དེ་རིང་ནི2025ལོའི་ཟླ05པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གི་རྩོམ་པ་པོ་བསོད་ནམས་ཚེ་རིང་ཀྲུང་དབྱང་མི་རིགས་སློབ་ཆེན་རྩོམ་རིག་སློབ་གླིང་གི་བཅའ་སྡོད་རྩོམ་པ་པོར་གདན་ཞུ་བྱས།

2023-11-27 14:52:10   |   2819

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


1.png

ཟླ11པའི་ཚེས24ཉིན། “རྩོམ་རིག་ཁྲོད་ཀྱི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པ”ཞེས་པའི་མུ་འབྲེལ་འཆད་ཁྲིད་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་རྩོམ་རིག་སློབ་གླིང་གིས་རྩོམ་པ་པོ་བསོད་ནམས་ཚེ་རིང་བཅའ་སྡོད་རྩོམ་པ་པོར་གདན་ཞུ་བྱེད་པའི་མཛད་སྒོ་པེ་ཅིང་དུ་འཚོགས། མཚོ་བྱང་གི་སྐབས་བརྒྱད་པའི་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་བསོད་ནམས་ཚེ་རིང་གདན་ཞུས་ལྟར་ཚོགས་འདུར་ཞུགས་ཤིང་། གཟི་བརྗིད་ལྡན་པའི་ངང་ཀྲུང་དབྱང་མི་རིགས་སློབ་ཆེན་རྩོམ་རིག་སློབ་གླིང་གི་བཅའ་སྡོད་རྩོམ་པ་པོར་བསྐོས།

2.png

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ཨུའམ་སློབ་གཙོ་གཞོན་པ་ཧྲི་ཡ་ཀྲོའུ་ཡིས་བསོད་ནམས་ཚེ་རིང་ལ་གདན་ཞུའི་ཡི་གེ་སྤྲད་པ་དང་།  སློབ་གྲྭའི་ཚབ་བྱས་ཏེ་རྟེན་འབྲེལ་ཞུས། 

ཧྲི་ཡ་ཀྲོའུ་ཡིས་བསྟན་དོན། བསོད་ནམས་ཚེ་རིང་སློབ་གྲྭའི་བཅའ་སྡོད་རྩོམ་པ་པོར་གདན་དྲངས་པ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི《ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་དུས་རབས་གསར་པའི་མི་རིགས་རྩོམ་རིག་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། རྩོམ་རིག་སློབ་གླིང་གིས་རྩོམ་རིག་གསར་གཏོད་དང་འབྲེལ་ཡོད་ཞིབ་འཇུག་ཁྱབ་ཁོངས་འབད་པས་འཕེལ་རྒྱས་གཏོང་བ་དང་། མི་རིགས་རྩོམ་རིག་གི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། ཀྲུང་གོའི་སྐད་ཡིག་རྩོམ་རིག་གི་ཞིང་ས་ཇེ་ལེགས་སུ་གཏོང་བ། དུས་རབས་གསར་པའི་མི་རིགས་རྩོམ་རིག་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པ་བཅས་ཀྱི་རེ་བ་ཡོད་ཅེས་བསྟན།

3.png

བསོད་ནམས་ཚེ་རིང་གིས“ངས་ཅིའི་ཕྱིར་བརྩམས་སྒྲུང་བྲིས་པ་ཡིན”ཞེས་པ་བརྗོད་གཞི་བྱས་ཏེ། ་རང་ཉིད་འབྲོག་པ་ཞིག་ནས་རྩོམ་འབྲིའི་ལམ་བུར་བསྐྱོད་པའི་བརྒྱུད་རིམ་ཕྱིར་བལྟས་བྱས་ཤིང་། ཆུང་དུས་ ཅིན་ཡུང་དྲག་རྩལ་བརྩམས་སྒྲུང་དང་དམག་མིའི་ཆབ་སྲིད་བརྩམས་སྒྲུང་ལ་བལྟས་པས་བརྩམས་སྒྲུང་དགའ་ཁ་ཤོར།  རྨོ་བོས་དགོང་མོ་རེ་རེར་བཤད་པའི“གཉིད་ཁའི་གཏམ་རྒྱུད”དང་། སྒྲ་སྡུད་འཕྲུལ་འཁོར་ནང་ཐོས་པའི་ལྷ་སྒྲུང་། རྩྭ་ཐང་ཚོང་ཁང་ལ་ལྟ་ཞིབ་བྱེད་པ་སོགས་ཀྱི་ཉམས་མྱོང་བཅས་ཀྱི་ཁོ་ལ་འཆར་སྣང་སྣ་ཚོགས་སྐྱེས་སུ་བཅུག་ཅིང་བརྩམས་སྒྲུང་གསར་རྩོམ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཟེར། ཁོང་གིས་རང་གི་ཉམས་མྱོང་དང་ཟུང་འབྲེལ་བྱས་ནས“རྩོམ་འབྲི”དང“གསར་རྩོམ”གྱི་ཁྱད་པར་རང་བཞིན་གྱི་གོ་བ་ལེན་ཚུལ་བཤད་སོགས་བཤད།

4.png

རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཅིན་ཝུན་ཏུང་གིས་འཆད་ཁྲིད་ལ་དཔྱད་བརྗོད་བྱས། དགེ་སློབ་རྣམས་ཀྱིས་བསོད་ནམས་ཚེ་རིང་དང་བསམ་བློ་བརྗེ་རེས་དྲི་བ་དྲིས་ལན་བཏབ།


མཉམ་སྤྱོད།