མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས04ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-11-20 07:45:09   |   1735

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཝུ་ར་ཀུའེ་ཤར་ངོགས་སྤྱི་མཐུན་རྒྱལ་ཁབ(乌拉圭东岸共和国)ཀྱི་ཙུང་ཐུང་ལུའུ་དབྱི་སི·ཨར་ཝེ་ཐོ·ལ་ཁ་ལེ·པོ་ཝུའུ་ཡིས་ཟླ11པའི་ཚེས20ནས་ཚེས24ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • ཀྲུང་དབྱང་དྲིལ་སྒྲོག་པུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་སོགས་སྡེ་ཚན་དྲུག་གིས་སྐབས་དགུ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་སྤེལ་མགོ་ཚུགས་ཡོད།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཅུ་པར་རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར3.36སྐྱེལ་འདྲེན་བྱས། 2019ལོའི་དུས་མཚུངས་ལས8.2%འཕར་ཡོད།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ་བཅུ་པར་རང་རྒྱལ་གྱིས་མ་བཅོས་རྡོ་སོལ་ཏུན་དུང་ཕྱུར3.9ཐོན་སྐྱེད་བྱས། དུས་མཚུངས་ལས3.8%འཕར་ཡོད།

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར“བྱང་གསུམ”ནགས་འདེབས་རྩྭ་འདེབས་ལས་གཞི་ཡིས་ཁྱོན་རྩྭ་དང་ནགས་མུའུ་ཁྲི608.07བཏབ་ཡོད།

  • རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུ་ཡིས་རང་རྒྱལ་གྱིས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས50ལྷག་ཙམ་དང་སྲིད་གཞུང་དབར་གྱི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་གན་རྒྱ150ལྷག་བཞག་ཡོད་ཅིང་། གན་རྒྱ་ལ་མིང་རྟགས་བཀོད་ཡོད་ཅེས་བསྟན།

    1.jpg

  • ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་གིས2024ལོའི་མཁའ་གྲུ་ཨང་བདུན་པའི་འཕུར་སྐྱོད་ལས་འགན་དང་། མཁའ་གྲུ་ཨང་བརྒྱད་པའི་འཕུར་སྐྱོད་ལས་འགན། ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་བཞུགས་འཕུར་སྐྱོད་ལས་འགན། ལྷ་གྲུ་ཨང་བཅུ་དགུ་པའི་མི་བཞུགས་འཕུར་སྐྱོད་ལས་འགན་བཅས་ཀྱི་མཚོན་རྟགས་རི་མོ་ཁྱབ་བསྒྲགས་བྱས།

22.jpg

  • ཚེས18ཉིན། གངས་འཁོར་དང་ལྕགས་སྒྲོམ་གངས་འཁོར་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་སུན་ཁའེ་ཀྲིའི་རུ་ཁག་ལ་ཀྲུང་གོའི་སྐྱེས་པའི་མི་བཞིའི་གངས་འཁོར་གྱི་འཛམ་གླིང་བུམ་པའི་གཟེངས་རྟགས་བྱ་དགའ་ཐོག་མ་ཐོབ།

  • ཚེས19ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རབ་དང་དབྱི་སི་ལམ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུ་ཀྲང་གི་མཉམ་འབྲེལ་འཐུས་མི་ཚོགས་པས་ཟླ11པའི་ཚེས20ནས་ཚེས21ཉིན་བར་ཀྲུང་གོར་འཚམས་འདྲི་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས།

སྤྱི་ཚོགས།

33.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཚེས21ནས་ཚེས24ཉིན་བར། གྲང་རྒྱུན་གནམ་གཤིས་ཀྱིས་ནུབ་ནས་ཤར་བར་རང་རྒྱལ་གྱི་ས་ཆ་མང་ཆེ་བར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་། འབྲི་ཆུའི་དབུས་སྨད་རྒྱུད་དང་བྱང་རྒྱུད་ས་ཁུལ་དུ་རླུང་ཆེན་གཡུག་པ་དང་དྲོད་ཚད་མངོན་གསལ་དོད་པོས་མར་ཆག་རྒྱུ་རེད།

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུའི་ལྟ་ཞིབ་ཚད་ལེན་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་འདབ་ཆགས་རིགས20ལྷག་ཙམ་གྱི་གྲངས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་འདུག

44.jpg

  • ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་། རང་རྒྱལ་གྱི་ནགས་ལས་རིག་པ་མཁས་ཅན། ནགས་ལས་སློབ་གསོ་མཁས་ཅན་ཝང་མིང་ཡུས་སྙུང་གཞིའི་རྐྱེན་པས་སྨན་བཅོས་བྱས་ཀྱང་མ་ཕན་པར་ཚེས18ཉིན་ནན་ཅིང་དུ་སྐུ་གཤེགས། སྐུ་གཤེགས་སྐབས་དགུང་ལོ91ཡིན།

  • ཚེས19ཉིན། རྒྱལ་ནང་གི་བར་ཐག་རིང་ཤོས་ཀྱི་མཚོ་བརྒལ་ཟམ་པ་སྟེ། ཀྲེ་ཅང་ཉིང་པོའི་ཧྲོང་ཡུས་མོན་ཟམ་ཆེན་གྱི་འཛུགས་སྐྲུན་ལས་འགན་དེ་མཚོ་ཐོག་གི་གཙོ་གཟུགས་ཨར་ལས་བྱེད་པའི་དུས་མཚམས་སུ་དངོས་སུ་སླེབས་པ་དང་། སྔོན་དཔག་བྱས་ན2027ལོར་བཟོ་སྐྲུན་འགྲུབ་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

