མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས05ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-11-30 07:43:51   |   4058

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཚེས28ནས29ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། ཁོང་གིས་སྔ་རྗེས་སུ་ཧྲང་ཧའེ་དུས་བཅད་ཚོང་ཟོག་ཉོ་ཚོང་ཁང་དང་། ཧྲང་ཧའེ་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན། མིན་ཞིང་ཆུའི་དུས་རབས་གསར་པའི་གྲོང་ཁྱེར་འཛུགས་སྐྲུན་པའི་གཞིས་ཁྱིམ་ལ་རྟོག་ཞིབ་གནང་བ་དང་། ཧྲང་ཧའེ་ཡིས་རྒྱལ་སྤྱིའི་དངུལ་རྩའི་ལྟེ་གནས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འགན་ལེན་རང་བཞིན་གྱི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་ཀྲུང་དབྱང་དམག་ཨུའི་རྒྱབ་ཕྱོགས་མཁོ་སྒྲུབ་པུའུ་ཡིས་སྤྱི་བསྒྲགས་སྤེལ་ནས་འགྲོ་ལམ་འགྲུལ་སྐྱེལ་ཁྱབ་ཁོངས་ཀྱི་དམག་མི་ཁྲིམས་ལྟར་སྔོན་ལ་སྐྱོད་པའི་ཁེ་དབང་འགན་ལེན་དུས་བསྲིངས་བྱས་ཡོད།

  • སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོར་རང་རྒྱལ་གྱིས་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་དུ་ཕྱོགས་ཡོངས་ནས་གྲོང་ཁྱེར་ལ་བརྟག་དཔྱད་བྱ་རྒྱུ་ཡིན་པ་རེད།

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ཟླ1པོ་ནས10པའི་བར་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁུལ་ཆུང་རྙིང་པ་ཁྲི5.28གསར་དུ་སྒྱུར་བཀོད་བྱས་པས་གྲོང་མི་དུད་ཚང་ཁྲི870ལ་ཕན་པ་ཐོབ་ཡོད་པ་རེད།

  • ད་ལོའི་དུས་ཚིགས1པོ་ནས3པའི་བར་རང་རྒྱལ་གྱི་ནུས་གསོག་གློག་རྫས་ཀྱི་ཐོན་འབོར་རིམ་རྩིས་བྱས་ན་ཅི་ཝ157.2ཟིན་པ་དང་། དེས་གོ་ལ་ཧྲིལ་པོའི་ཐོན་འབོར་གྱི90%ཡན་བཟུང་ཡོད།

  • སློབ་གསོ་པུས2024ལོའི་སློབ་ཆེན་མཐར་ཕྱིན་སློབ་མའི་སྟོན་དུས་སློབ་རའི་གདན་ཞུའི་བྱེད་སྒོ་སྤེལ་ནས་ཆེད་དོན་གདན་ཞུ་ཐེངས40ཡན་བྱ་རྒྱུ་རེད།

  • ཁྲིམས་འཛིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་གི་རང་སྣང་ཁ་བྱང་གི་ཡིག་རྒྱུགས་སྐར་གྲངས་དེ་རིང་ཁྱབ་བསྒྲགས་བྱ་རྒྱུ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཚད་ལོན་སྐར་གྲངས108ཡིན་པ་རེད།

  • ཚེས29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་པས་བསྟན་དོན“ཐའེ་དབན་རང་བཙན”དང་ཐའེ་དབན་མཚོ་འགག་དབར་གྱི་ཞི་བདེ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་དུས་བབ་བརྟན་ལྷིང་ཡོང་བའི་རྙོག་འཛིང་གི་འབྱུང་ཁུངས་ཤིག་རེད།

  • དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་ཚེས29ཉིན་སྙན་ཞུ་ཁྱབ་བསྒྲགས་བྱས་ནས2023ལོའི་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྔོན་དཔག5.2%བར་མཐོ་རུ་བཏང་ཡོད།

