དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-11-28 07:32:50   |   3819

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཟླ11ཚེས27ཉིན་ཚོགས་འདུ་འཚོགས་ནས《འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྲིད་ཇུས་དང་བྱེད་ཐབས་འགའི་སྐོར་གྱི་བསམ་འཆར》དང《ཀྲུང་གོ་གུང་ཁྲན་ཏང་གིས་ཕྱི་ཕྱོགས་ལས་དོན་ལ་མགོ་ཁྲིད་བྱེད་པའི་སྲོལ་ཡིག》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་།

  • རྒྱལ་ཁབ་སྡོམ་རྩིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ10པར་རང་རྒྱལ་གྱི་བཟོ་ལས་ཐོན་སྐྱེད་བརྟན་པོའི་ངང་འཕར་བ་དང་། བཟོ་ལས་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་མགྱོགས་མྱུར་འཕར་ནས་ཁེ་སྤོགས་རྒྱུན་མཐུད་སླར་གསོ་ཡག་པོ་བྱུང་ཡོད།

  • ད་ལོའི་ཟླ1པོ་ནས10པའི་བར་རྒྱལ་ཡོངས་སུ་གསར་སྣོན་བྱུང་བའི་ཁྲལ་འཕྲི་དངུལ་གཅོག་དང་ཁྲལ་སློག་དངུལ་འགྱངས(退税缓费)སྒོར་དུང་ཕྱུར་ཁྲི1.6ལས་བརྒལ་ཡོད།

  • ཉེ་ཆར། ཀྲུང་གོ་མི་དམངས་དངུལ་ཁང་སོགས་སྡེ་ཚན་བརྒྱད་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཀྲམ་ནས་དམངས་གཉེར་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་ཞིབ་ཕྲའི་བྱེད་ཐབས25བཏོན་ཡོད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ1པོ་ནས10པའི་བར་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི2.6ཙམ་ཟིན་ཡོད་པ་རེད།

  • རླུང་བརྙན་འཕྲིན་སྤྱི་ཁྱབ་ཅུས་སྐུད་ཡོད་བརྙན་འཕྲིན་མཐའ་སྣེའི་མ་ལག་གི་ཐོག་མའི་བརྙན་རིས་ཀྱི་རྣམ་པ་དེ“གློག་སྒོ་ཕྱེ་ན་བརྙན་ཤེལ་ཡོངས་སུ་ཐད་གཏོང”གི་རྣམ་པ་ཡིན་དགོས་པ་བསྟན།

  • འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་རྒྱལ་ཁབ་ས་ཆ་ཡོངས་དང་། དེ་བཞིན“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལམ་རྒྱུད་ཀྱི་གཙོ་གནད་ས་ཁོངས་སུ་ཁྱབ་པའི་འཁོར་ལམ་མཐོ་བའི་སྲུང་སྐར(高轨卫星)དྲ་སྦྲེལ་ཐོག་མ་དེ་རགས་ཙམ་བསྐྲུན་ཟིན་ཡོད།

  • མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཀྲུང་གོས་ཟླ11ཚེས29ཉིན་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཕ་ལེ་སི་ཐན་དང་དབྱི་སི་རལ་གནད་དོན་གྱི་མཐོ་རིམ་ཚོགས་འདུ་འཚོག་རྒྱུ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཉིའུ་ཡོ་རུ་བསྐྱོད་དེ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་གཙོ་སྐྱོང་བྱ་རྒྱུ་རེད།

