དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་རྟེན་གཞི་དང་སློབ་ཁྲིད་བྱེད་གནས་ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་འདུག

2023-11-22 11:58:42   |   1280

སྒྲིག་སྒྱུར།  དོན་འགྲུབ་མཚོ།   ཡོང་ཁུངས།  མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


རྒྱལ་སྲུང་སློབ་གསོའི་རྟེན་གཞི(སློབ་ཁྲིད་བྱེད་གནས)ནི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་སྤེལ་ཡུལ་གལ་ཆེན་ཞིག་རེད།《ཀྲུང་གུང་མཚོ་སྔོན་ཞིང་ཨུ་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་དམག་ཁུལ་བཅས་ཀྱི<དུས་རབས་གསར་པའི་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོར་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱི་བསམ་འཆར>ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་》ཀྱི་དགོངས་དོན་གཞིར་བཟུང་བ་དང་། མཚོ་བྱང་ཁུལ་གྱི་དུས་རབས་གསར་བའི་རྒྱལ་སྲུང་སློབ་གསོ་ལ་ཤུགས་སྣོན་དང་དམངས་ཡོངས་ཀྱི་རྒྱལ་སྲུང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།  དུས་རབས་གསར་བའི་རྒྱལ་སྲུང་སློབ་གསོ་ཁྱབ་གདལ་གཏོང་བ། ཏང་དང་རྒྱལ་ཁབ། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་དང་། བདེ་སྡོད་ཉེན་ཟོན། དམག་བཀུར་དམག་གཅེས། རྒྱལ་ཁབ་དང་དམག་དཔུང་སྟོབས་ལྡན་གཏོང་བའི་འདུ་ཤེས་ཇེ་དྲག་ཏུ་གཏོང་ཆེད། མཚོ་བྱང་ཁུལ་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་དང་པོས་གྲོས་བསྡུར་བྱས་པ་བརྒྱུད། མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་སོགས་ལས་ཁུངས་དགུ་ལ“དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་རྟེན་གཞི”དང་། 221རྟེན་གཞིའི་གནས་རྙིང་གི་བཟོ་གྲྭ་དང་པོ་སོགས་ལས་ཁུངས་དགུ་ལ“དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་སློབ་ཁྲིད་བྱེད་གནས”སུ་མིང་བཏགས་བྱས་ནས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

མཚོ་བྱང་ཁུལ་གྱི“དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་རྟེན་གཞིའི”མིང་ཐོ།(9)

མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་།

ས་མཐོའི་སྙིང་སྟོབས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་ཁང་།

མདོ་ལའི་ནུབ་ལམ་དམར་དམག་བཅིངས་འགྲོལ་དམག་ཅུན་གཉིས་པའི་དྲན་གསོ་ཁང་།

འཇུ་ལག་སྔོན་གཤེགས་དཔའ་བོའི་བང་སོ་ཁང་།

མདའ་བཞིའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་།

རྐང་ཚའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་།

འཇུ་ལག་ཧན་ཐེ་ཡུལ་དམག་ལེན་ལོ་རྒྱུས་ཁང་།

221རྟེན་གཞི་རྙིང་པའི་བཟོ་ཁུལ་བཅུ་བ།

221སྦྲག་སྲིད་ཁང(ས་འོག་བཀོད་འདོམས་ལྟེ་གནས)

མཚོ་བྱང་ཁུལ་གྱི“དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་སློབ་ཁྲིད་བྱེད་གནས”ཀྱི་མིང་ཐོ།(9)

221རྟེན་གཞིའི་གནས་རྙིང་གི་བཟོ་གྲྭ་དང་པོ།

221རྟེན་གཞིའི་གནས་རྙིང་གི་བཟོ་གྲྭ་གཉིས་པ།

221རྟེན་གཞིའི་གནས་རྙིང་གི་བཟོ་གྲྭ་དྲུག་པ།

221རྟེན་གཞིའི་གནས་རྙིང་གི་བཟོ་གྲྭ་བདུན་པ།

221རྟེན་གཞིའི་གནས་རྙིང་གི་བཟོ་གྲྭ་བཅུ་གཅིག་པ།

221རྟེན་གཞིའི་གནས་རྙིང་གི་བཟོ་གྲྭ་བཅུ་བཞི་པ།

ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞི་དང་པོའི་དྲན་གསོའི་རྡོ་རིང་།

མཁའ་དམག་གི་ས་གནམ་འཕུར་མདེལ་དམག་དཔུང་གི་རང་ཚུགས་ཡིང12པའི་གནས་རྙིང་།

དེ་སྔའི221རྟེན་གཞིའི་མཐོ་པོ་སྒང་མཁའ་སྲུང་དམག་དཔུང་གི་གནས་རྙིང་།


མཉམ་སྤྱོད།