མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས18ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

རྐང་ཚ་རྫོང་གིས2023ལོའི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ངོ་སྤྲོད་ཚོགས་འདུ་དང་མཚོ་སྔོན་པོ་རྩྭ་ཐང་གི་དགུན་ཤའི་དུས་ཆེན་སྐབས་གཉིས་པ་འཚོགས།

2023-11-17 11:41:49   |   1550

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ11པའི་ཚེས16ཉིན། 2023ལོའི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ངོ་སྤྲོད་ཚོགས་འདུ་དང་མཚོ་སྔོན་པོ་རྩྭ་ཐང་གི་དགུན་ཤའི་དུས་ཆེན་སྐབས་གཉིས་པ་རྐང་ཚ་རྫོང་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་བའི་ཚན་གཙོ་ཞའེ་ཅན་ཧྭ་དང་། ཁུལ་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ་ཝང་ཡོན་ཁྲིང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཞིན་ཧོས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པའོ་ཀྲིན་ཆིན་དེ་བཞིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དག་བྱེད་སྒོར་ཞུགས་ཡོད། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་བྱེད་སྒོ་མགོ་ཚུགས་པ་ཁྱབ་བསྒྲགས་གནང་ལ། རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིན་གྱིས་ཤིས་ཚིག་ཕུལ་ཞིང་རྫོང་ཨུའི་རྒྱུུན་ཨུ། རྫོང་དཔོན་གཞོན་པ་ཅིས་ཧྲི་ཝེ་ཡིས་བྱེད་སྒོར་གཙོ་སྐྱོང་གནང་། རྫོང་གི་ཚན་ཁག་ཆེན་པོ་བཞིའི་འབྲེལ་ཡོད་མགོ་ཁྲིད་དང་། གྲོང་རྡལ་དང་ཡུལ་ཚོ། སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན། སྲིད་འཛིན་སྡེ་བ31གི་འགན་འཁུར་བ། སྡེ་བ་སོ་སོའི་ཐོན་ལས་སྐུལ་སྤེལ་རུ་ཁག་གི་རུ་མི། མང་ཚོགས་ཀྱི་འཐུས་མི། མང་ཚོགས་ཀྱི་འཐུས་མི་དེ་བཞིན་ཞིང་འབྲེལ་ཁེ་ལས་དང་མཉམ་ལས་ཁང་། ཁྱིམ་ཚང་ཕྱུགས་རའི་འགན་འཁུར་བ་སོགས་མི1000ལྷག་ཙམ་ངོ་སྤྲོད་བྱེད་སྒོར་ཞུགས་པ་མ་ཟད། ཞིན་ཧྭ་དྲ་བ་དང་ཀྲུང་གོའི་གསར་འགྱུར་དྲ་བ། ཀྲུང་དབྱང་བརྙན་འཕྲིན་མཚོ་སྔོན་དྲ་ཚིགས། ཀྲུང་དབྱང་རྒྱང་སྒྲོག་དྲ་བ། མི་དམངས་དྲ་བ།  མཚོ་སྔོན་བརྙན་འཕྲིན་ཁང་། ཨ་མདོ་བརྙན་འཕྲིན། དམངས་ཀྱི་ལེ་ཚན། མཚོ་སྔོན་ཉིན་རེའི་ཚགས་པར། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མདོ་ལ་རི་བོའི་ཚགས་པར་ཁང་སོགས་གསར་འགྱུར་སྨྱན་སྦྱོར་ལས་ཁུངས10ལྷག་ཙམ་གདན་དྲངས་ནས་ཆེད་དོན་དྲིལ་སྒྲོག་སྤེལ་བ།