  • མ་ལེ་ཞི་ཡའི་ཙུང་ལི་ཨན་ཝར་གྱིས་མ་ལེ་ཞི་ཡས་ཟླ12ཚེས1ཉིན་ནས་བཟུང་ཀྲུང་གོའི་སྤྱི་དམངས་ལ་རྒྱལ་ཁོངས་སུ་འཛུལ་ནས་ཉིན30ཡི་ནང་ཚུན་དུ་ཐོངས་མཆན་མི་དགོས་པའི་སྟབས་བདེའི་བྱེད་ཐབས་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཟླ11ཚེས29ཉིན་ནས་ཟླ12ཚེས1ཉིན་བར་མཁའ་རླུང་གྲང་མོས་བྱང་ནས་ལྷོ་རུ་རང་རྒྱལ་གྱི་དབུས་ཤར་རྒྱུད་ས་ཁུལ་ལ་ཤུགས་རྐྱེན་ཐེབས་ནས་དྲོད་ཚད་ཡོངས་ཁྱབ་ཏུ་ཏུའུ4-6བར་ཆག་ཡོད་པ་རེད།

1.jpg

  • རྒྱལ་ཁབ་ལྕགས་ལམ་ཚོགས་པའི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ཟླ1པོ་ནས10པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར33ཙམ་སྐྱེལ་འདྲེན་བྱས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱ་རྒྱུ་དེ་ཆེད་དོན་དུ་བྱས་ནས2023ལོའི་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་དཔེ་མཚོན་གྱོད་གཞི་ཁག་གཉིས་པ་ཁྱབ་བསྒྲགས་བྱས་པ་རེད། དེའི་ནང་། འཕྲོག་བཅོམ་དང་སྦས་སྐུང་བྱས་པ་དང་། དེ་བཞིན་ཁྱིམ་ཚང་གི་གཏུམ་སྤྱོད་མཐོང་བ་བཅས་ཀྱི་ན་སོ་དར་ལ་མ་བབས་པའི་བུ་ཕྲུག་ཀྱང་ཁྱིམ་ཚང་གི་གཏུམ་སྤྱོད་གནོད་འཚེ་ཕོག་མཁན་ཡིན་པ་ཁ་གསལ་བཏོན་ཡོད།

  • ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་ཐོག་ནས་ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཧྲི་ཀྲང་གཞོན་པ་ཞུང་ཞུའེ་ལ་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

  • ཀྲུང་གོའི་ཨའོ་རྩལ་ཨུ་ཡོན་ལྷན་ཁང་གིས་ཚེས27ཉིན་ཡིག་ཆ་བཀྲམ་ནས“ཟས་གྲོགས(饭圈)”ཀྱི་སྣང་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། ལུས་རྩལ་པ་བློ་བདེ་པོ་དང་བློ་རྩེ་གཅིག་སྒྲིམ་གྱིས་རང་འཁྲིའི་ལས་དོན་ལ་དམིགས་སུ་འཇུག་རྒྱུ་རེད།

  • དེ་རིང་ནས་ཟླ12ཚེས2ཉིན་བར། ཐོག་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་གི་དངོས་མང་སྟོན་ཚོགས་དེ་པེ་ཅིང་དུ་འཚོགས་རྒྱུ་རེད། དེ་ནི་གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཁབ་རིམ་པའི་འགྲེམས་ཚོགས་ཐོག་མ་དེ་རེད།

  • ཉེ་ཆར། ཧྲན་ཏུང་ཅི་ཉིང་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ནང་གི་ཕྱོགས་གསུམ་པའི་གཏོང་སྤྲོད་ཀུང་སིའི་དྲ་རྒྱའི་ཉེས་གསོག་གྱོད་གཞི་ཚབས་ཆེན་ཐོག་མ་དེ་རྩད་ཆོད་པ་དང་། ཉེས་གསོག་ཚོགས་པ5མེད་པར་བཟོས་ཤིང་། ཉེས་གསོག་དོགས་ཅན41འཛིན་བཟུང་བྱས། གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར95ཟིན་ཡོད།

  • ཉེ་ཆར། ཤིན་ཅང་ཧྲི་ཧོ་ཙེ་གྲོང་ཁྱེར་པེ་ཧོ་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་དུ་འཛམ་གླིང་ཐོག་གི་རྩ་ཆེའི་འདབ་ཆགས་རིགས་བརྒྱད་ཡོད་པ་ཤེས་རྟོགས་བྱུང་ཡོད།

