དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-11-29 07:42:50   |   2063

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་པའི་ཐོག་ཕྱི་ཕྱོགས་དང་འབྲེལ་བའི་ཁྲིམས་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་སྐྱོང་གི་ཆ་རྐྱེན་དང་ཕྱི་རོལ་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ་ནན་གྱིས་བསྟན།

  • 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རགས་བཤད》ཀྱི་སློབ་གཞི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་ཚེས28ཉིན་པེ་ཅིང་དུ་འཚོགས་པ་རེད།

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པ་ལྟར་ན། ཟླ9པའི་ཟླ་མཇུག་བར་གྲོང་ཁྱེར95ཡིས་ཁང་པ་ཐོག་མའི་དངུལ་བུན་གྱི་སྐྱེད་ཚད་དམའ་རུ་བཏང་ཡོད་པ་རེད།

  • ཟླ1པོ་ནས10པའི་བར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་སྡོམ་འབོར་སྒོར་དུང་ཕྱུར་ཁྲི278.3ཟིན་པ་དང་། དུས་མཚུངས་ལས4.9%འཕར་ཡོད། ཟོག་འགྲེམས་དགོས་མཁོ་སླར་གསོ་ལེགས་སུ་འགྲོ་བའི་རྣམ་པ་མངོན་ཡོད།

640.png

  • ཡོ་ཀང་ཨའོ་ཁུག་ཆེན་ཁུལ(粤港澳大湾区)གྱི་རིམ་འདས་ལས་གྲྭའི་ཧྲེན་ཀྲུང་བགྲོད་ལམ་གྱི་གཙོ་གནད་ལམ་ཐིག་ཚེས28ཉིན་དངོས་སུ་ཤར་གཏོང་ཐུབ་ཡོད།

2.jpg

  • ཚེས28ཉིན། ལྷ་གྲུ་ཨང་བཅུ་དྲུག་པའི་ཚོགས་ཆུང་ས་ངོས་སུ་མ་ལོག་གོང་བླངས་པའི་བར་སྣང་ས་ཚིགས་ཀྱི་མཉམ་སྒྲིག་གཟུགས་ཀྱི་མཛེས་ལྗོངས་ཧྲིལ་པོའི་འདྲ་པར་ཐོག་མར་ཁྱབ་བསྒྲགས་བྱས་པ་རེད།

3.jpg

  • ཚེས28ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་རབས་གསར་པའིCPU—ལུང་ཞིན3A6000ཁྱབ་བསྒྲགས་བྱས་པ་རེད།

  • ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར(ཤིས་ཨན)རིམ་རྩིས་བྱས་ན་ལོ་བཅུ་བཏང་བ་དང་། གཏོང་འབོར་ཐེངས་གྲངས20897ཟིན་པ་དེས་རྒྱལ་ཡོངས་ཀྱི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གཏོང་འབོར་གྱི་བཞི་ཆ་གཅིག་ཙམ་ཟིན་ཡོད་པ་རེད།

  • ཚེས28ཉིན། ཉིག་ཧོང་གི“ལུང་ཞང་བན”རྟགས་ཅན་གྱི་གྲུ་གཟིངས་དང་སྐོར་ཞིབ་གྲུ་གཟིངས་ཁ་ཤས་ཁྲིམས་འགལ་ངང་རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན་གྱི་མཚོ་ཁོངས་སུ་འཛུལ་བ་དང་། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་དམག་གྲུས་ཁྲིམས་ལྟར་དེར་དགོས་ངེས་ཀྱི་དོ་དམ་ཚོད་འཛིན་བྱེད་ཐབས་སྤྱད་པ་དང་འབྲེལ་ཕྱིར་འབུད་བྱ་རྒྱུའི་ཐ་ཚིག་བསྒྲགས་པ་རེད།

  • ཚེས27ཉིན། ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)གྱིས་གསལ་བསྒྲགས་སྤེལ་ནས་དབྱི་སི་རལ་དང་གྲོས་མཐུན་བཞག་ནས་ཅ་ཧྲ་ས་ཁུལ་གྱི་དམག་མཚམས་འཇོག་པའི་དུས་ཚད་ཉིན་གཉིས་རིང་དུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

སྤྱི་ཚོགས།

  • མ་འོངས་པའི་ཉིན་གསུམ་རིང་མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ནང་སོག་གི་ནུབ་རྒྱུད་དང་ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ཧོང་ཧོའེ་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲོད་ཚད8-10℃དམའ་རུ་འགྲོ་རྒྱུ་རེད།

  • ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་གནས་སྐོར་ཚོད་ལྟའི་གཉེར་སྐྱོང་ད་ལོའི་ཟླ12པའི་ཟླ་དཀྱིལ་དུ་ཤར་གཏོང་ཐུབ་རྒྱུ་རེད།

4.jpg

  • ཚེས28ཉིན། སི་ཁྲོན་དང་མཚོ་སྔོན་ལྕགས་ལམ་གྱི་ཆིང་པའེ་ཅང་ཤར་ནས་ཀྲེན་ཅང་ཀོན་ལམ་ཐིག་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་པས་ཁྲོན་ནུབ་བྱང་དུ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

  • ཚེས28ཉིན། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་དང་པེ་ཅིང་ཚན་རྩལ་སློབ་ཆེན་སོགས་མཐོ་སློབ་ཀྱི་ཞུང་ཨན་སློབ་ཁུལ་བཞི་ཚང་མ་སྐྲུན་མགོ་ཚུགས།