  • ཚེས19ཉིན། སི་ཁྲོན་གྱིས་གནའ་རྫས་རྟོག་ཞིབ་གལ་ཆེན་ཤེས་རྟོགས་བྱུང་བ་སྟེ། “སུའུ་དུར་ཚལ”ཁྲོད་ཀྱི་སུའུ་དུར་ཆེ་བ་ནི་སུའུ་ཧྲེ(苏轼)ཡི་ཚ་བོ་སུའུ་ཧྥུའི་བང་སོ་ཡིན་པ་དང་། སུའུ་དུར་ཆུང་བ་ནི་སུའུ་ཧྲེའི་ཡང་ཚ་དང་སུའུ་ཧྥུའི་བུ་སུའུ་ཧྲན་གྱི་བང་སོ་ཡིན་འདུག

    5.png

  • ཚེས18ཉིན། ཅི་ལིན་ནས་འཕུར་ཡོང་བའི་ཤར་ཕྱོགས་ཀྱི་ཆུ་བྱ་དཀར་པོ11མི་ཐབས་ལ་བརྟེན་ནས་སྨན་བཅོས་བྱས་རྗེས་ཐེན་ཅིན་དུ་རང་བྱུང་ཁམས་སུ་བཏང་།

  • ཚེས19ཉིན། པེ་ཅིང་སྤྱི་སྤྱོད་རླངས་འཁོར་ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་བཏང་བར་གཞིགས་ན། འགྲུལ་པ་ཞིག་གིས་རྩོད་གཞིའི་རྐྱེན་གྱིས་ས་འོག་ལྕགས་ལམ་གྱི་སྒོ་བཀག་པས་ས་འོག་ལྕགས་ལམ་སྐར་མ་བརྒྱད་ཀྱིས་འགོར་འགྱངས་བྱས། མིག་སྔར་མི་དེ་སྲིད་འཛིན་བཀག་ཉར་བྱས་ཡོད།

  • ཅང་ཞི་ཡུས་ཏུའུ་ཡི་བུ་མོ་ཞིག་གིས་རང་སྲོག་གཅོད་པར་རྩོམ་པའི་ཉེན་ཁའི་སྐབས་སུ། ཟ་མ་ལེན་པར་འགྲོ་བཞིན་པའི་ལག་པ་ཡ་གཅིག་ལས་མེད་པའི་ཟ་མ་སྐྱེལ་མཁན་ལའེ་ཆིང་ཧྭ་ཡིས་ལག་པ་ཡ་གཅིག་གིས་བུ་མོ་དེ་པང་དུ་བསྡམ་ཞིང་། ཟོག་སྐྱེལ་བ་གཞན་ཞིག་གིས་ཀྱང་རོགས་རམ་བྱས་པར་བརྟེན་བུད་མེད་སྐྱོབ་ཐུབ་པ་བྱུང་།

སྲིད་ཇུས།

  • ཨན་ཧུའེ་ཡིས་ཁྱད་ལྡན་ཞིང་ལས་ཐོན་རྫས་བཤའ་ཕྱུགས་འགན་བཅོལ་འཛུགས་རྒྱུར་སྐུལ་འདེད་བཏང་ཞིང་། འགན་བཅོལ་དངུལ་མཐོ་ཤོས་ལ་ཕྱུགས་རེར་སྒོར500ཡིན་པ་དང་རིམ་པ་ཁག་གི་ནོར་སྲིད་ཀྱིས80%ཡི་ཁ་གསབ་སྤྲོད་རྒྱུ་རེད།

  • ཧྥུ་ཅན་གྱིས་ཆོག་མཆན་ཐོབ་པའི་རྒྱལ་ཁབ་རིམ་པའི་ཞིབ་འཇུག་གསར་སྤེལ་གསར་གཏོད་ལས་སྟེགས་དང་རྒྱལ་ཁབ་རིམ་པའི་མཐོ་གསར་ཁུལ་ལ་ཐེངས་གཅིག་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི1000སྤྲོད་རྒྱུ་ཡིན་པ་ཁ་གསལ་བཏོན།

  • ཧྲན་ཏུང་ཆིང་ཏའོ་ཡིས་བརྡ་ཐོ་བཏང་བ་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་བོགས་གཏོང་ཁང་པར་སྡོད་པ་མ་ཟད་བོགས་གཏོང་གན་རྒྱའི་སྙན་སེང་ཐོ་འགོད་བྱས་པ་དང་སྡོད་གནས་ཐོ་འགོད་བྱེད་མཁན་དག་ལས་ཆ་རྐྱེན་དང་འཚམ་པའི་མི་ཡིས་ཁང་པ་གླ་བའི་སྐབས་སུ་ཐུན་མོང་གཞིས་ཆགས(集体落户)ཀྱི་སྙན་ཞུ་བྱས་ཆོག

དེ་རིང་གི་གནམ་གཤིས།

6.jpg

  • ཞིན་ཅང་གི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་ལྷོའི་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཞིན་ཅང་ཐེན་ཧྲན་རྒྱུད་ཀྱི་ས་ཁུལ་ས་ཤས་སུ་ཁངས་ཆེན་འབབ་རྒྱུ་རེད། ཤིན་ཅང་དབྱི་ལི་ལུང་གཞུང་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་རེད།


མཉམ་སྤྱོད།