2.gif

  • ཅི་ལིན་ཁྲང་ཁྲུན་གྱི་བུ་ཆུང་ཞིག་སེམས་ཆུང་མ་བྱས་པར་འཁྱགས་རོམ་གྱི་ཁུང་བུའི་ནང་དུ་ལྷུང་། རུ་འཁྱུར་དམག་མི་ཡུས་བུན་མེན་གྱིས་གྲང་ངར་ཆེ་བའི་གནམ་གཤིས་ལ་མི་འཛེམ་པར་འཁྱགས་རོམ་དུ་མཆོངས་ནས་བུ་ཆུང་དེ་བསྐྱབས།

སྲིད་ཇུས།

  • ཧོ་པེས་བྱེད་ཐབས་བཏོན་ནས་ཞུང་ཨན་ཁུལ་གསར་གྱིས་ཞིང་ཆེན་རིམ་པའི་རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི་དང་རྩལ་ནུས་མཁས་པའི་ལས་དོན་ཁང་བསྐྲུན་རྒྱུར་དམིགས་བསལ་གྱིས་རྒྱབ་སྐྱོར་བྱེད་རྒྱུ་རེད། ཆ་རྐྱེན་དང་མཐུན་རིགས་ལ་ཁ་གསབ་མ་དངུལ་སྒོར་ཁྲི300དང་སྒོར་ཁྲི10ཡིས་རོགས་སྐྱོར་བྱ་རྒྱུ་རེད། 

  • ཀོང་ཏུང་གིས་བྱེད་ཐབས་བཏོན་ནས་ཀོང་ཏུང་དུ་འཛད་སྤྱོད་བྱེད་མཁན་གྲོང་མི་དང་གནས་སྐོར་བར་ཕྱོགས་ནས་སྒོར་དུང་ཕྱུར1གི་རིག་གནས་གནས་སྐོར་གྱི་འཛད་སྤྱོད་འཛིན་ཤོག་སྤྲད་པ་དང་། མཛེས་ལྗོངས་ཁུལ་གྱི་གཟིགས་སྐྱོང་སྒོ་འཛིན་ཁྲི100མཁོ་འདོན་བྱས། རིན་གོང་དམའ་བའི་གནམ་གྲུའི་སྤ་སེ་ཁྲི100དང་གཟིགས་སྐྱོང་མགྲོན་ཁང་ཁྲི1སྤྲད་ཡོད།

  • ཁྲུང་ཆིང་གིས་བྱེད་ཐབས་བཏོན་ནས་རིམ་པ་གཉིས་པ་ཡན་གྱི་གཞུང་བཙུགས་སྨན་ཁང་ཚང་མའི་བསྡུར་གྲངས20%ལས་མི་དམའ་བའི་སྔོན་མངགས་ཐོ་འགོད་དེ་ཁྱིམ་ཚང་སྨན་པའི་ཆེད་སྤྱོད་ཨང་རྟགས་སུ་བརྩིས་ནས་ཤང་གྲོང་འཕྲོད་བསྟེན་ཁང་དང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་སྒོ་དབྱེ་རྒྱུ་རེད།

དེ་རིང་གི་གནམ་གཤིས།

3.jpg

  • ནང་སོག་གི་དབུས་ཤར་རྒྱུད་དང་། ཧེ་ལུང་ཅང་གི་དབུས་ཤར་རྒྱུད། ཅི་ལིན་གྱི་དབུས་ཤར་རྒྱུད། ཧོ་པེའི་བྱང་རྒྱུད། ཤིན་ཅང་གི་ཁུ་ནུ་རི་བོའི་ས་ཁུལ། བོད་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་བྱང་རྒྱུད། མཚོ་སྔོན་གྱི་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བ་འབབ་ཀྱི་རེད། ཧྲན་ཞིའི་ལྷོ་ནུབ་རྒྱུད་དང་སི་ཁྲོན་གཤོང་སའི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབབ་ཀྱི་རེད།


མཉམ་སྤྱོད།