1.jpg

2.jpg

4.jpg

5.jpg

6.jpg

རྫོང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིན་གྱིས་ཤིས་ཚིག་འབུལ་སྐབས།“དགུན་ཤ་ཡི་བྲོ་བ་མྱོང་དང་བདེ་ཐང་གི་འཚོ་བ་རོལ”ཞེས་པ་བརྗོད་དོན་གཙོ་བོ་བྱས་པའི2023ལོའི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ངོ་སྤྲོད་ཚོགས་འདུ་དང་མཚོ་སྔོན་པོ་རྩྭ་ཐང་གི་དགུན་ཤའི་དུས་ཆེན་སྐབས་གཉིས་པའི་བྱེད་སྒོ་སྤེལ་ཞིང་། གཙོ་བོ་སྲིད་གཞུང་གིས་ལས་སྟེགས་བསྐྲུན་པ་དང་ཁེ་ལས་ཀྱིས་ཚོང་རྟགས་བཀྲམ་པ་བརྒྱུད་ནས།རྐང་ཚའི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཡག་ཤོས་དེ་ཞིང་ཆེན་ཕྱི་ནང་གི་རྒྱ་ཆེའི་འཛད་སྤྱོད་པར་ངོ་སྤྲོད་བྱས་ཏེ།ཚོང་རྟགས་ཀྱི་མཚན་སྙན་དང་ཤུགས་རྐྱེན་གྱི་ནུས་པ་ཁྱབ་གདལ་དུ་བཏང་སྟེ།ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་ཞིང་འབྲོག་ས་ཁུལ་དར་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་བསྟན།

7.jpg

8.jpg

9.jpg

ཐེངས་འདིའི་བྱེད་སྒོ་དེས“དགུན་ཤ་ཡི་བྲོ་བ་མྱོང་དང་བདེ་ཐང་གི་འཚོ་བ་རོལ”ཞེས་པ་བརྗོད་དོན་གཙོ་བོ་བྱས་ནས་ཞིམ་ཟས་རོལ་མྱོང་དང་ཐོན་རྫས་འགྲེམ་སྟོན། ནོར་ལུག་འགྲེམ་སྟོན། དྲ་དཔོན་འདྲ་པར་བཤམ་པ་སོགས་ཀྱི་མཚོན་པའི་འགྲེམ་ཁུལ4བཙུགས་པ་དང་འགྲེམ་ཚོགས་སུ་ཐོན་རྫས་རིགས32ཡོད། དེ་དག་ཕྱུགས་ལས་ཐོན་རྫས་དང་འོ་མའི་ཐོན་རྫས། འབྲུ་སྣུམ་གྱི་ཐོན་རྫས། བསྙལ་རྫས། བོད་སྨན་གྱི་ཐོན་རྫས། གསར་བཟོས་ཐོན་རྫས། གཟུགས་འདས་ཤུལ་བཞག་གི་ཐོན་རྫས། དམངས་ཁྲོད་ཀྱི་བཟོ་རྩལ་ཐོན་རྫས། མི་རིགས་ཀྱི་གྱོན་ཆས། ཞིང་སྤྱོད་དངོས་རྫས། ཁྱད་ལྡན་ཟས་རིགས་སོགས་རིགས་ཆེན་པོ11དང་སྣ་ཁ50ལྷག་ཙམ་ཡུལ་དངོས་འགྲེམ་སྟོན་དང་ཐོན་རྫས་ངོ་སྤྲོད། སྒོ་འབྱེད་འགྲེམ་ཚོང་སོགས་ཀྱི་བྱེད་ཐབས་སྤྱད་དེ་བོད་མཁར་རྐང་ཚའི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྱད་ཆོས་འགྲེམས་སྟོན་བྱས་པ་བརྒྱུད་ནས་འཛད་སྤྱོད་པ་མང་པོའི་ཡིད་སེམས་ཅིག་ཅར་འཕྲོག་སྟེ་འདེམས་ཉོ་བྱེད་ཀྱིན་ཡོད། ད་ཐེངས་ཀྱི་ངོ་སྤྲོད་བྱེད་སྒོ་རུ་ཁྱོན་བསྡོམས་ནོར་ལུག་མགོ་གྲངས1195(དེའི་ནང་ནོར300དང་ལུག895)འཚོང་བའི་གན་རྒྱ་བཞག་ལ་སྒོར་ཁྲི261.45ཡིན།

ནོར་ལུག་ཤ་མངག་ཐོ2ཕྱིར་འཚོང་བྱས་པར་སྒོར་མོ་ཁྲི80ལྷག་ཡིན། དེ་དང་ཆབས་ཅིག་ཏུ་དྲ་ཐོག་གི་མགྲོན་འགུགས་ལས་སྟེགས་བརྒྱུད་དེ་ཞིང་ཆེན་ནང་ཁུལ་གྱི་སྐད་གྲགས་ཆེ་བའི་ཟོང་འཚོང་ཐད་གཏོང་པ་གདན་དྲངས་ནས་ཡུལ་དངོས་ཐད་གཏོང་གི་ངོ་སྤྲོད་བྱས་ཏེ་རང་རེའི་རྫོང་གི་ཐོན་རྫས་གྲགས་ཅན་གྱི་མཚན་སྙན་དང་ཚོང་རའི་ཤུགས་རྐྱེན་གྱི་ནུས་པ་སྔར་ལས་ཇེ་མཐོར་གཏོང་རྒྱུ།

