དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གི་ཧྲེ་ཀྲང་གཞོན་པ་ཧོའུ་ཏེ་ཆང་དང་བཞུགས་མོལ་གནང་བ།

2023-11-28 15:30:49   |   2739

སྒྲིག་སྒྱུར། དོན་འགྲུབ་མཚོ། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11པའི་ཚེས23ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གི་ཧྲེ་ཀྲང་གཞོན་པ་ཧོའུ་ཏེ་ཆང་འཁོར་དང་བཅས་པར་ཕྱོགས་གཉིས་པོའི་མཉམ་ལས་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། མཚོ་བྱང་ཁུལ་གྱི2024ལོའི་འོས་སྦྱོར་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བཞུགས་མོལ་གནང་བ་རེད།

1.jpg

ཤ་བོ་སྐྱབས་ཀྱིས་ཧོའུ་ཏེ་ཆང་འཁོར་དང་བཅས་པ་མཚོ་བྱང་དུ་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ། ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གིས་དུས་ཡུན་རིང་པོར་མཚོ་བྱང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་མཚོ་བྱང་ནི“མདོ་ལ་རིང་མོ་རྒྱབ་རི་བྱས་ཤིང་། མཚོ་སྔོན་ཁྲི་ཤོར་རྒྱལ་མོ་ཕང་བར་འཁྱིལ་བའི”རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་བདག་ཉིད་དུ་གྲུབ་ཅིང་། “མདོ་ལ་རིང་མོའི་བརྗིད་ཉམས་ཀྱིས། ། རི་ཚོགས་སྐྱེངས་པས་མགོ་བོ་དུད། ། རྐང་ཚའི་འགྲམ་ངོགས་མཚོ་ཆེན་གྱིས། ། མཚོ་ཆེན་གཞན་དག་ཟིལ་གྱིས་མནན། །”ཞེས་པའི་མཚན་སྙན་ཀྱང་ཡོད། དེ་མ་ཟད་འདི་ནི་རྒྱང་སྐྱོད་སྙིང་སྟོབས་དང་། དར་གོས་ལམ་བུའི་སྙིང་སྟོབས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་བཅས་ཀྱི་གྲུབ་ཆ་ཞིག་ཡིན་ལ། ལྕགས་རི་རིང་པོའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དང་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་། དེ་བཞིན་དར་གོས་ལམ་བུའི་མཚོ་སྔོན་ལམ་སོགས་རིག་གནས་ཤུལ་བཞག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། ད་ལོ་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་ལ"མདུན་གྲལ་དུ་སྐྱོད་པ་གསུམ"གྱི་བླང་བྱ་གལ་ཆེན་བཏོན་པ་ལྟར། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱོད་ཚུལ་ལེགས་སྒྱུར་དང་དམ་པ་དོན་གཉེར་བྱས་པས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱུང་།“ས་ཁུལ་བཞིའི”ཐོན་ལས་ཕྱོགས་ཡོངས་ནས་མགྱོགས་སུ་བཏང་། གསར་བརྗེའི་སློབ་གསོའི་བྱ་གཞག་གི་འཕེལ་ཕྱོགས་ལེགས། ལྷག་པར་དུ་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་ས་ཁུལ་བསྐྲུན་པར་དམིགས་ཏེ་མཚོ་སྐོར་བྱང་ངོགས་སུ་དམིགས་བསལ་གཉེར་སྐྱོང་ས་ཚིགས6འཛུགས་སྐྲུན་དང་གཉེར་སྐྱོང་བྱ་རྒྱུ་བརྩོན་ལེན་བྱས་ཤིང་། རྟ་རྒྱུག་དང་། མདའ་འཕེན། རྐང་འཁོར། རྐང་ཐང་སོགས་འགྲན་བསྡུར་བྱེད་སྒོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ལ། 2023ལོའི་མཚོ་སྔོན་པོའི་སྙན་ངག་དུས་ཆེན་དང་། སྐབས་བརྒྱད་པའི་ཀྲུང་གོ•མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་འགྲན་བསྡུར། མདོ་ལ་རིང་མོའི་མཚོ་སྔོན་པོ་གོམ་པས་གཞལ་བའི་རྐང་ཐང་འགྲན་བསྡུར་སོགས་འགྲན་བསྡུར་རིགས་ཆེ་གྲས5དང་རྣམ་གྲངས60ལྷག་སྤེལ་བས། སྤྱི་ཚོགས་ལས་རིགས་ཁག་གི་ཚད་མཐོའི་ཁས་ལེན་དང་བསྔགས་བརྗོད་ཐོབ། ད་ལོ་རིམ་རྩིས་བྱས་ན་གནས་སྐོར་བ་མི་ཐེངས་ཁྲི1270སྣེ་ལེན་ཞུས་ཤིང་གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར30བྱུང་ཡོད། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཁུལ་གཏོད་པའི་ཐད། ནུས་ཤུགས་ཡོད་རྒུས“གཡུ་ཡི་རླབས་ཕྲེང་གཡོ་བའི་མཚོ་སྔོན་པོ་དང་མདོ་ལ་རིང་མོའི་འདབས་རོལ་གྱི་ཕྱུགས་ར་བཟང་པོ”དང་། “གསེར་འདྲའི་འབྲི་གཡག་དང་། དངུལ་འདྲའི་བོད་ལུག”གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ས་ཁོངས་སྤྱི་སྤྱོད་ཟོང་རྟགས་འོས་སྦྱོར་བྱས་ཏེ། བོད་ལུག་ཁྲི་དང་འབྲི་གཡག་ཁྲིའི་གསོ་ཚགས་རྟེན་གཞི11བསྐྲུན་པ་དང་། བོད་ལུག་ཁྲི་བཅུའི་གསོ་ཚགས་རྟེན་གཞི1དང་། ནོར་ལུག་བཤས་གཏོང་ཚད་དང་ནས་ཀྱི་ཐོན་ཚད། ལོག་སྐར་ཐོན་ཚད་བཅས་ཀྱིས་སོ་སོ་ཞིང་ཆེན་ཡོངས་ཀྱི་སྡུར་ཚད20%དང་། 33%དང་། 40%བཅས་ཟིན་ཡོད། ལོ་གཅིག་གི་རིང་། ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གིས་མཚོ་བྱང་གི་ཐོན་ཁུངས་ཀྱི་ལེགས་ཆར་དམིགས་ནས་ཕྱོགས་ཡོངས་དང་། ཟུར་ཚད་མང་བ། རིམ་པ་ཟབ་པ་བཅས་ཀྱི་སྒོ་ནས་ཕྱི་ཕྱོགས་ལ་མཚོ་བྱང་དྲིལ་སྒྲོག་ཤུགས་ཆེན་བྱས་པ་དང་། མཚོ་བྱང་མཚམས་སྦྱོར་བྱས། རྡུལ་ཕྲན་འབར་མདེལ་ལེགས་འགྲུབ་བྱུང་ནས་ལོ་འཁོར59འགོར་བའི་དུས་སུ།  “མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྐྱོད”ཅེས་པའི་དྲ་རྒྱའི་ཐད་གཏོང་བྱེད་སྒོ་སྤེལ་ཏེ། མཚོ་བྱང་གི་སྐད་གྲགས་ཆོད་རྒྱ་ཇེ་ཆེ་དང་། སྙན་གྲགས་ཇེ་ཆེར་ཕྱིན་ཡོད། ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གིས་ཀྲུང་དབྱང་སྨྱན་སྦྱོར་གྱི་ཐོན་ཁུངས་དང་ཐབས་ལམ་གྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ཏེ་མཚོ་བྱང་གི་སྐྱེ་ཁམས་སྲུང་སྐྱོང་དང་། “ས་ཁུལ་བཞི”འཛུགས་སྐྲུན། གསར་བརྗེའི་སློབ་གསོ་དང་དེ་བཞིན་དུས་ཆེན་གྱི་བྱེད་སྒོ་གལ་ཆེན་སོགས་ཀྱི་དྲིལ་སྒྲོག་དང་འོས་སྦྱོར་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཕེལ་རིམ་ཁྲོད་མཚོ་བྱང་ལ་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་རེ་བ་ཡོད།

