དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྔ་བ་ཁུལ་དུ་མེ་འཁོར་ཤར་གཏོང་བྱས།

2023-11-29 08:45:53   |   2426

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས།  སི་ཁྲོན་བོད་སྐད་རླུང་འཕྲིན།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཁྲོན་མཚོ་ལྕགས་ལམ་ལས་ཁྲེང་ཏུའུ་ཆིང་པའེ་ཅང་ཤར་གྱི་འབབ་ཚིགས་ནས་ཀྲེན་ཅང་ཀོན་འབབ་ཚིགས་བར་གྱི་མེ་འཁོར་དངོས་སུ་ཤར་གཏོང་བྱས། 

1.jpg

ལོ་བཅུ་གཉིས་རིང་འཛུགས་སྐྲུན་བྱས་པ་བརྒྱུད། དེ་རིང་སྔ་དྲོར་ཁྲོན་མཚོ་ལྕགས་ལམ་ལས་ཁྲེང་ཏུའུ་ཆིང་པའེ་ཅང་ཤར་གྱི་འབབ་ཚིགས་ནས་ཀྲེན་ཅང་ཀོན་འབབ་ཚིགས་བར་གྱི་མེ་འཁོར་ཟླ11པའི་ཚེས28ཉིན་དངོས་སུ་ཤར་གཏོང་བྱས། ལྕགས་ལམ་འདི་ནི་སི་ཁྲོན་གྱི་བོད་འབྲེལ་ས་ཁུལ་གྱི་ལྕགས་ལམ་ཐོག་མ་དེ་ཡིན་ལ། འདིས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་ཞིག་གི་མགོ་བརྩམས་པ་མཚོན་པ་མ་ཟད།  རྔ་བ་ཁུལ་དུ་མེ་འཁོར་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་ཡོད།

2.jpg

ཁྲེང་ཏུའུ་ནས་ཟི་ལིང་བར་གྱི་ལྕགས་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ836ཡོད། ལམ་དུམ་འདིའི་སྤྱིའི་རིང་ཚད་ལ་སྤྱི་ལེ206དང་།  མེ་འཁོར་འབབ་ཚིགས་བཅུ་བཀོད་སྒྲིག་བྱས་ཤིང་།  ཉིན་རེར་མེ་འཁོར་ཐེངས18གཏོང་རྒྱུ་ཡིན་པ་དང་།  ཁྲེང་ཏུའུ་ནས་སན་ཞིན་ཏའེ་བར་སྐར་མ18ཙམ་དང་།  མའོ་རྫོང་བར་སྐར་མ55ཙམ་ལས་མི་དགོས་པས།   རླངས་འཁོར་ལས་ཆུ་ཚོད2ཀྱིས་ཇེ་མགྱོགས་སུ་སོང་ཡོད།

3.jpg

རྒྱུས་ལོན་པ་ལྟར་ན། ཁྲེང་ཏུའུ་ནས་མཚོ་སྔོན་བར་གྱི་ལྕགས་ལམ་འདི་ནི་རྒྱལ་ཁབ་ཀྱི་དུས་རིམ་རིང་འབྲིང་གི་ལྕགས་ལམ་དྲྭ་བའི་འཆར་འགོད་ཀྱི་ཞིབ་འཇུག་རྣམ་གྲངས་ཤིག་ཡིན། ཁྲེང་ཏུའུ་ནས་མཚོ་སྔོན་ཟི་ལིང་གྲོང་ཁྱེར་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ས་གནས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་རིག་གནས་གནས་སྐོར་འཕེལ་རྒྱས་ཐད་གསོན་ཤུགས་གསར་བ་ཞིག་སྣོན་རྒྱུ་རེད། རྔ་བ་ཁུལ་གྱི་ངོས་ནས་བརྗོད་ན་ཡང་དེ་ནི་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་པའི་ལམ་ཞིག་དང་། མི་རིགས་ཁག་གི་མི་དམངས་ཀྱི་ཕུགས་འདུན་མངོན་འགྱུར་ཡོང་བའི་ལམ་ཞིག  མི་རིགས་མང་པོ་འདུས་པའི་ས་ཁུལ་གྱི་མི་རིགས་བར་མཐུན་སྒྲིལ་ཡོང་བའི་ལམ་བུ་ཞིག་ཀྱང་ཡིན་པར་མ་ཟད།   སི་ཁྲོན་ནུབ་བྱང་ས་ཁུལ་གྱི་སྒོ་འབྱེད་ཤར་བགྲོད་ཀྱི་ལམ་བུ་ཞིག་ཀྱང་ཡིན་པ་རེད།

4.jpg

5.jpg


མཉམ་སྤྱོད།