དེ་རིང་ནི2025ལོའི་ཟླ05པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-11-27 07:41:03   |   5123

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ད་ལོའི་དུས་ཚིགས་དང་པོ་དང་། གཉིས་པ། གསུམ་པ་བཅས་སུ་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་སྡོམ་འབོར་སྒོར་དུང་ཕྱུར་ཁྲི9.72དང་། སྒོར་དུང་ཕྱུར་ཁྲི10.29དང་། སྒོར་དུང་ཕྱུར་ཁྲི10.79བཅས་ཡིན་པ་དང་། ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་དུས་ཚིགས་རེ་རེ་བཞིན་འཕར་ཡོད།

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ10པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཁྱོན་སྡོམ9567ཞིབ་བཤེར་ཐག་གཅོད་བྱས་པ་དང་། མི13770ལ་སྐྱོན་བརྗོད་སློབ་གསོ་དང་ཐག་གཅོད་བྱས་ཡོད།

1.jpg

  • 2024ལོ་འཁོར་གྱི་རྒྱལ་ཁབ་ཡིག་རྒྱུགས་ཀྱི་སྤྱི་པའི་སློབ་ཚན་གྱི་ཡིག་རྒྱུགས་དེ་ཚེས་26ཉིན་འཚོགས་པ་རེད། ཁྱོན་སྡོམ་མི་ཁྲི225.2དངོས་སུ་ཡིག་རྒྱུགས་ལ་ཞུགས་པ་དང་། ཡིག་རྒྱུགས་ལ་ཞུགས་པའི་མི་གྲངས་དང་བསྡུ་སྤྱོད་འཆར་གཞིའི་གྲངས་འབོར་གྱི་བསྡུར་ཚད་ཧ་ལམ57:1ཡིན།

  • ད་ལོའི་ཟླ1པོ་ནས10བའི་བར་རང་རྒྱལ་གྱི་གློག་འཕྲིན་ལས་སྒོའི་སྡོམ་འབོར་དུས་མཚུངས་ལས16.6%འཕར་བ་དང་། དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་བེད་སྤྱོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་བརྡ་ཐོ་བཏང་ནས་སྨན་རྫས་ཡོ་བྱད་གཅིག་སྡུད་ཉོ་སྒྲུབ་ཀྱིས་ཁ་དན་ཚིག་ལ་མ་གནས་པའི་ཁེ་ལས་དེ་ཉོ་སྡུད་ནང་ཞུགས་མི་ཆོག་པའམ་ཡང་ན་ཚོད་འཛིན་བྱ་རྒྱུ་རེད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ10པར་ས་ཁོངས་སྒྲོལ་ནས་འགྲོ་སྐྱོད་བྱེད་ཚད་མི་ཐེངས་དུང་ཕྱུར53ལས་བརྒལ་བ་དང་། ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་བ་དེ་སླར་གསོ་བྱུང་ནས་རིམས་ནད་མ་བྱུང་གོང་གི་དུས་མཚུངས་ཀྱི་ཆུ་ཚད་དུ་སླེབས་ཡོད།

2.jpg

  • ཚེས26ཉིན་བར། ལྷ་གྲུ་ཨང་བཅུ་བདུན་པ་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་བར་སྣང་ས་ཚིགས་སུ་བཅའ་སྡོད་བྱས་ནས་ཟླ་བ1སོང་བ་དང་འཁོར་ལམ་ཐོག་གི་ལས་འགན་ཁག་འཕེལ་རིམ་བདེ་བླག་བྱུང་ཡོད།

  • ཉེ་ཆར། ཀྲེ་ཅང་གི་རྒྱ་མཚོའི་འགྱིག་ཤོག་གི་བེད་མེད་དངོས་པོ་བཅོས་སྒྲིག་བྱེད་སྟངས་གསར་པ“ལྗང་མདོག་འཁོར་སྐྱོད”ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་གཟི་བརྗིད་མཐོ་ཤོས་ཀྱི“སའི་གོ་ལའི་སྲུང་དམག་བྱ་དགའ”ཐོབ་པ་རེད།

