དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་པ།

2023-11-22 10:39:15   |   1979

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནས་སྐོར་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སྔར་བས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། གྲོང་གསེབ་ཀྱི་གནས་སྐོར་ཞབས་ཞུའི་ཆུ་ཚད་འབད་པས་མཐོ་རུ་གཏོང་བ་དང་། མཚོ་བྱང་ཁུལ་གྱི་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་འདིང་བ་དང་། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ། ལེགས་ཆ་འདོན་སྤེལ་བཅས་བྱས་ཏེ་མཚོ་བྱང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱི་ཆེད་དུ། ཟླ11པའི་ཚེས21ཉིན། ཁུལ་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་འཚོགས་ཤིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཞུའེ་ཧྭ་ཅུས་གདན་ཞུ་བྱས་ཏེ། “སྤུས་ཚད་མཐོ་བའི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་བསྐྲུན་པའི་ཐབས་ལམ་དང་འཚོལ་ཞིབ”ཅེས་པའི་ཆེད་དོན་འཆད་ཁྲིད་བྱས།

1.jpg

ཁུལ་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་ཁག་དང་། ཁུལ་ཨུའི་སྡེ་ཚན་ཁག ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཚན་པ་ཁག་གི་རྫོང་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ་བཅས་ཀྱིས་ཆེད་དོན་འཆད་ཁྲིད་ལ་ཉན།

2.jpg

ཞུའེ་ཧྭ་ཅུས་ཀྱིས་མཚོ་སྔོན་གྱི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་འཛུགས་སྐྲུན་བྱེད་པའི་ད་ལྟའི་གནས་ཚུལ་དང་། དཀའ་ཁག དེ་བཞིན་ཐབས་ཇུས་བཅས་ཕྱོགས་གསུམ་ཀྱི་ཐད་ནས་གོ་སླ་ལ་གཏིང་ཟབ་པའི་འགྲེལ་པ་བྱས་ཤིང་། ཆེད་དོན་ཟུར་ཁྲིད་ལ་བློ་སྒོ་འབྱེད་པའི་དོན་སྙིང་ཆེན་པོ་ལྡན། གོམ་སྟབས་རྗེས་མར། མཚོ་བྱང་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་དམ་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་ཞུགས་པ་བཅས་བྱས་ཏེ། རིག་གནས་གནས་སྐོར་ལས་རིགས་དེ་ཁུལ་ཡོངས་ཀྱི་འཐབ་ཇུས་རང་བཞིན་གྱི་སྲོག་ཤིང་ཐོན་ལས་སུ་སྐྱེད་སྲིང་བྱས་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་འགན་ལེན་བྱ་རྒྱུ་རེད།

3.jpg

ཚོགས་འདུའི་ཐོག་བླང་བྱ་གསུམ་བཏོན་ཡོད་དེ། གཅིག་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི“གནས་སྐོར་བྱ་ཡུལ”བསྐྲུན་དགོས། མཚོ་བྱང་ཁུལ་ནི་མཚོ་བོད་ས་མཐོའི་ཤར་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ལ་གནས་སྐོར་རིག་གནས་ཕུན་སུམ་ཚོགས་པོ་ཡོད་པའི་ཁུལ་ཞིག་ཀྱང་ཡིན་ཏེ། རིགས་མང་ཞིང་སྤུས་ཚད་མཐོ་བ། ནུས་པ་འཛོམས་པ། སྡེབ་སྒྲིག་ལེགས་པ། ཁྱད་ཆོས་ལྡན་པ། གདོད་མའི་རང་བཞིན་དང་ལྐོག་གྱུར་རང་བཞིན། སྣ་མང་རང་བཞིན་བཅས་ཀྱིས་ཕྱུག་པའི “མཛེས་པའི་མཚོ་སྔོན”གྱི་བསྡུས་གཟུགས་ཤིག་ཡིན། དེ་བས་སྔར་བས་གནད་ལ་འཁེལ་བའི་ངེས་གནས་འཚོལ་བ་དང་། ཚད་གཞི་དེ་བས་མཐོ་བ་དང་ཤུགས་ཚད་དེ་བས་ཆེ་བའི་ཐོག་ནས་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་དགོས། གཉིས་ནས“གནས་སྐོར་བྱ་ཡུལ”འཛུགས་སྐྲུན་གྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། གནས་སྐོར་ཁྲོམ་རའི་དགོས་མཁོ་དང་། གཉེར་སྐྱོང་འདུ་ཤེས། གསར་སྤེལ་བྱེད་སྟངས་སོགས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་བསྟུན་ནས་གནས་སྐོར་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྔར་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། དེ་བས་མགྱོགས་མྱུར་གྱིས་དགོས་མཁོ་གསར་པ་དང་འགྱུར་ལྡོག་གསར་པར་འཚམ་ཐབས་བྱས་ཏེ། དུས་ཚིགས་ཧྲིལ་པོ་དང་། དུས་ཡོད་ཚད། ས་ཁོངས་ཧྲིལ་པོ་བཅས་ཀྱི་འདུ་ཤེས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཞན་ཆ་གསབ་པ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། ལེགས་ཆ་འདོན་སྤེལ་བཅས་བྱས་ཏེ་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་འཛུགས་པའི་འགག་སྒྲོལ་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་དགོས། གསུམ་ནས“གནས་སྐོར་བྱ་ཡུལ་”འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་དགོས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་བསྐྲུན་རྒྱུ་ནི་མཚོ་བྱང་གི་དུས་རབས་ཀྱི་ལས་འགན་དང་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ་ཡུན་རིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། གསར་འབྱེད་རང་བཞིན་བཅས་ལྡན་པའི་མ་ལག་ལས་གྲྭ་ཞིག་ཀྱང་ཡིན་ཞིང་། སྡེ་ཚན་མང་པོ་དང་བྱེད་པོ་མི་འདྲ་བ་དང་འབྲེལ་བ་ཡོད། ངེས་པར་དུ་སྲིད་གཞུང་དང་། ཁེ་ལས། སྤྱི་ཚོགས་རྩ་འཛུགས། སྤྱི་དམངས་བཅས་མཉམ་ཞུགས་ཀྱིས་གནས་སྐོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ཁུལ་ཡོངས་ཀྱི་རིག་གནས་གནས་སྐོར་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས།


མཉམ་སྤྱོད།