10.jpg

11.jpg

12.jpg

·14.jpg

15.jpg

ཉེ་བའི་ལོ་ཤས་རིང། རྐང་ཚ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་རྐང་ཚ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོར་བཟུང་སྟེ་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་ཐོན་ལས་བཀོད་སྒྲིག་ཏུ་རང་འགུལ་ངང་མཉམ་འདྲེས་བྱས་ནས། ཞིང་ཕྱུགས་ལས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་གྱི་འགག་སྒོ་ལས་སྒྲོལ་ཏེ། ཞིང་ཕྱུགས་ལས་གཅིག་སྡུད་ཅན་དང་ཐོན་ལས་ཅན། སྐྱེ་ཁམས་ཅན། ཤེས་རབ་ཅན། ཚོང་རྟགས་ཅན་གྱི་འཕེལ་རྒྱས་འགྲོ་བར་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། རིམ་བཞིན་ཞིང་ཕྱུགས་ཐོན་ལས་གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་ཐོན་སྐྱེད་ཕྱོགས་སུ་བསྒྱུར་བ་དང་རྒྱུ་ཆ་ཕྱིར་གཏོང་དེ་ཐོན་རྫས་ཕྱིར་གཏོང་གི་ཕྱོགས་སུ་བསྒྱུར་བ། ས་ཁོངས་རང་བཞིན་གྱི་འཛད་སྤྱོད་དེ་ཞིང་ཆེན་ཕྱི་ཡི་ཚོང་རའི་འཛད་སྤྱོད་པའི་ཕྱོགས་སུ་བསྒྱུར་བ་བཅས་བྱེད་དགོས། ཐུན་མོང་གི་འབད་བརྩོན་འོག་ཏུ་རྐང་ཚའི་ནོར་ལུག་ཤ་དེ་པེ་ཅིན་དང་ཧྲང་ཧའེ། ཧྲན་ཏུང་སོགས་ཀྱི་ཚོང་ར་ཆེན་པོའི་ལས་སྟེགས་སུ་ཐད་འཚོང་བྱེད་བཞིན་ཡོད་པ་དང་།རྒྱལ་ཡོངས་ཀྱི་ས་ཆ་མང་པོར་ཚོང་རའི་དྲ་རྒྱ་མ་ལག་བཙུགས་ཏེ་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་ནུས་པ་མཐོར་འདེགས་སུ་བཏང་།

16.jpg

17.jpg

18.jpg

རྐང་ཚ་རྫོང་གིས་ཐེངས་འདིའི་བྱེད་སྒོ་གོ་སྐབས་སུ་བརྩིས་ཏེ། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་དམིགས་བསལ་དང་ལྷད་མེད་འཕེལ་རྒྱས་གཏོང་བ་ཁྲིད་སྟོན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་བསྐྱོད་པ་དང་། ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་སྣེ་ཁྲིད་ས་ཁུལ་བསྐྲུན་པ་གཙོ་བོར་བཟུང་ནས་ཞིང་ཕྱུགས་ལས་ཀྱི“ཅན་ལྔའི”འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྟེན་གཞི་བསྐྲུན་པ་དང་བཀོད་སྒྲིག་ལེགས་པ། སྣེ་འདྲེན་ཐུབ་པ།སྤུས་ཚད་མཐོར་འདེགས། ཚོང་རྟགས་འགྲེམ་པ་བཅས་བྱས་ཏེ། ལྷད་མེད་དང་སྐྱེ་ལྡན། བདེ་འཇགས། སྤུས་ལེགས་ཀྱི་ཐོན་རྫས་མཁོ་སྤྲོད་སྔར་ལས་རྒྱ་ཆེར་བསྐྱེད་དེ། ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་བཏང་ནས། ཞིང་ཕྱུགས་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འབུར་ཐོན་ཡོང་བར་སྐུལ་འདེད་བྱས་ཏེ། རྐང་ཚའི་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པར་སྟོབས་ཤུགས་ཡོད་རྒུ་འདོན་དགོས།


མཉམ་སྤྱོད།