  • ཚེས25ནས26ཉིན་བར། ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)དང་དབྱི་སི་རལ་ཕྱོགས་ཀྱིས་རེས་སྐོར་གཉིས་པའི་བཀག་ཉར་མི་སྣར་བརྗེ་རེས་བྱས་པ་རེད།

སྤྱི་ཚོགས།

  • དེ་རིང་དང་སང་ཉིན་བར། ཅུང་ཆེ་བའི་མཁའ་རླུང་གྲང་མོ་ཞིག་བྱང་ཕྱོགས་ནས་ལྷོ་ཕྱོགས་སུ་འབྲི་ཆུའི་བྱང་རྒྱུད་ཀྱི་ས་ཁུལ་མང་ཆེ་བར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་། དྲོད་ཚད་ཡོངས་ཁྱབ་ཏུ4-6℃བར་ཆག་རྒྱུ་ཡིན་པ་དང་། ནང་སོག་གི་དབུས་ཤར་རྒྱུད་དང་བྱང་ཤར་ས་ཁུལ་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ8℃-12℃ལ་ཆག་རྒྱུ་རེད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་དགུན་དུས་དབུགས་ལམ་གྱི་ནད་ཡམས་འགོག་བཅོས་ཐད་བསྟན་དོན། སྒོ་བསྟེན་སྨན་བཅོས་ཀྱིས་ཅི་ནུས་སྒོས་སྨན་བཅོས་ཞབས་ཞུ་སྒྲུབ་པ་དང་བརྒྱུད་རིམ་སྟབས་བདེ་རུ་གཏོང་དགོས།

  • རྒྱལ་ཁབ་རིག་དངོས་ཅུ་ཡིས2025ལོར་སླེབས་སྐབས། རྒྱལ་ཁབ་རིམ་པ་དང་ས་ཁུལ་རང་བཞིན་གྱི་རིག་དངོས་ཚན་ཞིབ་སྒྲིག་གཞི་ཁག་གཅིག་བསྐྲུན་རྒྱུ་ཡིན་ཞེས་བཏོན་པ་རེད། 

31.jpg

  • ཚེས26ཉིན། ལི་ཅང་ནས་སེམས་ཀྱི་ཉི་ཟླའི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་བྱེད་མགོ་ཚུགས་པ་དང་། ས་གནས་གཉིས་དབར་མགྱོགས་ཤོས་ལ་ཆུ་ཚོད1དང་སྐར་མ18སྟེང་ཐོན་ཐུབ་པ་རེད། 

  • ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་གྲགས་ཅན། གཏེར་ལས་ལས་གྲྭའི་ཆེད་མཁས་པ། དགེ་རྒན་ཆེ་མོ་བ་ཀུའུ་ཏེ་ཧྲེང་ལགས་ནད་གཞིས་རྐྱེན་གྱིས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་ཚེས26ཉིན་ཁྲང་ཧྲ་རུ་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ87ཡིན་པ་རེད།

  • 2023ལོའི་རྒྱལ་ཡོངས་ཀྱི་ཆུ་མཆོང་ལེགས་སྐྱེས་འགྲན་བསྡུར་དང་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས། ཏོ་ཧ་འཛམ་གླིང་ལེགས་སྐྱེས་འགྲན་བསྡུར་གྱི་བུད་མེད་གཉིས་ཀྱི་སྨི10ཡི་མཆོང་སྟེགས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད། ཆོན་ཧུང་ཁྲན་དང་ཁྲེན་ཡུས་ཤིས་ཀྱིས་ཨང་དང་པོ་བླངས་པ་རེད།

  • ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་མཉམ་འབྲེལ་ཐོག་ཞིབ་ཚད་མཐོ་བའི་ཟླ་བའི་གོ་ལའི་ཕྱི་ངོས་རྫས་འགྱུར་གྲུབ་ཆའི་ཁྱབ་ཚུལ་རི་མོ་ཐོབ་པ་དང་། ཞིབ་འཇུག་གྲུབ་འབྲས་དེ་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ《རང་བྱུང·འཕྲིན་གཏོང》ཐོག་སྤེལ་ཡོད།

