དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གི་ས་མེད་གཟན་རྩྭ་གསོ་སྤེལ་རྟེན་གཞི།

2023-11-28 14:53:20   |   985

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་དཔལ་སྦྱིན་སོག་རིགས་ཡུལ་ཚོ་དཔལ་སྦྱིན་སྡེ་བའི་ས་མེད་གཟན་རྩྭ་གསོ་སྤེལ་རྟེན་གཞིས་ཐེངས་དང་པོར་བཏབ་པའི་ནས་སོན་ལ་ཉིན་ལྔའི་རིང་མྱུ་གུ་ལི་སྨི12ནས15ཙམ་འབུས་ཤིང་། མྱུ་གུ་འབུས་ཚད98%ཡན་ལ་སླེབས།

1.jpg

ད་ལོའི་ལོ་མགོར།  མ་དངུལ་སྒོར་ཁྲི450བཏང་ནས་བསྐྲུན་པའི་དཔལ་སྦྱིན་སྡེ་བའི་གཟན་རྩྭ་གསོ་སྤེལ་རྟེན་གཞིའི་ལས་གཞི་ཡོངས་སུ་གྲུབ་ལ། ས་ཁྱོན་ལ་སྤྱི་ཆིང2.2དང་། གསོ་སྤེལ་དྲོད་ཁང་སྨི་གྲུ་བཞི་མ1605བསྐྲུན་ཡོད། སོན་འདེབས་སྒྲོམ་གཞི་དང་མྱུག་གསོ་སྡེར་སྣོད་ལས་རྗེས། འདེབས་འཛུགས་ཀྱི་རྒྱ་ཁྱོན་སྨི་གྲུ་བཞི་མ2800ལ་བསྐྱེད་ཆོག  མིག་སྔར་ཚོད་ལྟའི་ནས་སོན་སྤྱི་རྒྱ400ཙམ་གསོ་སྤེལ་བྱས་ཡོད་ལ། ཉིན7གྱི་རྗེས་སུ་ཐོན་ཚད་བསྡུར་གྲངས1:7ལྟར་ཐོན་འབོར་སྤྱི་རྒྱ2800ལ་བསླེབ་སྲིད། ས་མེད་གཟན་རྩྭ་གསོ་སྤེལ་གྱིས་འབྲོག་པའི་སྲོལ་རྒྱུན་གྱི་ཕྱུགས་འཚོ་སྟངས་ལ་བཅོས་བསྒྱུར་ཐེབས་ངེས་ལ། རྩྭ་ཕྱུགས་དོ་མཉམ་དང་ཕྱུགས་རྒྱུད་གྲུབ་ཚུལ་ལེགས་བཅོས། ཕྱུགས་ལས་ཀྱི་ཕན་འབྲས་ཇེ་མཐོར་འགྲོ་བ་བཅས་ལ་སྐུལ་འདེད་ནུས་ལྡན་ཐོན་ནས། རྩྭ་རའི་རྒྱུན་མཐུད་བེད་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་སྔར་ལས་ལེགས་པར་གཏོང་ངེས།


མཉམ་སྤྱོད།