2.jpg

  • ཚེས28ཉིན། ཀྲུང་གོས་ཅ་ཧྲ་ལ་རོགས་སྐྱོར་བྱས་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དངོས་ཟོག་རླངས་འཁོར8ཨེ་ཅིབ་ཏུ་དབོར་འགོ་ཚུགས་ནས་ལ་ཧྥ་འགག་སྒོ་བརྒྱུད་ཅ་ཧྲ་རུ་དབོར་རྒྱུ་ཡིན་པ་རེད།

སྤྱི་ཚོགས།

  • ཟླ11པའི་ཚེས29ཉིན་གྱི་མཚན་མོ་ནས་ཟླ12པའི་ཚེས1ཉིན་བར། མཁའ་རླུང་གྲང་མོའི་རྐྱེན་གྱིས་ཀུའེ་ཀྲོའུ་དང་། ཧུའུ་ནན། ཀོང་ཞི་སོགས་ས་ཁུལ་ཁ་ཤས་སུ་དྲོད་ཚད8~10℃བར་ཆག་པ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད10℃ཡན་ཆག་རྒྱུ་རེད།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་ཉེ་ཆར་གསར་གཏོད་སྨན་རྫས་རིགས1སྟེ་ཏ་ཤིས་ཉི་སྤྱིན་ཐུམ་ཁྲོམ་རར་འདོན་རྒྱུའི་ཆོག་མཆན་སྤྲད། དེ་གཉིད་མི་ཁུག་པའི་འགལ་རྐྱེན་གྱི་ནད་པའི་དུས་ཐུང་སྨན་བཅོས་ལ་སྤྱོད་རྒྱུ་རེད།

  • ཉེ་ཆར། རང་རྒྱལ་གྱིས་བཟོས་པའི་རྫས་རྡུལ་སྐྲན་ནད་སྨན་བཅོས་སྒྲིག་ཆས་ཧྲང་ཧའེ་རུའེ་ཅིན་སྨན་ཁང་དུ་དངོས་སུ་སྤྱོད་མགོ་ཚུགས་པ་དང་། བྱིས་པའི་སྐྲན་ནད་སོགས་སྨན་བཅོས་ཐད་ལག་རྩལ་གྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་རེད།

  • ལྕགས་ལམ་སྡེ་ཚན་གྱིས་ཕྱི་རྒྱལ་གྱི་འགྲུལ་པ་ཕྱིར་སྐྱོད་ཞབས་ཞུ་ལེགས་སུ་བཏང་ནས་ཕྱི་རྒྱལ་གྱི་ཐེམ་ཐོ་ཡོད་པའི་མིས་དྲ་ཐོག་ནས་ཐོབ་ཐང་ཞིབ་བཤེར་བྱེད་ཆོག

3.jpg

  • ཚེས29ཉིན། རང་རྒྱལ་གྱི་མཚོ་དོན་མི་མེད་ཐད་འཕུར་གནམ་གྲུ(海事无人直升机)ཁག་དང་པོ་ཧྲན་ཏུང་ཝུའེ་ཧའེ་རུ་རུ་བསྒྲིགས་ཡོད།

  • ཚེས29ཉིན། ཧོ་ནན་ཨན་དབྱང་ཧོང་ཆུས་ཆི(河南安阳红旗渠)གནམ་ཐང་དངོས་སུ་ཤར་གཏོང་ཐུབ་ནས་ཧོ་ནན་བྱང་རྒྱུད་ས་ཁུལ་གྱི་དམངས་སྤྱོད་མཁའ་འགྲུལ་ཞབས་ཞུའི་སྟོང་ཆ་བསྐངས་ཡོད།

4.jpg

  • ཚེས29ཉིན། གོ་ལ་ཧྲིལ་པོའི་ཤོང་ཚད་ཆེ་བའི་གློག་རྫས་མཉམ་འགུལ་འགྲུལ་སྐྱེལ་གྲུ་གཟིངས་ཐོག་མ་ཀོང་ཀྲོའུ་རུ་རྩིས་སྤྲོད་བྱས་པ་རེད།