4.png

  • ཉེ་ཆར། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས卷羽鹈鹕ཀུའེ་ཀྲོའུ་པི་ཅེ་ཚའོ་ཧེ(毕节草海)རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཐོག་མར་མངོན་ཡོད།

  • ཉེ་ཆར། ཧྥུའུ་ཅན་ཨན་ཤིས་ཀྱི་ལོ13ལ་སླེབས་པའི་ཞའོ་ཁོན་ནད་ཀྱིས་རྐྱེན་པས་ཚེ་ལས་འདས་པ་དང་། ནང་མིས་སེམས་སྡུག་ཆེན་པོས་ཁོང་གི་དབང་པོ་ཞལ་འདེབས་ཕུལ་ནས་ནད་པ་ལྔ་ལ་རེ་བ་གསར་པ་སྦྱིན་རྒྱུ་རེད།

སྲིད་ཇུས།

  • པེ་ཅིང་གིས་སྲོལ་ཡིག་ལ་གྲོས་འཆམ་བྱས་ནས་འཛུགས་སྐྲུན་ལས་གྲྭའི་བྱ་དགའ་སྣ་ཚོགས་དཔྱད་ཞིབ་བྱེད་རིང་། ལྗང་མདོག་འཛུགས་སྐྲུན་རིམ་པའི་ཚད་གཞི་རང་འགུལ་ངང་མཐོ་རུ་གཏོང་བ་དང་། སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་རྣམ་གྲངས་རང་མོས་ངང་ལག་བསྟར་བྱེད་པར་དམིགས་བསལ་གྱིས་བསམ་གཞིག་བྱས་ཡོད།

  • ཁྲུང་ཆིང་གིས་བྱེད་ཐབས་བཏོན་ནས་དམངས་ཁྲོད་མ་རྩ་ཞུགས་པའི་གྲོང་ཁྱེར་རིམ་པའི་ཚན་རྩལ་གསར་གཏོད་ཀྱི་ཞིབ་འཇུག་གསར་སྤེལ་རྣམ་གྲངས་གལ་ཆེན་ལ་རྒྱབ་སྐྱོར་སྒོར་ཁྲི1000-3000བྱེད་རྒྱུ་རེད།

  • ཅང་ཤིས་ཀྱིས་བྱ་ཐབས་བཏོན་ནས་ཅང་ཤིས་སུ་ལས་ཀ་བྱེད་པར་ཡོང་མཁན་གོ་ལ་ཧྲིལ་པོའི་མཐོ་སློབ་མདུན་གྲས200ཡི་རང་བྱུང་ཚན་རིག་ཁྱབ་ཁོངས་ཀྱི་ན་གཞོན་འབུམ་རམས་པའི་སློབ་ཐོན་སློབ་མས་ན་གཞོན་རྣམ་གྲངས་རེ་ཞུ་བྱེད་སྐབས། དཔྱད་དཔོག་བྱས་པ་བརྒྱུད་ཐད་ཀར་རྒྱབ་སྐྱོར་བྱེད་ཆོག་གི་ཡོད་པ་རེད།

དེ་རིང་གི་གནམ་གཤིས།

5.jpg

  • ནང་སོག་གི་དབུས་ཤར་རྒྱུད་དང་། བྱང་ཤར་ས་ཁུལ་གྱི་ས་ཆ་མང་ཆེ་བ། ཧྲན་ཏུང་ཕྱེད་གླིང་། བོད་ལྗོངས་ཀྱི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ཁྲོད། ཅི་ལིན་ཤར་རྒྱུད་ཀྱི་ས་ཆར་ཁངས་ཆེན་པོ་འབབ་ཀྱི་རེད།


མཉམ་སྤྱོད།