དེ་རིང་ནི2025ལོའི་ཟླ06པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་དབྱང་ཁོར་ཡུག་ལྟ་ཞིབ་ཚན་ཆུང་གིས་མཚོ་སྔོན་ལ་སྐོར་ཐེངས་བཞི་པའི་གནད་དོན27སྤྲད།

2023-11-27 10:16:54   |   1899

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


2023ལོའི་ཟླ11པའི་ཚེས26ཉིན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཐེངས་བཞི་པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གནད་དོན་བསྡོམས་པས27སྤྲད། (ཁ་པར་གྱི་ལམ་ནས་ཐེར་འདོན་ཞུ་གཏུག་བྱས་པའི་གནད་དོན24དང་། འཕྲིན་ཡིག་གི་ལམ་ནས་ཐེར་འདོན་ཞུ་གཏུག་བྱས་པའི་གནད་དོན3ཡོད) གནད་དོན་དེ་དག་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ5ལ་འབྲེལ་ཡོད། དེ་དག་ལས་ཟི་ལིང་གྲོང་ཁྱེར་ལ་གནད་དོན17དང་། མཚོ་ཤར་གྲོང་ཁྱེར་ལ་གནད་དོན6དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལ་གནད་དོན2དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལ་གནད་དོན1དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་གནད་དོན1བཅས་ཡོད། མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གནད་དོན་ལས་འཛེར་སྒྲའི་སྦགས་བཙོག་དང་འབྲེལ་བའི་གནད་དོན7དང་། སྐྱེ་ཁམས་གཏོར་བརླག་དང་འབྲེལ་བའི་གནད་དོན2དང་། རླུང་ཁམས་ཆེན་མོའི་སྦགས་བཙོག་དང་འབྲེལ་བའི་གནད་དོན6དང་། ཆུའི་སྦགས་བཙོག་དང་འབྲེལ་བའི་གནད་དོན3དང་། ས་གཤིས་སྦགས་བཙོག་དང་འབྲེལ་བའི་གནད་དོན4དང་། སྦགས་བཙོག་གཞན5བཅས་ཡོད།

མིག་སྔའི་བར་དུ། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་རང་ཞིང་ལ་སྤྲད་ནས་བསྒྲུབ་ཏུ་བཅུག་པའི་སྐོར་ཐེངས་བཞི་པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གནད་དོན་དག་འབྲེལ་ཡོད་ཀྱི་གྲོང་ཁྱེར་དང་ཁུལ། སྡེ་ཁག་བཅས་ལ་སྤྲད་ཡོད་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གོ་རིམ་ལྟར་དུས་ཚོད་དམ་འཛིན་བྱས་ནས་སྒྲུབ་བཞིན་ཡོད།

f864e8c2b9c2190f58fb09a6ffcb0668.jpg


མཉམ་སྤྱོད།