2.jpg

ཧོའུ་ཏེ་ཆང་གིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལོ་མང་རིང་ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་མཚོ་བྱང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། འཕེལ་རྒྱས་ཀྱི་མདུན་ལམ་ཡངས་ཤིང་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། ཉེ་བའི་ལོ་ཤས་རིང་། ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་དམིགས་ཏེ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་དང་། མཚོ་བྱང་གི་བསམ་པའི་མཐོ་ས་བསྐྲུན་པ་བཅས་ཀྱི་ཐད་དྲིལ་སྒྲོག་དང་འོས་སྦྱོར་བྱེད་པར་ཤུགས་བསྣན་པས། མཚོ་བྱང་གི་ཕུལ་བྱུང་བརྩམས་ཆོས་དག་དུས་རྒྱུན་དུ་ཤིན་ཧྭ་གསར་འགྱུར་ཁང་གི་སྤྱོད་མཁན་གྱི་མཐའ་སྣེ་རུ་ཡང་ཡང་མངོན་པ་དང་། ཐོན་རྫས་མང་པོ་ཞིག་གི་ཀློག་གྲངས་ཤིན་ཏུ་མང་བས། སྤྱི་ཚོགས་ལས་རིགས་ཁག་གི་གདེང་འཇོག་ཚད་མེད་ཐོབ། ཕྱིན་ཆད། ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་གིས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགའ་འོས་པའི་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་དང་། རང་ངོས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་བྱས་ཏེ། མཚོ་བྱང་དང་མཉམ་ལས་མཉམ་འགུལ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་དང་། 2024ལོར“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བཏོན་ནས་ལོ་ངོ25འཁོར་བའི་དྲིལ་སྒྲོག་དང་འོས་སྦྱོར་བྱེད་སྒོ་རབ་དང་རིམ་པ་སྤེལ་འཆར་ཡོད་པ་དང་ཟུང་འབྲེལ་བྱས་ཏེ། དམར་དམག་སློབ་ཆུང་འཛུགས་སྐྲུན་དང་མདེལ་གཉིས་ཀྱི་མཛད་རྗེས་འགྲེམས་སྟོན་འཛུགས་པ་སོགས་ཀྱི་ཐད་རྒྱབ་སྐྱོར་སྔར་ལས་ཆེ་བ་བྱས་ཏེ། མཚོ་བྱང་གིས་“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་སྔར་ལས་ལེགས་པ་གཏོང་བར་རོགས་རམ་བྱེད་རྒྱུ་ཡིན་པ་དང་། ཐོན་ལས“ས་ཁུལ་བཞི”འཛུགས་སྐྲུན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། མཚོ་བྱང་གི་སྤྱི་ཚོགས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་འབུལ་རྒྱུ་ཡིན་ཞེས་བཤད།

མཚོ་བྱང་ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ཤིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། ཁུལ་ཨུ་དྲིལ་སྒྲོག་པུའི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།