལས་འདས་པ་དང་། ནང་མིས་ཁོང་གི་རེ་བ་ལྟར་མིག་སྐྱི་ཞལ་འདེབས་ཕུལ་ནས་མིག་ནད་ཕོག་མཁན་གཉིས་ལ་འོད་སྣང་སྦྱིན།

    སྲིད་ཇུས།

  • ཧའེ་ནན་གྱིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་པ་སྟེ། ཧའེ་ནན་དུ་གསར་དུ་བཙུགས་པའི་ནོར་སྲིད་རྒྱུ་ནོར་ལྟེ་གནས་ལ་དོན་དངོས་ཐོ་འགོད་མ་རྩ་ལྟར་བྱ་དགའ་མཐོ་ཤོས་ལ་ཐེངས་གཅིག་རང་བཞིན་གྱི་སྒོར་ཁྲི2000སྤྲོད་རྩིས་འདུག

  • ཧོ་པེ་ཡིས་བཙས་མ་ཐག་པའི་ཕྲུ་གུ་དང་བྱིས་པའི་སྡེབ་སྦྱོར་བཟའ་བཅའ་ཐོན་སྐྱེད་བྱེད་པའི་ཁེ་ལས་ཀྱིས་བཙས་མ་ཐག་པའི་ཕྲུ་གུ་དང་བྱིས་པའི་སྡེབ་སྦྱོར་བཟའ་བཅའ་ཐོན་སྐྱེད་བྱས་རྗེས་ཀྱི་ཉིན30ནང་བླང་བྱ་གཞིར་བཟུང་ཐོ་འགོད་སྙན་སེང་གི་དཔྱད་གཞི་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ་ལ་ཐོ་འགོད་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན།

  • ཧྲེན་ཀྲེན་གྱིས་བྱེད་ཐབས་བཏོན་པ་སྟེ། གྲོང་ཁྱེར་དེ་གའི་ས་བོན་དུས་སྐབས་དང་གསར་གཏོད་ཐོག་མའི་དུས་སྐབས་ཀྱི་གསར་གཏོད་ཁེ་ལས་ཀྱི་གསར་གཏོད་མ་འཇོག་སྒྲིག་གཞིར་མ་འཇོག་བྱས་པར་མ་འཇོག་བྱེད་ཚད་ཀྱི10%ཡི་བྱ་དགའ་ཐོབ་རྒྱུ་དང་བྱ་དགའ་མཐོ་ཤོས་ལ་སྒོར་ཁྲི500སྤྲོད་རྒྱུ་རེད།

    དེ་རིང་གི་གནམ་གཤིས།

4.jpg

  • ཤིན་ཅང་གི་ཤར་རྒྱུད་དང་ཐེན་ཧྲན་རི་བོའི་རྒྱུད། བོད་ལྗོངས་ཀྱི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་ཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་། ས་ཁུལ་ཁ་ཤས་ལ་ཁངས་འབྲིང་བ་འབབ་རྒྱུ་རེད། ཅི་ལིན་གྱི་དབུས་རྒྱུད་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། སི་ཁྲོན་གཤོང་སའི་ལྷོ་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་རྒྱུ་རེད།


མཉམ་སྤྱོད།