  • ཚེས28ཉིན། ཧེ་ལུང་ཅང་ཧྲོང་ཡ་ཧྲན(双鸭山)གཏེར་ལས་ཀུང་སིའི་ཁོངས་གཏོགས་ཀྱི་ཧྲོང་དབྱང་རྡོ་སོལ་གཏེར་ཁར་ལས་འཛོལ་ཐོན་ནས་ཁྱོན་སྡོམ་མི11རྐྱེན་ལམ་དུ་ཤོར་བ་རེད།

  • ཡུས་ཧྭ་དབྱིང་གིས་བྱིས་པ11བསླུས་འཚོང་བྱས་པའི་གྱོད་གཞི་དེ་ཚེས28ཉིན་འདྲི་གཅོད་གཉིས་པའི་ཁྲིམས་ར་འཚོགས་པ་དང་། དུས་ཚོད་བདམས་ནས་བཅད་ཁྲ་ཁྱབ་བསྒྲགས་བྱ་རྒྱུ་རེད། ཡུས་ཧྭ་དབྱིན་ལ་འདྲི་གཅོད་ཐེངས་དང་པོའི་སྟེང་སྲོག་ཁྲིམས་བཅད་པ་རེད།

  • རྨ་ཆུའི་རྒྱ་མཚོར་འདྲེས་མཚམས་ཀྱི་ཕྱི་ཡོང་སྐྱེ་དངོས་ཧི་ཧྭ་མུས་ཚོ་ལ་བཅོས་སྐྱོང་ནུས་ལྡན་ཐུབ་པ་དང་། བཅོས་སྐྱོང་ཁུལ་གཙང་སེལ་བྱེད་ཚད99%ཡན་ཟིན་ཡོད།

5.png

  • ནན་ཁའེ་སློབ་ཆེན་ཞིབ་འཇུག་ཚོགས་པས་ཚོར་སྣང་ལྡན་པའི་མིས་བཟོས་རིག་ནུས་མིག་སྐྱི་ཞིག་ཇུས་འགོད་ར་སྤྲོད་བྱས་པས། མིས་བཟོས་མིག་སྐྱི་དེ་མིའི་རིགས་ཀྱི་གདོད་མའི་མིག་སྐྱི་དང་བར་ཐག་དེ་བས་ཉེ་རུ་ཕྱིན་ཡོད་པ་རེད།

  • ཉེ་ཆར། ཡུན་ནན་ཕུའུ་ཨེར་ཉེན་རྟོག་ཕྱོགས་ཀྱིས་དུག་རྫས་སྐྱེལ་འདྲེན་གྱི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན3བཟུང་བ་དང་འཁྱགས་དུག་སྤྱི་རྒྱ53.7གཞུང་བཞེས་བཏང་བ་རེད།

6.gif

  • ཧུའུ་ནན་དབྱི་དབྱང་གི་རླངས་འཁོར་གཅིག་ཚོད་འཛིན་མ་ཐུབ་པར་ཉ་རྫིང་ནང་དུ་འཛུལ་བ་དང་། ཁ་ལོ་བ་རླངས་འཁོར་ནང་དུ་ལུས། ལམ་བར་དུ་ཡོད་པའི་དྲག་ཆས་ཉེན་རྟོག་འཐབ་འཛིང་པ་ཞའོ་ཁྲའོ་ཡིས་འཕྲལ་དུ་མདུན་དུ་བསྐྱོད་དེ་རླངས་འཁོར་གྱི་སྒེའུ་ཁུང་བརྟོལ་ནས་ཁ་ལོ་བ་བསྐྱབས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་ཁྲིམས་འགལ་སྒྲིག་འགལ་ངང་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་སྤྱོད་པའི་བྱ་སྤྱོད་ཐེར་འདོན་བྱས་པར་བྱ་དགའ་མཐོ་ཤོས་སྒོར་ཁྲི20ཐོབ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།

  • ཅང་ཤིས་ཀྱིས་སྤྱི་པའི་ལུས་རྩལ་ཁང་ངེས་པར་དུ་བླང་བྱ་ལྟར་སྒོ་དབྱེ་དགོས་པ་དང་། ལོ་ཧྲིལ་པོར་ཉིན330ལས་མི་ཉུང་བ་བྱེད་དགོས་ལ་གཟའ་འཁོར་རེར་ཆུ་ཚོད56ལས་མི་ཉུང་བ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

  • ཀོང་ཏུང་གིས2025ལོར་སླེབས་སྐབས། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་བསྐྲུན་པའི་ཨར་སྐྲུན་ཁྱོན་ཡོངས་ནས་ལྗང་མདོག་ཨར་སྐྲུན་གྱི་ཚད་གཞི་ལག་བསྟར་བྱ་རྒྱུར་ཁ་གསལ་བཏོན་ཡོད།

དེ་རིང་གི་གནམ་གཤིས།

7.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་ལྷོ་རྒྱུད། ཅི་ལིན་གྱི་དབུས་ཤར་རྒྱུད། ལིའོ་ཏུང་ཕྱེད་གླིང་གི་ལྷོ་རྒྱུད། ཧྲན་ཏུང་ཕྱེད་གླིང་གི་བྱང་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད་དང་ནུབ་རྒྱུད། མཚོ་སྔོན་གྱི་དབུས་ལྷོ་རྒྱུད། ཀན་སུའུ་ཡི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བ་འབབ་ཀྱི་རེད། ཨན་ཧུའེ་བྱང་རྒྱུད་དང་། ཅང་སུའུ་དབུས་བྱང་རྒྱུད། ཧུའུ་པེའི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་ཀྱི་རེད།


མཉམ་སྤྱོད།