མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས09ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཆོས་དབྱིངས་སྐྱིད་ཁྲིམས་ལུགས་དྲིལ་སྒྲོག་གི་གཞུང་ཚབ་ཆེན་མོར་བསྐོས།

2023-11-29 15:19:34   |   2245

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ།  ཡོང་ཁུངས།  མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


1.png

ཉེ་ཆར།    ཞིང་ཆེན་ལུས་རྩལ་ཅུ་ཡིས་ཤུགས་ཆེའི་རྒྱབ་སྐྱོར་བྱས་པ་དང་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོས་གཞོགས་འདེགས་ཧུར་ཐག་བྱས་པར་བརྟེན། ཀྲུང་གོའི་རྒྱལ་ཁབ་མཆོང་རྒྱུག་འཕེན་གསུམ་རུ་ཁག་གི་རུ་མིའམ་ལོན་ཏོན་ཨོ་རྩལ་འགྲན་ཚོགས་དང་ཧང་ཀྲོའུ་ཡ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་ཆོས་དབྱིངས་སྐྱིད་ཀྱིས་གདན་ཞུ་དང་ལེན་བྱས་ཏེ། མཚོ་སྔོན་གྱི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་དང་ཁྲིམས་ལུགས་རོགས་སྐྱོར་དྲིལ་སྒྲོག་ཁྱབ་གདལ་གྱི་གཞུང་ཚབ་ཆེན་མོར་བསྐོ་བཞག་བྱས། 

སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་དང་ཁྲིམས་ལུགས་རོགས་སྐྱོར་བྱ་བ་དེ་དམངས་འཚོའི་བཟོ་སྐྲུན་ཞིག་ཡིན་པའི་ཆ་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་གང་ལེགས་སྒོས་མངོན་ཡོད་ལ། དེ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ཏན་ཏིག་དང་དམངས་འཚོ་འགན་སྲུང་ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། རྒྱ་ཆེའི་མི་དམངས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བསྐང་བར་དོན་སྙིང་གལ་ཆེན་ལྡན།   

 སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་དང་ཁྲིམས་ལུགས་རོགས་སྐྱོར་གྱི་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ནི་ཏང་དང་སྲིད་གཞུང་གི་འགན་འཁྲི་གལ་ཆེན་ཡིན་ལ་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲིའང་ཡིན། མིག་སྔར། རང་ཞིང་གི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་དང་ཁྲིམས་ལུགས་རོགས་སྐྱོར་བྱ་བར་ཤུགས་རྐྱེན་ཐེབས་པའི་འགག་རྩའི་གྲས་གཅིག་ནི་དྲིལ་སྒྲོག་ཁྱབ་གདལ་གྱིས་མི་འདང་བ་དང་མང་ཚོགས་ཀྱིས་རྒྱུས་ལོན་བྱེད་ཚད་དམའ་བ།    ཤུགས་རྐྱེན་ཐེབས་ཤུགས་ཆུང་བ་བཅས་རེད།    

 ཆོས་དབྱིངས་སྐྱིད་གདན་ཞུ་ལྟར་མཚོ་སྔོན་གྱི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་དང་ཁྲིམས་ལུགས་རོགས་སྐྱོར་དྲིལ་སྒྲོག་ཁྱབ་གདལ་གྱི་གཞུང་ཚབ་ཆེན་མོར་བསྐོ་བཞག་བྱས་པ་དེ་ནི་སྤྱི་ཚོགས་ཀྱི་སྤྱི་གྲགས་མི་སྣས་དྲིལ་སྒྲོག་ཁྲོད་སྣེ་ཁྲིད་དང་དཔེ་སྟོན།    སྐུལ་འདེད་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དམངས་ཡོངས་སྐུལ་ཁྲིད་བྱས་ཏེ་ཁྲིམས་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ། ཁྲིམས་སྐྱོང་གི་དགོངས་དོན་བརྩི་མཐོང་དར་སྤེལ་བཅས་བྱས་ནས་སྤྱི་ཚོགས་ཡོངས་ལ་ཁྲིམས་སྐྱོང་གི་རྣམ་པ་ཟབ་མོ་ཞིག་ཆགས་སུ་འཇུག་ཆེད་ཡིན་པ་དང་།     དྲིལ་སྒྲོག་བརྒྱུད་མི་སྔར་ལས་མང་པོར་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་དང་ཁྲིམས་ལུགས་རོགས་སྐྱོར་ལ་རྒྱུས་ལོན་བྱེད་དུ་བཅུག་ནས། ཁོ་ཚོའི་ཁྲིམས་ལུགས་ཀྱི་རེ་ཞུ་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་ཐུབ་པར་བྱེད་དགོས།


མཉམ་སྤྱོད།