5.jpg

  • ཚེས29ཉིན“པེན་ཏུང་ཏུང”ཆུ་ཕོ་འབྲུག་གི་དཔྱིད་གསར་དུས་ཆེན་གྱི་དམིགས་བསལ་པར་གཞི་སྟེ“ལུང་ཏུང་ཏུང”རྒྱལ་ཁབ་ལུས་རྩལ་ཐང་དུ་ཁྱབ་བསྒྲགས་བྱས་པ་རེད།

  • ཧུའུ་པེའི་ཧྲ་དབྱང་ཁྲེང་ཆུ་བོའི་གནའ་ཤུལ(湖北沙洋城河遗址)ནས་ད་བར་ལོ5000ཙམ་གྱི“ཆུ་རགས”ཀྱི་གནའ་ཤུལ་གསར་དུ་རྙེད་པ་དེས་འབྲི་ཆུའི་དབུས་རྒྱུད་ཀྱི་རྡོ་ཆས་གསར་པའི་དུས་རབས་ཀྱི་གནའ་མིའི་ཆུ་བཅོས་བློ་གྲོས་མངོན་པར་བྱས་ཡོད།

  • ཅང་ཤིས་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཡོངས་ཀྱི“AIརོལ་རྩེད་ཕྱིར་འགེལ(游戏外挂)”གྱི་ཁྲིམས་འགལ་ངང་ཁེ་བཟང་ལེན་པའི་གྱོད་གཞི་ཐོག་མ་དེ་རྩད་ཆོད་ནས་ཉེས་གསོག་དོགས་ཅན11བཟུང་བ་དང་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི3000ལྷག་ཙམ་ཟིན་ཡོད་པ་རེད།

སྲིད་ཇུས།

  • ཅང་ཤིས་སྨན་བཅོས་འགན་བཅོལ་ཅུས་དཀར་ཆག་གསར་པ་ཁྱབ་བསྒྲགས་བྱས། གློག་རྡུལ་རྣ་འཁྱིལ་གཤགས་བཅོས(电子耳蜗植入术)སོགས་རྣམ་གྲངས་ཁག192སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་པ་རེད།

  • སི་ཁྲོན་སྤྱི་བདེ་ལས་ཁུངས་ཀྱིས་གནས་སྐབས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཞིང་ཆེན་བརྒལ་ནས་ལས་སྒྲུབ་བྱེད་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཞིང་ཆེན་གཞན་གྱི་ཐེམ་ཐོ་ཡོད་པའི་གྲོང་མིས་སི་ཁྲོན་དུ་གནས་སྐབས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།

  • ཧྲན་ཤིས་ཀྱིས་ཚན་ཞིབ་མི་སྣ་ལས་བྲལ་ལས་གཏོད་བྱ་རྒྱུར་སྐུལ་ལྕག་བཏང་ནས་ཚན་ཞིབ་མི་སྣའི་ལས་གཏོད་ཀྱི་ལས་བྲལ་དུས་ཚད་ལོ3ནས་ལོ6བར་རིང་དུ་བཏང་བ་དང། དེའི་རིང་ཁེ་དབང་ཁག་ལ་ཤུགས་རྐྱེན་མི་ཐེབས་པ་བྱས་ཡོད།

དེ་རིང་གི་གནམ་གཤིས།

6.jpg

  • ཧྲན་ཏུང་ཕྱེད་གླིང་དང་། ཧེ་ལུང་ཅང་གི་ཤར་རྒྱུད་དང་དབུས་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད་དང་དབུས་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཁྲོན་ནུབ་ས་མཐོ་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བ་བར་རམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ཁྲོད། ཧྲན་ཏུང་གླིང་ཕྲན་གྱི་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་ཀྱི་རེད། ཧུའུ་པེའི་ལྷོ་རྒྱུད་དང་། ཧུའུ་ནན་གྱི་ས་ཆ་མང་ཆེ་བ། འབྲི་ཆུའི་ལྷོ་རྒྱུད། ཀུའེ་ཀྲོའུ། སི་ཁྲོན་གཤོང་ས་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་པ་དང་། དེའི་ནང་། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་ས་ཁུལ་དུ་ཆར་བ་ཆེན་པོ་འབབ་ཀྱི་རེད།


མཉམ་སྤྱོད།