དེ་རིང་ནི2025ལོའི་ཟླ05པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་དབྱང་ཁོར་ཡུག་ལྟ་ཞིབ་ཚན་ཆུང་གིས་མཚོ་སྔོན་ལ་སྐོར་ཐེངས་གསུམ་པའི་གྱོད་དོན24སྤྲད།

2023-11-26 14:58:52   |   2208

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11པའི་ཚེས25ཉིན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཐེངས་གསུམ་པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན་བསྡོམས་པས24སྤྲད་དེ་བསྒྲུབ་ཏུ་བཅུག དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བཞིར་འབྲེལ་ཡོད་ཅིང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ་གྱོད་དོན12དང་། མཚོ་ཤར་གྲོང་ཁྱེར་དུ་གྱོད་དོན6དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་གྱོད་དོན5དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་གྱོད་དོན1བཅས་ཡོད། མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་གནད་དོན་ལས་འཛེར་སྒྲའི་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན4དང་། སྐྱེ་ཁམས་གཏོར་བརླག་ལ་འབྲེལ་བའི་གྱོད་དོན7དང་། རླུང་ཁམས་ཆེན་མོའི་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན3དང་། ཆུའི་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན4དང་། ས་གཤིས་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན5དང་། གཞན་པའི་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན1བཅས་ཡོད། མིག་སྔར་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་རང་ཞིང་ལ་སྤྲད་ནས་བསྒྲུབ་ཏུ་བཅུག་པའི་སྐོར་ཐེངས་གསུམ་པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན་དག་སོ་སོར་འབྲེལ་ཡོད་ཀྱི་གྲོང་ཁྱེར་དང་ཁུལ། སྡེ་ཁག་བཅས་ལ་སྤྲད་ཡོད་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གོ་རིམ་ལྟར་དུས་ཚོད་དམ་འཛིན་བྱས་ནས་སྒྲུབ་བཞིན་ཡོད།


མཉམ་སྤྱོད།